དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-09 07:28:37   |   2694

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ཟླ4ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཝེ་ཐེ་ནམ(越南)རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཐིང་ཧུའེ(王廷惠)དང་མཇལ་འཛོམས་གནང་བ་རེད།

2.jpg

  • ཟླ4ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེའི་མེ་ལི་ཨའེ་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མེ་ལི་ཨའེ(梅里埃)བཟའ་ཟླ་དང་མཇལ་འཛོམས་གནང་བ་རེད།

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། སུའུ་ལི་ནན(苏里南)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁྲང་ཏེ་ལི་ཁ་ཕེར་ས་ཏེ·ཏན་ཏུའོ་ཅི(昌德利卡佩尔萨德·单多吉)ཟླ4ཚེས11ནས17ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ཆར《རེས་སྐོར་གསར་པའི་འབྲུ་རིགས་ཐོན་ནུས་མཐོར་གཏོང་གི་བྱ་སྤྱོད་ཇུས་གཞི(2024—2030ལོ་བར)》པར་འགྲེམས་བྱས་པ་རེད།

  • ནོར་སྲིད་པུས་ཉེ་ཆར་ཆུ་བེད་པུའུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཆུ་བེད་གེགས་སེལ་མ་དངུལ་སྒོར་དུང་ཕྱུར1.74བཏང་སྟེ། ཡུན་ནན་དང་སི་ཁྲོན་གྱི་གནོད་འཚེ་ཕོག་ཁུལ་གྱི་ཐན་འགོག་གེགས་སེལ་སོགས་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས།

  • ཚེས8ཉིན། རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་རྫོང་ཁོངས་ལྟ་སྐུལ་དོ་དམ་ཉིང་ལག་ཅུ་ཡིས་གཅིག་གྱུར་ཐོག་སྒོ་བྱང་བཀལ་བ་རེད།

  • ཉེ་ཆར། རང་རྒྱལ་གྱིས་གྲོང་ཁྱེར་གྱི་གྲོང་ཁུལ683གྱི་ཁྱབ་ཁོངས་གཏན་འཁེལ་ཐེངས་དང་པོ་བྱས་པ་རེད།

  • ཚེས7ཉིན་བར། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་སྒྲིག་གཞི12367ཞབས་ཞུའི་ལས་སྟེགས་ཀྱིས་ལོ་གསུམ་རིང་རིམ་རྩིས་བྱས་ན་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཁ་པར་ཐེངས་ཁྲི1091.6སྦྲེལ་མཐུད་བྱས་པ་དང་། ཞབས་ཞུའི་ཁྱབ་ཁོངས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ143ཚུད་ཡོད་པ་རེད།

3.png

  • ཟླ་བ་ལྔ་ལྷག་ཙམ་གྱི་ལྷོ་སྣེར་ཚན་རིག་རྟོག་ཞིབ་བྱས་རྗེས། ཀྲུང་གོས་རང་བརྟེན་བཟོ་སྐྲུན་བྱས་པའི་གླིང་སྣེའི་ཚན་རིག་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་གཟིངས“གངས་འབྲུག་ཨང་གཉིས”རྟགས་ཅན་ཚེས8ཉིན་ཞང་ཀང་དུ་ཐེངས་དང་པོ་བསྐྱོད་དེ་དུས་ཡུན་ཉིན་ལྔའི་བྱེད་སྒོ་སྤེལ་རྒྱུ་རེད།

སྤྱི་ཚོགས།

  • མ་འོངས་པའི་ཉིན་གསུམ་རིང་། ཧྭ་བྱང་དང་བྱང་ཤར་ས་ཁུལ་དུ་དྲོད་ཚད་མར་ཆག་པ་དང་ཆར་ཆུ་འབབ་པའི་གནམ་གཤིས་ཡོད་དེ། དྲོད་ཚད་ཡོངས་ཁྱབ་ཏུ4℃ནས་8℃བར་མར་ཆག་པ་དང་། ས་ཁུལ་ཁ་ཤས་སུ་དྲོད་ཚད10℃ཡན་ལ་མར་ཆག་རྒྱུ་རེད།

4.jpg

  • ཉེ་ཆར། ཀྲུང་གོ་རྡོ་སྣུམ་རྫས་འགྱུར་བཟོ་ལས་ཚོགས་པ་སྤྱི་གཉེར་གྱིས་ཧའེ་ནན་དུ་བཀོད་སྒྲིག་བྱས་པའི་ཕུའུ་ཧྲེན་ཚ་ཁྲོན1བདེ་བླག་ངང་གསོར་འབིགས་བྱས་པ་དང་། ཁྲོན་པའི་གཏིང་ཚད་སྨི5200ཟིན་ནས་རང་རྒྱལ་གྱི་ས་འོག་ཚ་ནུས་ཚན་རིག་འཚོལ་ཞིབ་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

  • 2024ལོར་ཐོ་འགོད་རྩིས་པའི་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལེན་བྱེད་མགོ་ཚུགས་པ་དང་། མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ4ཚེས8ཉིན་གྱི་ཞོགས་པའི་ཆུ་ཚོད8པ་ནས་ཟླ4ཚེས30ཉིན་གྱི་དགོང་མོའི་ཆུ་ཚོད8པ་བར་ཡིན།

  • ཧེང་ཆིན(横琴)འགག་སྒོའི་རླངས་འཁོར་མཉམ་གཏོང་ཞིབ་བཤེར་ཚོམས་ཆེན་ཚེས9ཉིན་སྤྱོད་འགོ་ཚུགས་ཤིང་། དེ་ཧེང་ཆིན་འགག་སྒོའི་འགག་སྒྲོལ་ས་ཁོངས་ཕྱོགས་ཡོངས་ནས་སྤྱོད་མགོ་ཚུགས་པ་མཚོན་ཡོད།

