མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས09ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-15 06:53:41   |   1074

སྒྲིག་སྒྱུར།   སངས་རྒྱས་སྐྱིད།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཨ་སྒོར་དུང་ཕྱུར་ཁྲི5.94ཟིན་ཞིང་། དེའི་ནང་ཕྱིར་གཏོང་གིས་ཨ་སྒོར་དུང་ཕྱུར་ཁྲི3.38ཟིན་ལ་ལོ15ལ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད།

  • ཚེས14ཉིན། རྒྱལ་ཁབ་བདེ་འཇགས་པུས་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དཔེ་མཚོན་གྱོད་གཞི་ཁག5ཡོངས་བསྒྲགས་བྱས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐེངས་གྲངས4541བཏང་བ་དང་དངོས་ཟོག་ཚད་ལྡན་སྒམ་ཁྲི49.3སྐྱེལ་འདྲེན་བྱས་ཤིང་། དུས་མཚུངས་ལས་སོ་སོར9%དང10%འཕར་ཡོད།

  • དེ་རིང་སྐབས135པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་ཚོགས་འདུ་ཀོང་ཀྲོའུ་རུ་སྤེལ་རྒྱུ་རེད།

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཨ་སྒོར་དུང་ཕྱུར་ཁྲི5.94ཟིན་ཞིང་། དེའི་ནང་ཕྱིར་གཏོང་གིས་ཨ་སྒོར་དུང་ཕྱུར་ཁྲི3.38ཟིན་ལ་ལོ15ལ་བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད།

  • ཚེས14ཉིན། རྒྱལ་ཁབ་བདེ་འཇགས་པུས་རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་གཏོང་བའི་དཔེ་མཚོན་གྱོད་གཞི་ཁག5ཡོངས་བསྒྲགས་བྱས།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་ཀྲུང་གོ་དང་ཡོ་རོབ་ཀྱི་དུས་གཏན་མེ་འཁོར་ཐེངས་གྲངས4541བཏང་བ་དང་དངོས་ཟོག་ཚད་ལྡན་སྒམ་ཁྲི49.3སྐྱེལ་འདྲེན་བྱས་ཤིང་། དུས་མཚུངས་ལས་སོ་སོར9%དང10%འཕར་ཡོད།

  • དེ་རིང་སྐབས135པའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་ཟོག་ཉོ་ཚོང་ཚོགས་འདུ་ཀོང་ཀྲོའུ་རུ་སྤེལ་རྒྱུ་རེད།

    02.jpg

  • འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཏུན130རིམ་པའི་བསྐྱར་བཀོལ་བྱས་ཆོག་པའི་གཤེར་དབྱང་རྡོ་སྣུམ་སྒུལ་བྱེད་འཕྲུལ་འཁོར་གྱིས་བསྐྱར་ཟློས་ཚོད་ལྟ་ཐེངས15བྱས་པ་ལེགས་གྲུབ་བྱུང་ཞིང་། རང་རྒྱལ་གྱི་གཤེར་གཟུགས་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་གཙོ་བོའི་ཚོད་ལྟའི་ཐེངས་གྲངས་ཀྱི་ཟིན་ཐོ་ལས་བརྒལ་ཡོད།

03.jpg

  • ཚེས14ཉིན་ཨ་རིའི་ལ་སི་ཝེ་ཅ་སིས་གཉེར་བའིUFC300འགྲན་བསྡུར་ནང་ཀྲུང་གོའི་བདམས་ཐོན་པ་ཀྲང་ཝུའེ་ལི་ཡིས་བུད་མེད་ཀྱི་རྩྭ་ཚད་རིམ་པའི་གསེར་གྱི་སྐེ་རགས་བླངས།

  • ས་གནས་དེ་གའི་ཚེས14ཉིན་གྱི་ཐོ་རེངས་སུ། དབྱི་རན་གྱི་དབྱི་སི་ལམ་གསར་བརྗེའི་སྲུང་དམག་གིས་གསལ་བསྒྲགས་སྤེལ་ཏེ་དབྱི་སི་རལ་དམིགས་ཚད་དུ་བཟུང་ནས་འཕུར་མདེལ་དང་མི་མེད་གནམ་གྲུ་འཕེན་གཏོང་བྱ་རྒྱུ་ཁྱབ་བསྒྲགས་བྱས།

