མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

དཔྱིད་ཀའི་བདེ་འཇགས་གསལ་འདེབས།

2024-04-08 10:28:56   |   109

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཨ་མདོ་བརྙན་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


ནམ་ཟླ་དཔྱིད་ཀྱི་དུས་ལ་སླེབས་ནས། ས་ཕྱོགས་སོ་སོ་ན་ཡུལ་སྲོལ་གྱི་བྱེད་སྒོ་རབ་དང་རིམ་པ་ངང་གིས་མགོ་རྩོམ་བཞིན་པ་དང་། ཞོར་ལས་པ་ཕྱི་ལ་ལས་ཀར་འགྲོ་མཁན་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། རྒྱ་ཆེའི་ལས་བྱེད་མང་ཚོགས་ཡོངས་ནས་བདེ་འཇགས་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་མངོན་མིན་རྐྱེན་ངན་དང་བདེ་འཇགས་དོན་རྐྱེན་སྣ་ཚོགས་ལ་དོགས་ཟོན་ནན་མོ་བྱ་དགོས་ཀྱི་ཡོད་པས། གཤམ་གྱི་ཤ་ཚའི་གསལ་འདེབས་འདི་བཏང་བ་ཡིན།

a81bed823aa7cd44b20cb43f704aa15.jpg 

གཅིག

ནམ་ཟླ་ཇེ་དྲོ་རུ་ཕྱིན་པ་དང་བསྟུན་ནས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་མགོ་བརྩམས་ཡོད་ལ། ཕྱི་ལ་ཞོར་ལས་སུ་འགྲོ་མཁན་ཡང་ཇེ་མང་དུ་ཕྱིན་ཡོད་པས། ཀུན་གྱིས་ཐོན་སྐྱེད་བདེ་འཇགས་དང་འགྲིམ་འགྲུལ་བདེ་འཇགས་ཀྱི་ཐད་ནས་དོགས་ཟོན་མཐོར་འདེགས་བྱ་དགོས།

2.jpg

   གཉིས།

དཔྱིད་ཀྱི་དུས་ལ་རླུང་ཆེ་བས། རི་བསང་གཏོང་བ་དང་སྤྱི་བསང་ཕུད་པ་སོགས་ཀྱི་སྐབས་སུ་མེ་སྐྱོན་འབྱུང་བར་གཟབ་དགོས་པར་མ་ཟད། ཁོར་ཡུག་ལ་སྦག་བཙོག་བཟོ་མི་རུང་།

3.jpg

གསུམ།

དཔྱིད་ཀྱི་དུས་སུ་ནམ་ཟླའི་ཇེ་དྲོར་ཕྱིན་པ་དང་བསྟུན་ནས། ནད་འབུའི་རིགས་ཀྱི་སྐྱེ་འཕེལ་ཧ་ཅང་མགྱོགས་པས། ཆམ་རིམས་སོགས་འགོས་ཁྱབ་རང་བཞིན་ཆེ་བའི་ནད་རིགས་འབྱུང་བར་སྔོན་འགོག་དང་གཟབ་གཟབ་བྱ་དགོས།

4.jpg

བཞི།

དཔྱིད་ཀྱི་དུས་ནི་འབྱུང་ཁམས་ཀྱི་སྐྱེ་དངོས་ཐམས་ཅད་དབུགས་སོས་བཞིན་པའི་སྐབས་ཡིན་པས། གཏོར་བརླག་ཕྲ་མོ་ཙམ་གྱིས་ཀྱང་གནོད་པ་ཚབས་ཆེན་བཟོ་སྲིད་པས། ང་ཚོ་མི་རེ་རེས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་དང་དུ་བླངས་ནས་ལྗང་མདོག་གི་ཕ་ཡུལ་ལ་སྲུང་སྐྱོབ་བྱ་དགོས།

5.jpg

ལྔ། 

ཡུལ་སྲོལ་གྱི་བྱེད་སྒོ་ཅི་རིགས་སྤེལ་བའི་སྐབས་སུ། ལུགས་དང་མཐུན་ཞིང་ཚད་དང་རན་པའི་སྒོ་ནས་སྤེལ་བ་ལས། རྒྱ་ཆེ་དྲགས་པ་དང་ཚད་ལས་འདས་པའི་ཆུད་ཟོས་དང་འཛད་གྲོན་ཆེན་པོ་བྱེད་པ་སྔོན་འགོག་བྱ་དགོས་པར་མ་ཟད། བྱེད་སྒོའི་སྐབས་ཀྱི་བདེ་འཇགས་ལ་དུས་དང་རྣམ་པ་ཀུན་ཏུ་གཟབ་གཟབ་བྱ་དགོས།

6.jpg


མཉམ་སྤྱོད།