མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་པོའི་བྱང་ངོགས་དཔལ་དགེ་རྩྭ་ཐང་དུ་འཚོ་བའི་དགོ་ཁྱུ།

2024-04-15 09:24:44   |   1983

རྩོམ་སྒྲིག དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་སྔོན་པོ་བྱང་ངོགས་དཔལ་དགེ་རྩྭ་ཐང་དུ་དགོ་དམར་ཁྱུ་དང་ཁྱུ་བྱས་ཏེ་བག་ཡངས་སུ་རྒྱུ་བཞིན་འདུག

1.jpg

ཟླ4པར་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པའི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་དཔལ་དགེ་རྩྭ་ཐང་དུ་ཀྲུང་གོའི་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་དགོ་དམར་ཁྱུ་དང་ཁྱུ་བྱས་ཏེ་རྩྭ་ཐང་དུ་མཆོང་ལྡིང་བྱེད་ཅིང་བག་ཕེབས་ངང་གཟན་རྩྭར་རོལ་གྱིན་པ་མཐོང་ཐུབ། དགོ་དམར་ནི་མཚོ་སྔོན་པོའི་མཐའ་འཁོར་ཁོ་ནར་གནས་པའི་འཛམ་གླིང་རྨིག་ཐོགས་སྲོག་ཆགས་ཁྲོད་ཆེས་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་ཤིག་ཡིན། མིག་སྔར། དགོ་དམར་གྱི་གྲངས་ཀ་ལྟ་ཞིབ་ཚད་ལེན་བྱེད་དུས་ཐོག་མའི300ཡང་ཟིན་མེད་པ་ནས3000ལྷག་ལ་བུད་ཡོད་པ་རེད། མཚོ་སྔོན་པོའི་བྱང་ངོགས་ཀྱི་དཔལ་དགེ་ས་ཁུལ་ནི་དགོ་དམར་ཁྱུ་ཚོགས་འཚོ་སྡོད་སྐྱེ་འཕེལ་དང་འདུ་འཛོམས་བྱེད་ས་ཞིག་ཡིན་ལ། གཞུང་ཕྱོགས་ཀྱིས2007ལོའི་ཟླ12པར་རྫོང་དེར་ཀྲུང་གོའི་དགོ་དམར་དམིགས་བསལ་སྲུང་སྐྱོབ་ཁུལ་ཐོག་མ་དངོས་སུ་བཙུགས།

2.jpg

3.jpg

4.jpg


མཉམ་སྤྱོད།