དེ་རིང་ནི2025ལོའི་ཟླ05པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གནས་སྐོར་ལས་དོན་ཁང་བརྒྱ་ཤོག“མདོ་ལ་ལྷ་ཡི་ཞིང་ཁམས”ལ་བསྐྱོད།

2024-04-17 08:33:26   |   1633

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཧུའུ་ནན་དང་ཧྲའན་ཞི། ཀྲེ་ཅང་སོགས་ནས་ཡོང་བའི་གནས་སྐོར་ལས་དོན་ཁང100ལྷག“མདོ་ལ་ལྷ་ཡི་ཞིང་ཁམས”ལ་འཛོམས་ཤིང་། རྒྱལ་ཡོངས་ཀྱི་གནས་སྐོར་ལས་དོན་ཁང་བརྒྱ་ཤོག་མདོ་ལར་བསྐྱོད་པའི་འོས་སྦྱོར་ཚོགས་འདུ་མཉམ་གཅིག་འཚོགས་ཏེ་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་འདུན་ལྗོངས་གསར་བ་མཉམ་དུ་འཆར་འགོད་བྱས།

1.png

ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་མདོ་ལ་རྫོང་གིས་ཞིང་ཆེན་ཡོངས་ཀྱི“ལྟེ་གཅིག་སྐོར་གཅིག་རྒྱུད་མང”གི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པར་ཧུར་ཐག་གིས་ཞུགས་པ་དང་། ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་པ། ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་། ཐོན་རྫས་གསར་གཏོད་འཕེལ་རྒྱས། སྤུས་རྟགས་གཏོད་པ་བཅས་གཙོ་བོར་བྱས་ནས“བྱང་ནས་མདོ་ལར་བསྐྱོད་པའི”རིག་གནས་གནས་སྐོར་རྒྱུད་ཀྱི་སྤུས་ཚད་དང་ནང་དོན་ཕྱོགས་ཡོངས་ནས་མཐོར་འདེགས་སུ་བཏང་། “ས་ཆེན་པོའི་ཕྱུགས་ར—བཅིབས་རྟ་རྩྭ་ཐང་ལྗོངས་གཟིགས་གནས་སྐོར”གྱི་སྤུས་ལེགས་ལམ་ཐིག་གཙོ་གནད་དུ་བཟུང་ནས་བསྐྲུན་པ་དང་། “ལུས་རྩལ+གནས་སྐོར”“རོལ་དབྱངས+གནས་སྐོར”“ཁམས་གསོ+གནས་སྐོར”“པར་ལེན+གནས་སྐོར”“སྒར་འདེབས+གནས་སྐོར”“ཞིབ་སློབ+གནས་སྐོར”“རིག་གནས+གནས་སྐོར”སོགས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཏན་ཏིག་གིས་སྐུལ་འདེད་བཏང་།

2.png

རྒྱལ་ཡོངས་ཀྱི་གནས་སྐོར་ལས་དོན་ཁང་བརྒྱ་ཤོག་མདོ་ལར་བསྐྱོད་པའི་འོས་སྦྱོར་ཚོགས་འདུའི་སྟེང་མདོ་ལ་རྫོང་གི་ཨ་མྱེས་སྟོང་སོའི་མཛེས་ལྗོངས་ཁུལ་དང་། བཙུན་མོ་གཞོང་མཛེས་ལྗོངས་ཁུལ། ལབ་ཙེ་སྒང་མཛེས་ལྗོངས་ཁུལ་སོགས་རིག་གནས་གནས་སྐོར་ཁེ་ལས་ཀྱིས་ས་ཁོངས་ཧྲིལ་བོའི་གནས་སྐོར་དང་། རིག་གནས་གནས་སྐོར་མཉམ་འདྲེས། སྤུས་ལེགས་ལམ་ཐིག གཟིགས་སྐྱོང་སྲིད་ཇུས་བཅས་དང་དེ་བཞིན་སྤུས་ལེགས་དམངས་ཤག སྒེར་སྐོར་སྒར་འདེབས། མཛེས་ལྗོངས་ཁུལ་འཛུགས་སྐྲུན་སོགས་རྣམ་གྲངས་མཉམ་ལས་ཀྱི་དགོས་མཁོར་དམིགས་ནས་དྲིལ་སྒྲོག་འོས་སྦྱོར་བྱས་པ་མ་ཟད། རིག་གནས་གནས་སྐོར་དྲིལ་བསྒྲགས་གློག་བརྙན་དང་། མི་རིགས་ཁྱད་ཆོས་འབུར་ཐོན་གྱི་གཞས་བྲོ་འཁྲབ་སྟོན་སོགས་རྣམ་པ་མང་པོ་དང་། ཟུར་ཚད་མང་པོ་ནས“མདོ་ལ་ལྷ་ཡི་ཞིང་ཁམས”ཀྱི་རྔམ་བརྗིད་མཚར་སྡུག་གི་རང་བྱུང་རི་ཆུ་དང་། ཐུན་མིན་ཚར་དུ་དངར་བའི་དམངས་སྲོལ་གོམས་གཤིས། གཏིང་ཟབ་རྒྱ་ཆེ་བའི་ལོ་རྒྱུས་མི་ཆོས་བཅས་གང་ལེགས་ཀྱིས་ཕྱིར་མཚོན་བྱས། དེ་དང་ཆབས་ཅིག མདོ་ལ་རྫོང་གིས་ཞིང་ཆེན་ཕྱི་ནང་གི་གནས་སྐོར་ལས་དོན་ཁང་ལ་དམིགས་ནས་གཟིགས་སྐྱོང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ཅིང་། 《2024ལོའི་མདོ་ལ་རྫོང་གི་གནས་སྐོར་ལས་དོན་ཁང་གི“མདོ་ལར་མགྲོན་འགུག”གི་གཟེངས་བསྟོད་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དང་། “མདོ་ལར་མགྲོན་འགུག”གི་བྱ་དགའ་དང་། མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གཟིགས་སྐྱོང་། མི་རིགས་གླུ་གར《མདོ་ལ་ལྷ་ཡི་ཞིང་ཁམས》བཅས་གཟིགས་སྐྱོང་རིན་ཐང་ཆེས་ཆེར་ལྡན་པ་སོགས་ཀྱི་བྱ་ཐབས་བཟོས་ཡོད།


མཉམ་སྤྱོད།