མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས05ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-18 07:52:19   |   492

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོའི་དུས་ཚིགས་དང་པོར་རླངས་འཁོར་དང་གྲུ་གཟིངས་སོགས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱེད་པར་གྲུབ་འབྲས་མངོན་གསལ་ཐོབ། དེའི་ནང་གྲུ་གཟིངས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས113.1%འཕར་ཡོད།

  • སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་གཟིགས་ཚོགས་ཆུང15སྔ་རྗེས་སུ་སྐོར་གཟིགས་བྱ་ཡུལ་ལས་ཁུངས་སུ་བཅའ་སྡོད་བྱེད་མགོ་ཚུགས། མིག་སྔར་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་ལས་ཁུངས31ལ་བཅའ་སྡོད་བྱས་པ་དང་འབྲེལ་གཏུག་བྱེད་སྟངས་ཁྱབ་བསྒྲགས་བྱས་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་འཆར་གཞི་སྒོར་དུང་ཕྱུར2000ལྷག་ཙམ་སྤྲད་ཟིན།

  • རྒྱལ་ཁབ་ནུས་རྒྱུ་ཅུས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། ཟླ་གསུམ་པར་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་དུས་མཚུངས་ལས7.4%འཕར་ཡོད།

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུ་སོགས་སྡེ་ཚན་དགུ་ཡིས་ཇུས་གཞི་བཀྲམ་སྟེ། ལོ་གསུམ་ཙམ་གྱི་དུས་ཚོད་སྤྱད་དེ་གྲངས་འཛིན་ཤེས་ལྡན་མི་སྣའི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་། གྲངས་འཛིན་ཤེས་ལྡན་མི་སྣའི་གསར་གཏོད་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། གྲངས་འཛིན་ཤེས་ལྡན་མི་སྣའི་མཁོ་སྤྲོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་གྲངས་འཛིན་ཤེས་ལྡན་མི་སྣའི་གཅིག་སྡུད་ནུས་པ་ཐོན་པར་བྱེད་དགོས་ཞེས་བཏོན།

  • ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་བརྡ་ཐོ་བཏང་སྟེ། རྒན་པ་དང་ཕྱི་རྒྱལ་གྱི་མི་སོགས་ཚོགས་སྤྱིའི་ཚོང་ལས་ཁྱབ་ཁོངས་སུ་སྒོར་མོ་སྤྲོད་སྟངས་ཀྱི་སྣ་མང་ཅན་གྱི་ཞབས་ཞུའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་རྒྱུར་དམིགས་ཡོད་ཅེས་བསྟན།

    1.jpg

  • ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུ་ཉེ་ཆར་འཕེན་གཏོང་བྱེད་རྩིས་ཡོད་པ་དང་། གྲུ་མདའ་མཉམ་སྒྲིག་ཕུང་པོ་འཕེན་གཏོང་ཁུལ་དུ་སྐྱེལ་ཡོད།

  • ལོ་འཁོར་གྱི་སྦྱོང་བརྡར་འཆར་གཞི་གཞིར་བཟུང་སྟེ། ལྷོ་རྒྱུད་འཐབ་ཁུལ་གྱིས་སྐམ་དམག་དང་མཁའ་དམག་དཔུང་སྡེ་སྒྲིག་འཛུགས་བྱས་ནས་ཚེས17ཉིན་ནས་བཟུང་ཀྲུང་གོ་དང་འབར་མའི་མཐའ་མཚམས་ཀྱི་རང་ཕྱོགས་ནས་མཁའ་འགོག་དངོས་དམག་དངོས་མདེའུ་ཅན་གྱི་འཁྲབ་སྦྱོང་བྱེད་རྒྱུ་རེད།

  • ཤར་རྒྱུད་དམག་ཁུལ་གྱི་གསར་འགྱུར་མགྲིན་ཚབ་པས་ཨ་རིའིP-8Aཡི་མཚོ་འཛུལ་འགོག་པའི་སྐོར་གཡེང་གནམ་གྲུ་ཐའེ་ཝན་མཚོ་འགག་བརྒྱུད་པའི་ཐད་གཏམ་བཤད་གནང་དོན། དམག་ཁུལ་དཔུང་སྡེས་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་ཆེན་པོ་བྱས་ཏེ། མཐའ་གཅིག་ཏུ་རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱས་ཡོད་ཅེས་བསྟན།

