དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོང་ལས་དོན་ལ་ཕན་འབྲས་ཐོབ་པ།

2024-04-08 10:11:57   |   729

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐེངས་དྲུག་པའི་མཚོ་སྔོན་པོའི་མཚོ་བཀག་ཉ་གསོ་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཆབ་སྲིད་ཀྱི་གནས་བབ་ཆེ་རུ་གཏོང་བ། འབྱུང་རྩ་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། ཁྲིམས་འགལ་ངང་མཚོ་སྔོན་པོའི་གསེར་ཉ་འཛིན་པ་དང་བྲིན་ཚོང་། འཚོང་འདྲེན། བཟའ་སྤྱོད་བཅས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་ཀྱི་བདེ་འཇགས་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད་པ་རེད། 

རྩ་འཛུགས་ཀྱི་མགོ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང། བཀོད་སྒྲིག་ཞིབ་ཚགས་བྱས་པ། རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་ཐེངས་མང་འཚོགས་ནས་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གིས《མདའ་བཞི་རྫོང་གི་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སྲུང་སྐྱོང་གི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་ཀྱི་ཇུས་གཞི》གཏན་འབེབས་དང་པར་འགྲེམས་བྱས་པ་དང་། རྫོང་སྲིད་གཞུང་གི་ལས་བགོས་འགན་འཁུར་བློ་མཐུན་དེ་ཚན་གཙོ་ཡིན་པ་དང་། སྤྱི་བདེ་དང་ཕྱོགས་བསྡུས་ཁྲིམས་འཛིན་སོགས་ཚན་ཁག10དང་དེ་བཞིན་ཡུལ་ཚོ་དང་གྲོང་རྡལ་དེ་ཁོངས་མི་ཡིན་པའི་མཚོ་བཀག་ཉ་གསོའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། རྫོང་དང་ཡུལ་ཚོ། གྲོང་ཚོ་བཅས་ཀྱི་དུས་བཀག་གྲོས་མོལ་དང་ཁྲིམས་འཛིན་མཉམ་འགུལ་རོགས་ལས་སོགས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་འབྲེལ་འགན་འཁྲིའི་ས་ཁོངས་དབྱེ་ནས། ཡུལ་ཚོ་དང་གྲོང་རྡལ་ཁག་དང་གྲོང་ཚོ་ཁག་གི་བྱེད་པོའི་འགན་འཁྲི་ནན་ཏུ་བཏང་སྟེ། དྲ་མིག་ཅན་གྱི་དོ་དམ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་འཛུགས་མགོ་ཁྲིད་དོན་ཐོག་ཏུ་འཁྱོལ་བ་དང་། འགན་འཁྲི་ཁག་བགོས་གནད་ལ་འཁེལ་བ། ལས་དོན་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་ཐེངས་དྲུག་པའི་མཚོ་སྔོན་པོའི་མཚོ་བཀག་ཉ་གསོའི་ལས་དོན་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་། 

