མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

2024-04-08 08:45:01   |   1889

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས65པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་བྱབའི་སྙན་ཞུར་གསན་པ་དང་། འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

微信图片_20240408085254.jpg

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུ་དང་ཧུའུ་ནན་དུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་བསྟན་དོན། ཐོན་ཁུངས་ཀྱི་ལྷན་སྐྱེས་དང་ཐོན་ལས་ཀྱི་རྨང་གཞིའི་ལེགས་ཆར་བརྟེན་ནས "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"དང"བཟོ་ལས་ཡར་འཕེལ་ལོ"སོགས་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བར་དམིགས་ནས་རྩེར་སོན་ཁེ་ལས་དང་ཚན་ཞིབ་ཁང་ལ་མཉམ་ལས་བྱ་རྒྱུར་ཤུགས་སྣོན་པ་དང་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་བྱས་ཏེ་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་མཚོ་བྱང་གི་ཁྱད་ལྡན་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་རྒྱུར་ཤུགས་སྣོན་དགོས། རྒྱལ་ཁབ་པུའུ་ཨུ་དང་ཧྲན་ཏུང་ཞིང་ཆེན། ཀྲུང་གོའི་འབྲུ་རིགས་སྡེ་ཚོགས། གཏེར་ལྔ་སྡེ་ཚོགས། རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས། ཀྲུང་གོའི་ཧྭ་ཡང་སྡེ་ཚོགས་སོགས་རོགས་སྐྲུན་ས་ཁུལ་དང་ཀྲུང་དབྱང་ཁེ་ལས་ལ་འཚམས་འདྲི་དང་འབྲེལ་མཐུད་གྲུབ་འབྲས་དོན་འཁྱོལ་དམ་ཟབ་བྱེད་དགོས་པ་དང་། ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་རྒྱག་ནུས་པ་སོགས་འགྲན་རྩོད་ནུས་ཤུགས་ཅུང་ཆེན་པོ་ལྡན་པའི་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་གང་མགྱོགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བར་མཚོ་བྱང་གིས་བྱས་རྗེས་འཇོག་དགོས། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་མ་ལག་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་དམ་འཛིན་བྱ་གཞིར་བཟུང་སྟེ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱགས་ཀླུང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་མ་ལག་བཅོས་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སོགས་གཏོད་པར་དམིགས་ནས་མདོ་ལ་རྫོང་གི་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་གཏོད་པའི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་རྒྱུན་མཐུད་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། སྡེ་བའི(མཉམ་ལས་ཁང)"བཅུ་ལྡན"བཟོ་སྐྲུན་སྐུལ་འདེད་ཏན་ཏིག་གཏོང་བ། ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་ཀྱི་སྐོར་ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱས་ཏེ་ངེས་པ་དོན་གྱིས་ཕྱོགས་གང་ཅིའི་ཐད་ཀྱི་སྙིང་སྟོབས་སྐྱེད་པ་དང་ངར་ཤུགས་སློང་དགོས་ཟེར། 

微信图片_20240408085316.jpg

ཚོགས་འདུའི་ཐོག ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་དང<<ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག>>གི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་དགོངས་པ་གལ་ཆེན་དང་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས<<སྲོལ་ཡིག>>གི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཚད་གཞི་མཐོ་བ་དང་བླང་བྱ་ནན་མོས་སྐོར་ཞིབ་བྱ་བ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། སྐོར་ཞིབ་ཆབ་སྲིད་ཀྱི་ངེས་གནས་བརྟན་སྲུང་དང་། "སྲུང་སྐྱོང་གཉིས"ཀྱི་རྩ་བའི་ལས་འགན་ལ་དམིགས་པ། དབང་ཆ་དང་འགན་འཁྲིར་རྩེ་གཅིག་ཏུ་དམིགས་པ། "མགོ་ཁྲིད་གཙོ་བོ"དང་མགོ་ཁྲིད་ཚན་ཁག་ལ་རྩེ་གཅིག་ཏུ་དམིགས་པ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་འགལ་བ་དང་གནད་དོན་ལ་རྩེ་གཅིག་ཏུ་དམིགས་པ། ཆབ་སྲིད་ལྟ་སྐུལ་ཞིབ་ཕྲ་ཅན་དང་གནད་སྨིན་ཅན། རྒྱུན་ལྡན་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། འགན་འཁྲིའི་འདུ་ཤེས་དང་གོ་རིམ་གྱི་འདུ་ཤེས་བརྟན་དུ་བཏང་ནས་གནད་དོན་དག་ཐེར་བྱེད་རྒྱུ་དེ་ཏང་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་སྒྲུབ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་སྐོར་ཞིབ་གྲུབ་འབྲས་བེད་སྤྱོད་ཡག་པོ་བྱེད་དགོས་ཟེར།