  • ཕྱི་འབྲེལ་པུས་དབྱི་རན་གྱིས་དབྱི་སི་རལ་གྱི་མངའ་ཁོངས་ལ་དམག་དོན་རྡུང་རྡེག་བཏང་བའི་ཐད་ལ་ལན་བཏབ་པ་སྟེ། ཀྲུང་གོ་ཕྱོགས་ཀྱིས་མིག་སྔའི་གནས་ཚུལ་ཇེ་སྡུག་ཏུ་མི་འགྲོ་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ལ། འབྲེལ་ཡོད་ཕྱོགས་ཀྱིས་ཡིད་རྣལ་དུ་ཕབ་ནས་བཟོད་སྒོམ་བྱས་ཏེ་ཛ་དྲག་གི་དུས་བབ་སྔར་བས་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས་པའི་འབོད་སྐུལ་ཡང་བྱས།

  • ཞི་ཉི་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས13ཉིན་ཞི་ཉིའི་ཟོག་ཉོའི་ལྟེ་གནས་ཤིག་ཏུ་གྲི་བཟུང་ནས་མི་རྨས་པའི་དོན་རྐྱེན་བྱུང་བ་དང་། མིག་སྔར་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱིས་དོན་རྐྱེན་ཁྲོད་ཀྲུང་གོའི་སྤྱི་དམངས་གཅིག་རྐྱེན་ལམ་དུ་ཤོར་བ་དང་ཀྲུང་གོའི་སྤྱི་དམངས་གཞན་ཞིག་ལ་རྨས་སྐྱོན་ཕོག་པ་གཏན་འཁེལ།

སྤྱི་ཚོགས།

04.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཁ་གཏད་གནམ་གཤིས་ཀྱི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། ཚེས15ནས17ཉིན་བར་འབྲི་ཆུའི་ལྷོ་རྒྱུད་དང་། ཅང་ཧན། ཧྭ་ནན་གྱི་བྱང་རྒྱུད་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་དང་། ས་ཆ་བྱེ་བྲག་ཏུ་དྲག་ཆར་འབབ་རྒྱུ་ཡིན་པ་མ་ཟད། དུས་ཡུན་ཐུང་བའི་ནང་ཆར་ཆེན་པོ་འབབ་པ་དང་། ཐོག་ཆར་ཆེན་པོ་དང་སེར་བ་སོགས་ཀྱི་གནམ་གཤིས་དྲག་པོ་ཡོད།

  • ཚེས13ཉིན་ཧོ་པེ་ཆིན་ཧོང་ཏའོ་ཆིང་ལུང་གཙང་པོའི་ཆུ་ཁོངས་སུ་གྲུ་གཟིངས་ཤིག་མགོ་རྟིང་ལོག་ཅིང་། གནས་སྐོར་བ31ཆུ་ནང་དུ་ལྷུང་བ་དང་མི12རྐྱེན་ལམ་དུ་ཤོར། མིག་སྔར་གྲུ་བ་དང་འབྲེལ་ཡོད་འགན་འཁྲི་མི་སྣ་སྤྱི་བདེ་ལས་ཁུངས་ཀྱིས་ཚོད་འཛིན་བྱས་ཡོད།

  • ཅང་ཞི་དགེ་འོས་སློབ་ཆེན་ཡའོ་ཧུའུ་སློབ་ཁུལ་གྱི་ཞི་ལར་མནར་གཅོད་གཏོང་མཁན་གྱི་སློབ་མ་ཀུའོ་ལགས་སློབ་གྲྭའི་སྒྲིག་ལམ་དང་འགལ་བས་སློབ་གྲྭ་ནས་ཕྱིར་འབུད་བཏང་།

  • 2024ལོའི་བྱ་སྒྲོའི་སྤོ་ལོའི་ཡ་གླིང་གཟེངས་རྟགས་འགྲན་བསྡུར་གྱི་རྣམ་གྲངས་ཚང་མ་ཚེས14ཉིན་ཀྲེ་ཅང་ཉིང་པོ་རུ་མཇུག་གྲིལ་ཞིང་། ཀྲུང་གོའི་རུ་ཁག་ལ་བུད་མེད་རྐྱང་མ། སྐྱེས་པ་ཆ་གཉིས། མཉམ་བསྲེས་བཅས་ཀྱི་གསེར་གྱི་རྟགས་མ་གསུམ་ཐོབ།

  • 2024ལོའི་ཁྲེང་ཏུའུ་འཛམ་གླིང་སྐྱེད་ཚལ་གྱི་དངོས་མང་སྟོན་ཚོགས་དེ་ཟླ4པའི་ཚེས26ཉིན་ནས་ཟླ10པའི་ཚེས28ཉིན་བར་འཚོག་རྒྱུ་ཡིན་པ་དང་ཉིན186རྒྱུན་མཐུད་བྱ་རྒྱུ་རེད།

05.jpg

  • ཉེ་ཆར། ཀོང་ཞི་ལིའུ་ཀྲོའུ་ནས་ད་བར་དུ་ལོ་ངོ་ཁྲི་བཞི་ནས་ཁྲི་གསུམ་སོང་བའི་བང་སོ་ཞིག་སྔོག་འདོན་བྱས།