    སྤྱི་ཚོགས།

  • ཆུ་དཔྱད་སྔོན་བརྡ་ལས་མངོན་པ་ལྟར་ན། འབྱུང་འགྱུར་གྱི་གཟའ་འཁོར་གཅིག་ནང་འབྲི་ཆུའི་རྒྱུག་ཁུལ་དུ་ཆར་པ་ཐེངས་གཉིས་འབབ་རྒྱུ་ཡིན་པ་དང་། ཉེན་ཟོན་ཐིག་ལས་བརྒལ་བའི་ཆུ་ལོག་བྱུང་བའི་ཉེན་ཁ་ཡོད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་ལྔ་གཅིག་གུང་གསེང་གི“རླངས་འཁོར་སྤ་སེ་ཁག་གཅིག་སྐད་ཅིག་མ་ལ་བཙོང་ཚར་བའི”ཐད་བསྟན་དོན། མེ་འཁོར་གཏོང་བའི་ཇུས་གཞི་འགུལ་རྣམ་ལྟར་ལེགས་སྒྲིག་བྱས་ཏེ་ཀུན་གྱིས་དོ་སྣང་བྱེད་པའི་ལམ་ཐིག་དང་། ཁ་ཕྱོགས། དུས་མཚམས་བཅས་སུ་འགྲུལ་སྐྱེལ་མེ་འཁོར་ཁ་སྣོན་བྱེད་རྒྱུ་ཡིན་ཞེས་བསྟན།

  • མཚོ་དམག་གིས་ཚེས23ཉིན་གྱི་སྔ་རྗེས་སུ་ཆིང་ཏའོ་དང་། ཧྲང་ཧའེ། ཀོང་ཀྲོའུ་སོགས་གྲོང་ཁྱེར་དུ་དམག་སྒར་སྒོ་དབྱེའི་བྱེད་སྒོ་སྤེལ་ནས་རྣམ་པ་མང་བའི་མཚོ་དམག་གི་དངོས་ཞབས་དམག་གྲུ་སྒྲིག་འཛུགས་བྱས་ནས་སྤྱི་དམངས་དང་ཐུག་འཕྲད་བྱེད་རྩིས་ཡོད།

  • 2024ལོའི་པེ་ཅིང་གི་སྐར་བསགས་གཞིས་ཆགས་རེ་ཞུའི་ལས་དོན་དེ་ཚེས18ཉིན་དངོས་སུ་སྤེལ་མགོ་ཚུགས་རྒྱུ་རེད།

  • ཉིན་ཤས་གོང་། CZ5077པེ་ཅིང་ཏ་ཞིང་ནས་སོ་ཏི་ཨ་རབ་ཀྱི་ལི་ཡ་ཏེ(沙特阿拉伯利雅得)་རུ་འཕུར་བའི་དུས་གཏན་གནམ་གྲུ་ཐེངས་དང་པོ་བདེ་བླག་ངང་འཕུར་བ་དེས་ཀྲུང་གོའི་ནང་ལོག་ནས་སོ་ཏི་ཨ་རབ་བར་གྱི་དུས་བཀག་ཐད་འཕུར་འགྲུལ་སྐྱེལ་མཁའ་ལམ་ཐོག་མ་དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།

  • ཧྲན་ཞི་ཞིང་ཆེན་གྱི་རྒྱལ་ལམ241ལས་གྲྭར་བྱུར་རྐྱེན་ཆེན་པོ་འདུག་ཅེས་གཞན་གྱིས་ཐེར་འདོན་བྱས་པ་དང་། ས་གནས་དེ་གས་མཉམ་འབྲེལ་བརྟག་དཔྱད་ཚོགས་ཆུང་བཙུགས་ནས་ཕྱོགས་ཡོངས་ནས་བརྟག་དཔྱད་ཞིབ་བསྡུར་བྱས།

