དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས“སྐར་མ15མཚམས་ཀྱི་རྒན་གསོའི་ཞབས་ཞུའི་ཁུལ”ཧུར་ཐག་གིས་བསྐྲུན།

2024-04-08 15:46:15   |   297

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་རྒན་རྒོན་གྱི་སྣ་མང་ཅན་དང་རིམ་པ་དུ་མའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་སྐོང་རྒྱུ་ལྟེ་བར་བྱས་ཏེ། ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་ཤིང་སྐུལ་འདེད་ཤུགས་ཆེར་བཏང་། རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་དྲ་རྒྱ་ཅན་གྱི་ཁྱབ་རྡལ་ལ་སྐུལ་འདེད་ཏན་ཏིག་ཏུ་བཏང་བས“སྐར་མ15མཚམས་ཀྱི་རྒན་གསོའི་ཞབས་ཞུའི་ཁུལ”ཧུར་ཐག་ཏུ་བསྐྲུན་ལ། རྒན་རྒོན་ཚོར་སྔར་བས་ཚད་ལྡན་དང་། སྔར་བས་ཚུལ་མཐུན། སྔར་བས་ཆེད་ལས་ཅན་གྱི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་ཤིང་། རྒན་རྒོན་ཚོགས་སྤྱིའི་ཚེ་མཇུག་གི་བདེ་སྐྱིད་སེམས་དང་བརྩེ་བས་བསྲུངས།

ལམ་ལུགས་ནན་མོར་བརྟེན་ནས་རྒན་གསོའི་ཞབས་ཞུ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། རྫོང་ཁོངས་ཀྱི་དོན་དངོས་དང་དེ་བཞིན་རྒན་རྒོན་གྱི་ལུས་ཤུགས་ཉམས་པའི་གནས་ཚུལ། རྒན་རྒོན་ནམ་ཡང་ན་ཁྱིམ་མིའི་སྒྱུར་བཀོད་འདོད་བློ། ལྟ་སྐྱོང་ཞབས་ཞུ་བྱ་ཡུལ་གྱི་མི་རིགས་འཚོ་བའི་གོམས་སྲོལ་བཅས་ལ་གཞིགས་ནས་རིགས་དབྱེ་སྒོས་སྒྱུར་བཀོད་བྱས་ཤིང་། 《མདོ་ལ་རྫོང་གི་རྒན་རྒོན་སྒྱུར་བཀོད་སྒྲིག་བཀོད་དང་སྒྲིག་ཆས་དོ་དམ་བྱ་ཐབས》། 《ཁྱིམ་སྡོད་རྒན་གསོའི་སྒོ་བཅར་ཞབས་ཞུའི་ཚད་གཞི》སོགས་དོ་དམ་བྱ་ཐབས་གཏན་འབེབས་བྱས། དེ་དང་ཆབས་ཅིག “མི་རེར་བྱང་བུ་གཅིག”གི་རྩ་དོན་གཞིར་བཟུང་རྒན་འཚམས་སྒྱུར་བཀོད་ལོངས་སུ་སྤྱོད་པའི་རྒན་རྒོན་ལ་དངོས་མིང་ཐོ་འགོད་བྱས་པའི་གསལ་རྟོགས་བྱང་བུ་སྤྲད་དེ་ལྟ་སྐུལ་དང་ཞབས་ཞུའི་ཁ་པར། སྒྱུར་བཀོད་གསལ་ཐོ་བཅས་ཡོངས་བསྒྲགས་བྱས་ཤིང་། རྒན་རྒོན་ནམ་ཡང་ན་ཁྱིམ་མིས་རྒན་འཚམས་སྒྱུར་བཀོད་རྣམ་གྲངས་ལ་ལྟ་སྐུལ་བྱས་ཆོག