  • ཚེས14ཉིན། པེ་ཅིང་གླུ་གཞས་ཚོགས་པའི་དགོད་གཏམ་འཁྲབ་སྟོན་སྒྱུ་རྩལ་མཁས་ཅན་ཁྲེན་ཡུང་ཆོན་ནད་ཀྱི་རྐྱེན་པས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་ཐོན་པར་པེ་ཅིང་དུ་སྐུ་གཤེགས་པ་དང་སྐུ་གཤེགས་སྐབས་དགུང་ལོ92ཡིན།

06.jpg

  • ཀྲེ་ཅང་ཡུས་ཡའོ་ཡི་ཝང་སུང་གིས་ལས་གྲོལ་བྱས་ནས་འགྲོ་བཞིན་པའི་ལམ་བར་དུ་བུད་མེད་ཅིག་ཆུར་ལྷུང་བ་མཐོང་སྐབས་འཕྲལ་དུ་མཐོ་ཚད་སྨི4ལྷག་ཙམ་ཡོད་པའི་ཟམ་པའི་ཐོག་ནས་ལྡིང་སྟེ་མི་བསྐྱབས་ཤིང་། རྡོ་ལ་བརྡབས་ནས་རྩིབ་རུས་བཞི་བཅག་ནའང་ཁོང་གིས་སྔར་བཞིན་ན་ཟུག་བཟོད་བསྲན་བྱས་ནས་བུད་མེད་བསྐྱབས། མིག་སྔར་ཝང་སུང་གིས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་གཞི་རྩའི་རྒན་གསོའི་ཞབས་ཞུའི་གསལ་ཐོ་ཁྱབ་བསྒྲགས་བྱས་ཤིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་རྒན་གསོའི་འགན་བཅོལ་ཟླ་རེར་སྒོར1400ལས་མི་ཉུང་བ་ཁ་གསལ་བྱས།

  • ཧྥུ་ཅན་གྱིAརིམ་པའི་མཛེས་ལྗོངས་ཁུལ300ཙམ་གྱིས་རུ་འཁྱུར་དམག་མི་དང་དེ་བཞིན་གཟིགས་སྐྱོང་བྱ་ཡུལ་གཞན་དག་ལ་ཕྱོགས་ནས་གཟིགས་སྐྱོང་སྲིད་ཇུས་བཏོན་ཡོད་ཅིང་། དེའི་ནང་སྒོ་འཛིན་ཚང་མ་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་ཚུད་ཡོད།

  • ཀོང་ཏུང་གིས་ཇུས་གཞི་དཔར་འགྲེམ་བྱས་ཏེ་དངུལ་ཁང་གིས་རླངས་འཁོར་གྱི་ཐོག་མའི་དངུལ་བུན་གཏོང་སྤྲོད་ཀྱི་སྡུར་ཚད་འོས་འཚམ་གྱིས་དམའ་རུ་གཏོང་བ་དང་རླངས་འཁོར་གྱི་དངུལ་བུན་དུས་བཀག་དང་ཡིད་རྟོན་དངུལ་བུན་གྱི་གྲངས་འབོར་ལུགས་མཐུན་ངང་གཏན་འཁེལ་བྱེད་པར་སྐུལ་ལྕག་བཏང་།

དེ་རིང་གི་གནམ་གཤིས།

07.jpg

  • ནང་སོག་གི་བྱང་ཤར་རྒྱུད་དང་ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཁངས་ཆར་འདྲེས་མ་འབབ་པའམ་ཡང་ན་ཁ་བ་ཆུང་ཆུང་འབབ་རྒྱུ་རེད། བྱང་ཤར་ས་ཁུལ་གྱི་ས་ཆ་མང་ཆེ་བ་དང་། ཧོ་པེའི་ས་ཆ་མང་ཆེ་བ། པེ་ཅིན་དང་ཧྲན་ཏུང་གི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཅི་ལིན་གྱི་ཤར་ལྷོའི་རྒྱུད་དང་ལིའོ་ཉིང་གི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ་རེད། ཤིན་ཅང་གི་ལྷོ་རྒྱུད་དང་། ནང་སོག་གི་དབུས་ཤར་རྒྱུད། ཉིང་ཞའི་ལྷོ་རྒྱུད། ཧྲའན་ཞིའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་བྱེ་རླུང་འཚུབ་པའམ་ས་རྡུལ་གྱི་གནམ་གཤིས་ཡོད་པ་དང་། དེའི་ནང་ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཆ་ཁ་ཤས་སུ་ས་རྡུལ་འཐིབ་རྒྱུ་རེད།


མཉམ་སྤྱོད།