མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་བརྡ་ཐོ་བཀྲམས།

2024-04-08 15:52:50   |   2850

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱིས་ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས།

བརྡ་ཐོ་ལས་བསྟན་དོན།   བཟོ་བཅོས་བྱས་རྗེས་ཀྱི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་ཆེད།   ཏང་ཀྲུང་དབྱང་འཐད་པ་བྱུང་བ་བརྒྱུད།   2024ལོའི་ཟླ4པ་ནས་ཟླ7པའི་བར་དུ།  ཏང་ཡོངས་སུ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་རེད།

བརྡ་ཐོ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱིས་ཏང་སྲོལ་ཏང་ཁྲིམས་ལ་དོ་ཁུར་མི་བྱེད་པ་དང་རྒྱུས་ལོན་མི་བྱེད་པ། ངོས་འཛིན་མི་བྱེད་པ་སོགས་ཀྱི་གནད་དོན་གཅིག་བསྡུས་སྒོས་ཐག་གཅོད་པ་དང་། ཏང་ཡོན་དང་ལྷག་པར་དུ་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་སྲོལ་ཡིག་སློབ་སྦྱོང་ནན་མོ་བྱས་ཏེ་སྒྲིག་ཁྲིམས་སློབ་སྦྱོང་དང་སྒྲིག་ཁྲིམས་ཤེས་རྟོགས། སྒྲིག་ཁྲིམས་སྲུང་ཐུབ་པ་བཅས་བྱེད་དགོས་ལ། ཏང་གི་སྒྲིག་ཁྲིམས་སྒྲིག་སྲོལ་ནི་ཅི་ཞིག་ཡིན་པར་ཤེས་རྟོགས་ཟབ་མོ་བྱེད་པ་དང་ཅི་ཞིག་སྒྲུབ་ཆོག་པ་དང་ཅི་ཞིག་སྒྲུབ་མི་ཆོག་པ་དེར་ཤེས་རྟོགས་ཟབ་མོ་བྱེད་པ། སྒྲིག་བརྩི་ཁྲིམས་སྲུང་སེམས་སུ་འཇགས་པར་བྱས་ནས་གཏམ་སྦྱོར་གྱི་ཚད་གཞིར་འགྱུར་བར་བྱེད་པ་དང་།  སྒྲིག་ཁྲིམས་ཀྱི་འདུ་ཤེས་སྔར་ལས་ཇེ་དྲག་དང་རང་གཅུན་རང་འདོམས་ལ་སྔར་ལས་ཤུགས་སྣོན། འགོག་སྲུང་ནུས་པ་སྔར་ལས་མཐོར་འདེགས་གཏོང་བ།  ཆབ་སྲིད་ཀྱི་ངེས་ཤུགས་དང་སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས།  རུལ་འགོག་གི་ངེས་ཤུགས་བཅས་ཇེ་དྲག་ཏུ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་བློ་དཀར་སྤྱོད་གཙང་དང་ཁག་ཁུར་བྱེད་དགོས་པ་གཏན་འཁེལ་གསལ་བོ་བྱས་ཡོད།

བརྡ་ཐོའི་ནང་ནན་གྱིས་བསྟན་དོན།    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་ཟིམ་འདྲེས་ཡོང་བར་བྱེད་པ་དང་དུས་རྒྱུན་དམ་འཛིན་བྱེད་རྒྱུར་དོ་སྣང་བྱེད་དགོས། ཇི་མ་ཇི་བཞིན་དུ་སློབ་སྦྱོང་དང་། སྒེར་གྱི་སློབ་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས། སྤྱོད་གཙང་སྒྲིག་ཁྲིམས། མང་ཚོགས་སྒྲིག་ཁྲིམས། བྱ་བའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལ་ཞིབ་བསྡུར་བྱེད་པར་དམ་དུ་དམིགས་ནས་སྲོལ་ཡིག་སེམས་སུ་འཇགས་པར་བྱེད་དགོས།  ཉེན་ཟོན་སློབ་གསོར་ཤུགས་སྣོན་དང་སྒྲིག་ཁྲིམས་དང་འགལ་བའི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་ཟབ་མོ་བྱེད་པ། རང་གི་ཉེ་འགྲམ་གྱི་དོན་དག་ལ་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བར་དོ་སྣང་བྱས་ཏེ་ཏང་ཡོན་དང་ལས་བྱེད་པར་ཉེན་བརྡ་ཐེབས་པ་དང་ཚད་མཐའ་རྟོགས་པ། གུས་སྐྲག་ཤེས་པར་བྱེད་དགོས།  འགྲེལ་ཀློག་དང་གསོ་སྦྱོང་ལ་ཤུགས་བསྣན་ནས་སྲོལ་ཡིག་ལ་རྒྱུས་ལོན་དང་དེ་བཀོལ་སྤྱོད་ཟབ་མོ་བྱེད་དགོས། 2024ལོར་རྫོང་གི་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ཚན་ཁག་གི་དམངས་གཙོ་འཚོ་བའི་གྲོས་ཚོགས་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་འཚོ་བའི་གྲོས་ཚོགས་ཀྱིས་སྲོལ་ཡིག་སློབ་སྦྱོང་དང་དེ་ལག་བསྟར་བྱས་པའི་གནས་ཚུལ་དེ་ཞིབ་བཤེར་གྱི་ནང་དོན་གཙོ་བོར་བརྩི་དགོས།

བརྡ་ཐོའི་ནང་དུ།   རིམ་པ་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ་རྩ་འཛུགས་ལག་བསྟར་ཞིབ་མོ་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ཤུགས་སྣོན་དགོས།  དྲིལ་སྒྲོག་ཁྲིད་སྟོན་བྱ་བ་བཟང་བོར་སྒྲུབ་ནས་ཕྱི་ཚུལ་རིང་ལུགས་ལ་མཐའ་གཅིག་ཏུ་འགོག་རྒོལ་བྱེད་དགོས་པའི་བླང་བྱ་བཏོན།


མཉམ་སྤྱོད།