སྐོར་ཞིབ་ལྟ་སྐུལ་ལ་ཤུགས་བསྣན་ནས། ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་བ། མཚན་མོ་དུས་མཚམས་ཀྱི་ཁྲིམས་འགལ་ཉ་འཛིན་དང་ཆུ་རྒྱུད་གཙོ་བོ། སྐྱེལ་འདྲེན་གཙོ་གནད་ལམ་བར་བཅས་ཀྱི་མཚོ་བཤེར་བྱ་སྤྱོད་ཆེ་གྲས་ཐེངས5སྤེལ་བ་དང་རྒྱུན་རྣམ་ཅན་གྱི“མཚོ་རྙི་གཙང་སེལ་བྱ་སྤྱོད”སྤེལ་ཏེ། མཚོ་སྐོར་ཞིབ་བཤེར་རླངས་འཁོར་ཐེངས1230ལྷག་བཏང་ནས་ཞིབ་བཤེར་ཐེངས1230ལྷག་སྤེལ་བ་དང་།  ཁྲིམས་འཛིན་མི་སྣ6150ལྷག་སྒྲིག་འཛུགས་ཀྱིས་མཚོ་འགྲམ་སྐོར་ཞིབ་སྤྱི་ལེ74000ལྷག་བྱས། ལམ་བར་གྱི་རླངས་འཁོར1800ལྷག་ལ་ཞིབ་བཤེར་སྤེལ་པ་དང་། ཁྲིམས་འགལ་ཉ་འཛིན་གྱི་རླངས་འཁོར1དང་མི3རྩད་ཆོད་ནས་ཉེས་གསོག་རླངས་འཁོར་དང་དེ་བཞིན་ཉ་འཛིན་ལག་ཆ་རྩིས་ལེན་བྱས། མཚོ་རྙི60ལྷག་གཙང་སེལ་བྱས་ནས་གསེར་ཉ1700ལྷག་ཞིབ་བཤེར་གཞུང་བཞེས་བྱས། དེ་དང་ཆབས་ཅིག  བཟའ་བཏུང་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་བཟའ་བཏུང་བྱ་ཡུལ320ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། མཚོ་སྔོན་པོའི་གསེར་ཉ་ལས་སྣོན་དང་བྲིན་ཚོང་མི་བྱེད་པའི་འགན་འཁྲི་ཁས་ལེན་ཡི་གེ320ལྷག་ཙམ་བཞག་པ་རེད། 

དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས། “ཉ་སྲུང”གི་སྣང་ཚུལ་ལེགས་པོ་བསྐྲུན་པ། རྣམ་པ་མང་བའི་དྲིལ་སྒྲོག་བྱེད་སྒོ་སྤེལ་ནས་སྤྱི་བསྒྲགས་དང་ཡུལ་དངོས་སུ་སྒྲོག་འགྲེལ་བྱེད་པ། དྲིལ་སྒྲོག་རྒྱུ་ཆ་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་ཉའི་ཐོན་ལས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་དང་། ཁྲིམས་འགལ་ཉ་འཛིན་གྱི་དཔེ་མཚོན་གྱོད་གཞིར་རྡུང་རྡེག མང་ཚོགས་ཀྱི་གསེར་ཉ་སྲུང་སྐྱོང་གི་འདུ་ཤེས་དང་ཁྲིམས་སྐྱོང་འདུ་ཤེས་ཇེ་ཟབ་ཏུ་བཏང་། དེ་དང་ཆབས་ཅིག ཁྲིམས་བསྟར་མི་སྣ་དེ་མཛེས་ལྗོངས་ཁུལ་དང་ཟ་ཁང་། ཁྲོམ་རར་ཞུགས་པའི་བྱ་བའི་ལེགས་ཆར་དམིགས་ནས“ཁྲིམས་འཛིན+དྲིལ་སྒྲོག” ཟུང་འབྲེལ་གྱི་བྱ་བའི་ལས་སྟངས་ལག་བསྟར་བགྱིས་ནས་ཟ་ཁང་དུ་སྤྱི་ཕན་བརྡ་ཁྱབ400ལྷག་སྦྱར་པ་དང་། མཛེས་ལྗོངས་ཁུལ་ཉེ་འཁོར་གྱི་མངོན་གསལ་དོད་སར་ཉེན་བརྡ་བྱང་བུ་དང་དྲིལ་སྒྲོག་བྱང་བུ25བཙུགས། “བདེ་བརྟན་མདའ་བཞི”དང“མདའ་བཞི་སྲིད་དོན”སོགས་སྐད་འཕྲིན་སྤྱི་སྟེགས་སུ་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོང་གི་སྲིད་ཇུས་དོན་ཚན30སྤེལ་ནས་ལྟ་ཀློག་མི་གྲངས5380ལྷག་སླེབས་ཡོད།


མཉམ་སྤྱོད།