དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གི་ཁྲིམས་བསྟར་སྟོབས་ཤུགས་ཀྱིས་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་བཏང་ནས་དཔྱིད་ཀའི་རྨོ་འདེབས་ལ་འགན་ལེན་བྱས།

2024-04-17 09:51:28   |   944

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར་མཚོ་བྱང་ཁུལ་རྐང་ཚ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུ་ཡིས་ཡུལ་ཚོ་དང་གྲོང་རྡལ་ཁག་གི་ཁྲིམས་བསྟར་རུ་འབྲིང་སྒྲིག་འཛུགས་བྱས་ཏེ། མངའ་ཁོངས་གྱི་དོ་དམ་རྩ་དོན་གཞིར་བཟུང་སྟེ། འཐབ་ར་སྔོན་མར་བསྐྱོད་དེ་དཔྱིད་དུས་ཀྱི་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་འགུལ་སྐྱོད་སྤེལ་བ་དང་། ཁྲིམས་བསྟར་ལྟ་སྐུལ་ལ་བརྟེན་ནས་དཔྱིད་ཀའི་རྨོ་འདེབས་ལས་དོན་ལ་འགན་སྲུང་བྱས། 

ད་ལྟ་ནི་ལོ་གཅིག་གི་དཔྱིད་ཀའི་རྨོ་འདེབས་གྲ་སྒྲིག་གི་དུས་ཚིགས་ཡག་པོར་འཁེལ་འདུག་པས་རྫས་ལུད་དང་ཞིང་སྨན།    ཞིང་སྤྱོད་འགྱིག་ཤོག་བཅས་ཀྱི་རིན་གོང་ན་ནིང་དང་སྡུར་ན་འཕར་ཚད་ཅི་འདྲ་ཡིན་པ་དང་། ས་བོན་དང་ཞིང་ལས་འཕྲུལ་ཆས་སོགས་ཞིང་སྤྱོད་དངོས་རྫས་ཀྱི་སྤུས་ཚད་ལ་འགན་སྲུང་ནུས་ལྡན་ཐུབ་མིན་ནི་མིག་སྔའི་དཔྱིད་ཀའི་རྨོ་འདེབས་སྔོན་གྱི་གལ་ཆེན་ནང་གི་འགངས་ཆེན་ཡིན།

རྐང་ཚ་རྫོང་གིས་སྒྲིག་འཛུགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་ཆེད་དམིགས་འགུལ་སྐྱོད་ལས་དོན་མགོ་ཁྲིད་ཚོ་ཆུང་བཙུགས་ནས། ནན་ཏན་སྒོས2024ལོའི་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་ཁྲིམས་བསྟར་འགུལ་སྐྱོད་ལས་དོན་ཇུས་གཞི་བཟོས་ཤིང་། དམིགས་འབེན་གྱི་དུས་ཚད་གཏན་ལ་ཕབ་པ་དང་ལས་དོན་གྱི་འགན་འཁྲི་ཞིབ་ཚགས་སུ་བཏང་བས“མངའ་ཁོངས་དོ་དམ་དང་ཚད་དཔེ་མཉམ་བཅོས།    སྡེ་ཁག་མཉམ་སྡེབ་”བཅས་ཀྱི་ལས་དོན་རྣམ་པ་གྲུབ་ཡོད།  ཆབས་ཅིག་ཏུ་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་ཁྲིམས་བསྟར་འགུལ་སྐྱོད་ཀྱི་ཁྲིམས་བསྟར་ཞིབ་བཤེར་སྡོམ་རྩིས་རེའུ་མིག་བཟོས་ཏེ། རྫོང་ཁོངས་ཀྱི་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་ཆེད་དམིགས་ཁྲིམས་བསྟར་ལས་དོན་ལ་སྐུལ་འདེད་གཏོང་ཚུལ་ལ་ཁྱོན་ཡོངས་ནས་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་དམ་འཛིན་ནན་མོ་དང་ཕན་འབྲས་ཐོན་པར་འགན་ལེན་བྱས།