  • ཉེ་ཆར་ཀྲེ་ཅང་ཐའེ་ཀྲོའུ་ཉེན་རྟོག་ཕྱོགས་ཀྱིས་སྤུས་རྟགས་གྲགས་ཅན་གྱི་མེ་གསོད་འཕྲུལ་ཆས་རྫུན་བཟོ་དང་ཕྱིར་ཚོང་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་ཅིང་། ཉེས་གསོག་དོགས་ཅན12བཟུང་བ་དང་གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་ཙམ་ཟིན་ཡོད།

  • གྲངས་གཞི་ལས་མངོན་པ་ལྟར་ན། ལེའོ་ཉིང་ལེའོ་ཧོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ད་ལོ་མཚོ་གཟིག393ལྟ་ཞིབ་ཚད་ལེན་ཐུབ་ཡོད་པ་དང་། ལོ་རིམ་བྱུང་གི་ཁྱུ་ཚོགས་གྲངས་འབོར་གྱི་ཟིན་ཐོ་གསར་པ་བཏོད་ཡོད།

    2.jpg

  • ཉེ་ཆར་སི་ཁྲོན་ཁྲེང་ཏུའུ་ཡི་དགེ་རྒན་ཆོན་ཞའོ་ཡིས་ཁྲག་སྐྱེས་ཕྲ་ཕུང་གཙོ་བོ་ཧའོ་ཧྲེང214ཞལ་འདེབས་ཕུལ་ནས་ལོ20ལ་སླེབས་པའི་ནད་པ་ཞིག་ལ་ཚེ་སྲོག་གི་རེ་བ་སྦྱིན།

    སྲིད་ཇུས།

  • པེ་ཅིང་གིས་བརྡ་ཐོ་བཏང་སྟེ། གྲོང་མིས་སྒྱུར་བཀོད་བྱས་རྗེས་ཀྱི་ཁུལ་ཆུང་རྙིང་པ་ཉོ་བར་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་གཏོང་བའི་ལོ་ཚད་དེ“ཁང་པ་བེད་སྤྱོད་བྱེད་ཆོག་པའི་ལོ་ཚད་ལྷག་མ་ལས་ལོ་གསུམ་ཉུང་དུ་གཏོང་རྒྱུ”ནས“ས་ཆ་བེད་སྤྱོད་བྱེད་ཆོག་པའི་ལོ་ཚད་ལྷག་མ་ལས་ལོ་གསུམ་ཉུང་དུ་གཏོང་རྒྱུ”ཞེས་པར་ལེགས་བཅོས་བྱས།

  • ཁྲུང་ཆིང་གིས་བརྡ་ཐོ་བཏང་སྟེ་གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་སྟོང་པས་མཐོ་སློབ་སློབ་མར་ཕྱོགས་ནས་གདན་ཞུ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། ལོ་ལྟར་གཞུང་ཁོངས་ཁེ་ལས་ཀྱི་ལས་གནས་ཁྲི་གཅིག་ཙམ་མཁོ་འདོན་བྱེད་རྒྱུ་ཡིན་ཟེར།

  • ཅང་ཞི་ནན་ཁྲང་གིས་ཇུས་གཞི་ཁྱབ་བསྒྲགས་བྱས་ཏེ། གློག་སྒུལ་རྐང་འཁོར་གྱི་གཅིག་སྡུད་གློག་གསོག་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་དཀའ་ངལ་ཡོད་པའི་ཁུལ་ཆུང་མཐའ་འཁོར་དུ་སྤྱི་པའི་གློག་གསོག་ས་བསྐྲུན་པ་དང་བསྐྱར་སྐྲུན་བྱས་ཆོག་ཅེས་བསྟན།

    དེ་རིང་གི་གནམ་གཤིས།

3.jpg

  • ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། སི་ཁྲོན་གཤོང་ས། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཧྭ་ནན་གྱི་ས་ཆ་མང་ཆེ་བ་སོགས་ཀྱི་ས་ཁུལ་ལ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཀོང་ཞིའི་བྱང་རྒྱུད་དང་ཀོང་ཏུང་གི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།