微信图片_20240408085323.jpg

ཚོགས་འདུའི་ཐོག<<ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གི་གཞུང་དོན་སྣེ་ལེན་དོ་དམ་གཏན་འབེབས>>ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་གྲོན་ཆུང་ནན་ཏན་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཏང་སྲིད་ལས་ཁུངས་ཀྱི་རྒྱལ་ནང་གི་གཞུང་དོན་སྣེ་ལེན་གྱི་གཏན་འབེབས་སོ་སོ་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་། ཞིང་ཆེན་དང་ཁུལ་གྱི་ཞིབ་ཕྲའི་བྱ་ཐབས་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་གཞུང་དོན་སྣེ་ལེན་བྱ་བ་རྒྱུན་མཐུད་ངང་ཚད་ལྡན་དུ་བཏང་ནས“འཚོ་བ་བབ་ཆགས་སྐྱེལ་བའི་གོམས་འདྲིས”ཀྱི་བསམ་བློའི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས་ཤིང་། རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་ནས་མགྱོགས་མྱུར་ངང་རང་བཤེར་བྱེད་པ་དང་། འབྲེལ་ཡོད་ལམ་ལུགས་ལ་བཟོ་བཅོས་རྒྱག་རྒྱུ་མེད་པར་བཟོས་ནས《གཏན་འབེབས》ཀྱི་བླང་བྱ་སོ་སོ་ཞིབ་ཕྲ་བཟོ་བ་དང་དོན་ཐོག་ཏུ་འཁྱོལ་རྒྱུའི་འགན་ལེན་བྱེད་དགོས། གཞུང་དོན་སྣེ་ལེན་གྱི་བྱ་བ་དེ་སྐོར་ཞིབ་ལྟ་སྐུལ་གྱི་ཁྱབ་ཁོངས་ནང་བཅུག་ནས་གཞུང་དོན་སྣེ་ལེན་གྱི་སྒྲིག་འགལ་བྱ་སྤྱོད་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་ཤུགས་བསྣན་ནས་གཞུང་དོན་སྣེ་ལེན་གྱི་རྣམ་པ་གསར་པར་བརྟེན་ནས་བྱ་བའི་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ་དང་སྣང་བརྙན་བཟང་པོ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།

微信图片_20240408085329.jpg

ཚོགས་འདུའི་ཐོག ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་ཁྱབ་ཞིབ་བཤེར་ཐེངས་བཞི་པའི་གོ་སྐབས་གང་ལེགས་སྤྱད་དེ་རང་ཁུལ་གྱི་གནས་སྤོ་མི་ཐུབ་པའི་རིག་དངོས་ཀྱི་གྲངས་འབོར་དང་ཁྱབ་སྟངས། ཁྱད་ཆོས། ཉར་ཚགས་གནས་ཚུལ། ཁོར་ཡུག་གནས་ཚུལ་སོགས་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། གནའ་རྫས་རྟོག་ཞིབ་ཤེས་རྟོགས་ནས་འགྲེམས་སྟོན་བེད་སྤྱོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཁྱབ་པར་བྱེད་པ། སའི་སྟེང་འོག་དང་ཆུ་འོག་སོགས་བར་སྟོངས། དངོས་པོ་དང་གཟུགས་འདས་དངོས་པོ་རིགས་ཡོངས་ཀྱི་གཟུགས་འདས་རིག་གནས་སྲུང་སྐྱོབ་ཆེན་པོའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། “རིག་གནས་ལྔ”བསྐྲུན་རྒྱུ་སྤྱི་འདོམས་སུ་བྱས་ཏེ་གནའ་བོའི་གནའ་ཤུལ་སྣ་ཚོགས་ཆུ་ཚད་མཐོན་པོས་སྲུང་སྐྱོབ་དང་བེད་སྤྱོད་གཏོང་བ། 221རྟེན་གཞིའི་གནའ་ཤུལ་བེད་སྤྱོད་གང་ལེགས་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་ལག་ལེན་ཁང་ཡག་པོར་བསྐྲུན་པ་དང་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱས་ནས་མི་རིགས་རིག་གནས་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་ཤུགས་སྣོན་བྱས་ནས་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་ལྟེ་གནས་དང་། གཟུགས་འདས་ཤུལ་བཞག་རིག་གནས་གསར་གཏོད་ཁྲོམ་ར། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་བཟོ་ཁང་སོགས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ་དང་། “རིག་གནས་ལྔ”འགྲེམས་སྟོན་བྱེད་པའི་བརྗོད་དོན་དཔེ་སྐྲུན་དངོས་པོ་དང་རིག་རྩལ་བརྩམས་ཆོས། རིགས་པའི་གཞུང་ལུགས་ཞིབ་འཇུག་གི་གྲུབ་འབྲས་བཅས་ཁག་ཅིག་གསར་རྩོམ་བྱ་རྒྱུར་སྐུལ་མ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག 《ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་བཞི་པའི་སྐོར་ཞིབ་བྱ་བའི་གནས་ཚུལ་གྱི་ཕྱོགས་བསྡུས་སྙན་ཞུ》དང《ལྔ་བཅུ་བཞིའི་འཆར་འགོད་ཀྱི〈རྩ་གནད〉དུས་དཀྱིལ་གྱི་དཔྱད་དཔོག་སྙན་ཞུ》སོགས་ཀྱི་དོན་ཚན་ལ་གྲོས་ཞིབ་བྱས་ལ། ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་བཞི་པའི་སྐོར་ཞིབ་བྱ་བའི་གནས་ཚུལ་དང་མཚོ་བྱང་ཁུལ་གྱི2023ལོའི་དམིགས་འབེན་འགན་ཁུར་དཔྱད་ཞིབ་མཇུག་འབྲས་སོགས་ཀྱི་བྱ་བའི་སྙན་ཞུར་གསན།    

ཚོགས་འདུའི་ཐོག་ད་དུང་འབྲེལ་ཡོད་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།


མཉམ་སྤྱོད།