མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས30ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བོད་ལྗོངས་མལ་གྲོ་གུང་དཀར་ནས་གནའ་ཤུལ་དང་བང་སོ་སོགས54གསར་དུ་རྙེད་འདུག

2024-04-17 10:13:13   |   57

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

བོད་ལྗོངས་མལ་གྲོ་གུང་དཀར་རྫོང་ནས་གསར་དུ་རྙེད་པའི་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཚོད་ལྟའི་ལས་དོན་ཐེངས་བཞི་པ་དེ་ཉེ་ཆར་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་དངོས་སུ་མགོ་ཚུགས་པ་རེད། གསར་འགོད་པས་མགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། 2012ལོ་ནས་བཟུང་། མལ་གྲོ་གུང་དཀར་རྫོང་ནས་གསར་དུ་རྙེད་པའི་གནའ་ཤུལ་དང་བང་སོ། ཁང་ཤུལ། བྲག་ཕུག རྡོ་བརྐོས་སོགས་རིག་དངོས་ཁྱོན་སྡོམ54ཡོད། 

མལ་གྲོ་གུང་དཀར་རྫོང་ནི་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་ཡིན་ཞིང་། དེ་གར་ལོ་རྒྱུས་ཡུན་རིང་ལྡན་པའི་ཧོར་ཁང་གཞིས་ཀ་དང་། རྒྱ་བསམ་གནའ་ལམ་སོགས་རིག་དངོས་ཤུལ་བཞག་མང་པོ་ཡོད་ཅིང་། བོད་ཀྱི་རིག་གནས་འབྱུང་ཁུངས་གཙོ་བོ་ཞིག་ཀྱང་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་རིང་ལ། རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་གསུམ་པའི་རྗེས་སུ་ངོས་འཛིན་དང་ཐོ་བཀོད་ཟིན་པའི་རིག་དངོས4277ལ་ཡང་བསྐྱར་ཞིབ་བཤེར་བྱ་རྒྱུ་དང་ཆབས་ཅིག་ཏུ།  2012ལོ་ནས་བཟུང་གསར་ཏུ་རྙེད་ཅིང་གནས་སྤོ་མི་རུང་བའི་རིག་དངོས་ཐོ་འགོད་མ་བྱས་པའི་རིགས་བརྟག་དཔྱད་ངོས་འཛིན་དང་། ཐོ་འགོད་བཅས“གསུམ་བཤེར”བྱ་རྒྱུ་རེད།

2.jpg


མཉམ་སྤྱོད།