  • ཚེས7ཉིན། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུ་ཡིས་ཀོང་ཏུང་ཀོང་ཀྲོའུ་རུ་ཁ་ལོ་བ་མེད་པའི་མི་བཞུགས་མཁའ་འགྲུལ་ཡོ་བྱད་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་ཐོག་མ་དེ་དངོས་སུ་སྤྲད་པ་རེད།

5.jpg

  • མཚོ་སྔོན་ཚྭ་འདམ་གཤོངས་སར་གསེར་གཏེར་ཆེ་གྲས་ཤེས་རྟོགས་བྱུང་བ་དེས་མངོན་མེད་དཔལ་འབྱོར་རིན་ཐང་སྒོར་དུང་ཕྱུར200ལྷག་ཙམ་ཟིན་གྱི་ཡོད།

  • འབྲི་ཆུའི་ཨན་ཧུའེ་ཨན་ཆིང་དུམ་བུར་ཉེ་ཆར་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་རི་སྐྱེས་ཆུ་ཕག(江豚)ཁྱུ་ཚོགས་ཤེས་རྟོགས་བྱུང་།

  • ཉེ་ཆར། ཁུ་ཁུ་ཞི་རིའི་ནགས་ཚལ་ཉེན་རྟོག་པས་སྲུང་སྐྱོང་ཁུལ་གྱི་མཐའ་མཚམས་སུ་ཁྲིམས་འགལ་ངང་མི་མེད་ཁུལ་དུ་བསྐྱོད་རྒྱུའི་རེ་ངན་བཅངས་པའི་བྱེས་བགྲོད་ཚོགས་པ་ཁག་གཅིག་བདེ་བླག་ངང་བཀག་འགོག་བྱས་པ་རེད།

6.png

  • ཧོ་ནན་ཧྲང་ཆིའུ(河南商丘)རླངས་འཁོར་གཉིས་གདོང་ཐུག་བརྒྱབ་ནས་མེ་ཤོར་བ་དང་། འགྲོ་མི་ཧྥན་ཨེན་དང་ལི་པིན་གྱིས་འཕྲལ་དུ་རྨས་སྐྱོན་ཕོག་མཁན་བསྐྱབས་ནས་དུས་ཐོག་ཏུ་མེ་བསད་པ་རེད།

སྲིད་ཇུས།

  • པེ་ཅིང་གིས་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་སྤྱད་དེ། སྐར་མ་གཉིས་ཡན་གྱི་ལྗང་མདོག་འཛུགས་སྐྲུན་དང་སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་ནམ་ཡང་ན་ནུས་ཁུངས་ཟད་གྲོན་ཆེས་དམའ་བའི་འཛུགས་སྐྲུན་ལས་བཟོར་དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར་ཁྲི40བཏང་རྒྱུའི་གཏན་འབེབས་བྱེད་རྩིས་ཡོད་པ་རེད།

  • ཧྲན་ཞི(山西)ཡིས་གཏེར་རིའི་ཁེ་ལས་ཀྱི་བདེ་འཇགས་དོ་དམ་རིམ་པ་རིམ་པ་གསུམ་ལས་བརྒལ་མི་ཆོག་པ་དང་། གོང་རིམ་འགན་འཁུར་བས་ཟླ་རེར་ཁོངས་གཏོགས་ཀྱི་གཏེར་རིའི་བདེ་འཇགས་ཞིབ་བཤེར་ཐེངས་གསུམ་ལས་མི་ཉུང་བ་བྱེད་དགོས་པའི་བླང་བྱ་བཏོན།

  • ཧྲའན་ཞི (陕西)ཡིས་དམིགས་བསལ་གྱི་ལས་ཀའི་རླངས་འཁོར་ཕུད་ཞིང་ཆེན་རིམ་པ་དེ་གའི་གཞུང་སྤྱོད་རླངས་འཁོར་གསར་སྣོན་དང་གསར་སྒྱུར་བྱེད་པའི་ཁྲོད་ནུས་རྒྱུ་གསར་པའི་རླངས་འཁོར་བཀོད་སྒྲིག་གི་བསྡུར་ཚད་དེ40%ལས་མི་དམའ་བ་བྱེད་དགོས་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

7.jpg

  • བོད་ལྗོངས་ཀྱི་ནུབ་རྒྱུད་དང་། བྱང་ཤར་རྒྱུད། མཚོ་སྔོན་གྱི་ནུབ་རྒྱུད། དབུས་ཤར་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། དེའི་ཁྲོད་བོད་ལྗོངས་ཀྱི་བྱང་ཤར་རྒྱུད་དང་། མཚོ་སྔོན་གྱི་དབུས་རྒྱུད་དང་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཁ་བ་ཆེན་པོ་འབབ་རྒྱུ་རེད། ཞིན་ཅང་བྱང་རྒྱུད་ཀྱི་བྱང་རྒྱུད་དང་། ནང་སོག་གི་དབུས་རྒྱུད། ཧྭ་བྱང་གི་ས་ཆ་མང་ཆེ་བ། ཀན་སུའུ་ཡི་དབུས་ལྷོ་རྒྱུད། ཉིང་ཞ། ཧྲའན་ཞིའི་བྱང་རྒྱུད་དང་ནུབ་རྒྱུད། སི་ཁྲོན་གཤོངས་སའི་ས་ཆ་མང་ཆེ་བ། ཁྲུང་ཆིང་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་རེད། དེའི་ཁྲོད་བོད་ལྗོངས་ཤར་ལྷོའི་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།