དེ་དང་ཆབས་ཅིག་སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཁྱབ་ཁོངས་ངེས་ཅན་ནང་གི་ཞིང་སྤྱོད་དངོས་རྫས་ཐོན་སྐྱེད་ལས་གཉེར་པར་ཁྱོན་ཡོངས་ནས་ཁྲིམས་བསྟར་ཞིབ་བཤེར་བྱས་པ་མ་ཟད། སྡེ་ཁག་མཉམ་འབྲེལ་དང་ས་ཁོངས་མཉམ་སྒྲུབ།    ཞིབ་བཤེར་རྡུང་རྡེག་མཉམ་འགུལ། ཁྲིམས་ཆད་ལག་བསྟར་སྦྲེལ་མཐུད་སོགས་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཏན་ཏིག་སྒོས་ཞིང་སྤྱོད་དངོས་རྫས་གྲོང་གསེབ་དང་སྡེ་བར་སྐྱོད་པའི་བྱེད་སྒོ་སྤེལ་བ་དང་། ལྟ་སྐུལ་དོ་དམ་གྱི་ཕན་འབྲས་མངོན་གསལ་དོད་པོ་ཡོང་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཁྲིད་སྟོན་བྱས་པ་དང་། ཧུར་ཐག་གིས་ཞིང་སྤྱོད་དངོས་རྫས་ཀྱི་བདེ་འཇགས་དྲ་བ་གསར་དུ་གཏོད་དེ་ཞིང་སྤྱོད་དངོས་རྫས་སྤུས་ལེགས་ཀྱི་ཐོན་རྫས་ཁྱབ་ཚད་ཇེ་ཆེར་བཏང་།  

རྐང་ཚ་རྫོང་གིས“རྫུན་མ་དང་སྤུས་ཞན་ལ་རྡུང་རྡེག་གཏོང་བའི”ཐད་ལ་ནུས་ཤུགས་འདོན་པ་རྒྱུན་འཁྱོངས་བྱས་ཏེ་དྲིལ་སྒྲོག་ཚོ་ཆུང་བཙུགས་ནས་རྫས་ལུད་དང་ཞིང་ལས་འཕྲུལ་ཆས། ཞིང་སྤྱོད་འགྱིག་ཤོག་སོགས་ཞིང་སྤྱོད་དངོས་རྫས་རྫུན་མ་དབྱེ་འབྱེད་ཤེས་བྱ་དང་བེད་སྤྱོད་ཤེས་བྱའི་དྲིལ་སྒྲོག་ཤོག་ལྷེ་བྱིན་པ་དང་། བློ་འདྲི་ཚོ་ཆུང་བཙུགས་ནས་ཁྲིམས་བསྟར་མི་སྣ་དང་ཞིང་སྤྱོད་དངོས་རྫས་ལས་རིགས་ཀྱི་ཆེད་མཁས་པས་ཞིང་ལས་ཤེས་བྱ་དང་ཞིང་སྤྱོད་དངོས་རྫས་ཀྱི་རྒྱུན་ཤེས་འགྲེལ་བཤད་བྱས་ཏེ་ཞིང་པའི་དོགས་གནད་ལ་ལན་བཏབ་པ་དང་། ཞུ་གཏུག་དང་ལེན་ཚོ་ཆུང་བཙུགས་ནས་རང་སར་ཞུ་གཏུག་ཐེར་འདོན་གྱི་ཁུངས་སྣེ་དང་ལེན་བྱས་ཏེ། ཁྲིམས་འགལ་དོགས་ཡོད་ཀྱི་གཉེར་སྐྱོང་བྱ་སྤྱོད་ལ་འཕྲལ་མར་ཞིབ་བཤེར་ཐག་གཅོད་བྱས།   

ཧྲན་ཏུང་རོགས་སྐྱོར་སྐྱེ་ཁམས་གཟན་ཆས་ཚད་ཡོད་སྤྱི་གཉེར་དང་ཨུ་ནེ་གཡང་ཚང་གཟན་ཆས་ཚོང་ཁང་སོགས་རྫོང་མཁར་གྱི་ཞིང་སྤྱོད་དངོས་རྫས་ཁེ་ལས་གཙོ་གནད་དུ་བཟུང་སྟེ་དཔལ་དགེ་གྲོང་རྡལ་ཐང་ཆུ་སྡེ་བར་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་གཏོང་བའི་ཚོགས་འདུ་འཚོགས་ལ། ཡུལ་དངོས་སུ་ཞིང་པའི་བློ་འདྲི་མི་ཐེངས240ལྷག་ཙམ་ལ་ལན་བཏབ་པ་དང་ཞིང་པའི་དོགས་གནད100ལྷག་ཙམ་ཐག་གཅོད་བྱས་ཤིང་། དྲིལ་སྒྲོག་དངོས་རྫས500ལྷག་ཙམ་བྱིན།   ཡུལ་དངོས་ཚོགས་འདུར་བརྟེན་ནས་ཞིང་སྡེའི་འཛད་སྤྱོད་པའི་སྤུས་ཚད་བདེ་འཇགས་ཀྱི་འདུ་ཤེས་དང་ཚོང་རྟགས་གྲགས་ཅན་གྱི་འདུ་ཤེས། འཛད་སྤྱོད་ཁེ་དབང་སྲུང་སྐྱོང་གི་འདུ་ཤེས། རྫུན་མ་དབྱེ་འབྱེད་ཀྱི་ནུས་པ་བཅས་ཇེ་མཐོར་བཏང་།


མཉམ་སྤྱོད།