ཕུན་སུམ་ཚོགས་པའི་ཞབས་ཞུའི་ནང་དོན་ལ་བརྟེན་ནས་རྒན་གསོའི་ཞབས་ཞུ་ཞིབ་ཚགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། རྒྱལ་ཡོངས་ཀྱི་ཁྱིམ་སྡོད་དང་སྡེ་ཁུལ་གྱི་རྒན་གསོ་སྒྱུར་བཅོས་ཚོད་ལྟ་ཁག་བཞི་པ་གོ་སྐབས་སུ་བྱས་ཏེ། དེ་སྔར་སྲིད་གཞུང་གིས་ཉོ་སྒྲུབ་བྱས་པའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་གསལ་ཐོའི་ཁྲོད་ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་མཐོར་འདེགས་བྱ་སྤྱོད་རྣམ་གྲངས་ཀྱི་གསལ་ཐོའི་ནང་དོན་ཚུད་དུ་བཅུག་པ་དང་འབྲེལ། རྫོང་ཁོངས་ཀྱི་བོད་སྨན་ཁང་སོགས་སྨན་བཅོས་སྒྲིག་གཞི་དང་མཉམ་འབྲེལ་སྒོས་ཆེད་ལས་སྨན་བཅོས་ཞབས་ཞུ་ནང་འདྲེན་བྱས་ཏེ་རྒན་གསོའི་ཞབས་ཞུའི་སྤུས་ཚད་སྔར་བས་མཐོར་འདེགས་སུ་བཏང་ལ། གཞི་རྩའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་འགན་ལེན་བྱས་ཡོད། མཁར་གྲོང་ཉིན་མོའི་ལྟ་སྐྱོང་ལྟེ་གནས་དང་སྡེ་བ་རིམ་པའི་རོགས་རེས་བདེ་སྐྱིད་གླིང་སོགས་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད16འཛུགས་སྐྲུན་བྱས་ནས་རྫོང་དང་ཡུལ་གྲོང་བཅས་རིམ་པ་གསུམ་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་དྲ་རྒྱ་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་རྣམ་པ་རིམ་བཞིན་ཆགས་པར་བྱས།

ཞབས་ཞུའི་ཆུ་ཚད་ཏན་ཏིག་ངང་རྒན་གསོའི་ཞབས་ཞུ་ཞིབ་ཚགས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་བ། རྫོང་ཡོངས་ཀྱི་རྒན་གསོའི་སྒྲིག་གཞི་དང་རྒན་གསོའི་ཞབས་ཞུའི་སྒྲིག་བཀོད་ལྟ་སྐྱོང་བ་ཁྱོན14ཡོད་པ་ཚང་མར་ལྟ་སྐྱོང་ཆེད་ལས་ཐོབ་ཐང་ལག་ཁྱེར་ཐོབ་པ་དང་། ལྟ་སྐྱོང་མི་སྣས་ལག་ཁྱེར་འཁྱེར་ནས་ལས་གནས་སུ་ཞུགས་ཚད100%ཟིན་ནས་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་བས་ཇེ་མཐོར་ཕྱིན་ཡོད། དེ་དང་ཆབས་ཅིག ཁྱིམ་སྡོད་རྒན་རྒོན་ཁྱིམ་ཚང156ལ་ཟས་རོགས་ཞབས་ཞུ་དང་ཁྱིམ་ཚང་གི་གཙང་སྦྲ། མི་ཆོས་ཐུགས་ཁུར། སྐྲ་བཞར་བ། ལུས་པོ་བཀྲུ་བ་སོགས་ཀྱི་ཞབས་ཞུ་མཁོ་འདོན་སྒོས་དུས་བཀག་ལྟར་རྣམ་གྲངས་ཞབས་ཞུའི་ཁེ་ལས་ཀྱི་ཞབས་ཞུའི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་ཡོ་བསྲང་བྱས་པ་དང་། ཡོངས་བསྒྲགས་འོས་སྐུལ་བྱས་པ་བརྒྱུད་ཕྱོགས་གསུམ་པའི་སྤྱི་ཚོགས་སྒྲིག་གཞིར་མངགས་བཅོལ་ཐོག་སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པར་ཆེད་ལས་དཔྱད་དཔོག་བྱས་པ་དང་། ཞབས་ཞུ་བྱ་ཡུལ་གྱི་སྤྱིའི་བློ་ཡིད་ཚིམ་ཚད94%ཟིན་པ་དང་ཞབས་ཞུ་མི་སྣའི་བློ་ཡིད་ཚིམ་ཚད98%ཟིན་ཡོད།


མཉམ་སྤྱོད།