མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས02ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

འཕྲུལ་ཆས་དང་པོ་དེ་ཉིང་ཁྲིར་བེད་སྤྱོད་བཏང་འདུག

2024-04-18 08:58:17   |   321

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།   ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།   བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་ཆར། བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་བརྒལ་ཏེ་ལས་དོན་སྒྲུབ་ཆོག་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རང་བརྟེན་པར་རྒྱག་རེ་ཞུ་ཐུབ་པའི་བྱེད་ནུས་ཀུན་ལྡན་གྱི་འཕྲུལ་ཆས་ཐོག་མ་དེ་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་སྤྱོད་མགོ་ཚུགས་འདུག 

c6839618-89aa-42ab-b1ae-f56ec55de5d2.gif

སྔ་དྲོའི་ཆུ་ཚོད9དང་ཕྱེད་ཀར། གསར་འགོད་པ་ཉིང་ཁྲི་གྲོང་ཁྱེར་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལྷོ་ཕྱོགས་སུ་གནས་པའི་ཆུ་ཚོད24རིང་གི་རང་བརྟེན་ཞབས་ཞུ་སྒྲུབ་སའི་ཚོམས་ཆེན་དུ་སྐྱོད་སྐབས། གྲོང་མི་ཝང་རུན་གྱིས་ཐོབ་ཐང་ལག་ཁྱེར་བོར་བརླག་སོང་རྗེས་ཀྱི་གསབ་སྒྲུབ་འགྲོ་ལུགས་གཉེར་བཞིན་པ་མཐོང་། གྲོང་མི་ཝང་རུན་གྱིས་ནུས་པ་ཀུན་ལྡན་གྱི་འཕྲུལ་ཆས་དེའི་མདུན་དུ་མཛུབ་རིས་བསྡུ་ལེན་དང་། ཆ་འཕྲིན་ཞིབ་བཀོད། ཆ་འཕྲིན་ཞིབ་བཤེར།  རིན་གོང་རང་སྤྲོད་སོགས་ཀྱི་བཀོལ་སྤྱོད་གོ་རིམ་རབ་དང་རིམ་པ་བརྒྱུད་རྗེས། དུས་ཡུན་སྐར་མ་གཉིས་ལས་མ་འགོར་བར་ཐོབ་ཐང་ལག་ཁྱེར་ལེན་པའི་འཛིན་ཡིག་རག་ཡོད།

b3d63fea-60bd-4048-a631-42daa6637890.gif

ཡུལ་མིའི་ཐོབ་ཐང་ལག་ཁྱེར་རང་བརྟེན་པར་རྒྱག་རེ་ཞུ་ཐུབ་པའི་ནུས་པ་ཀུན་ལྡན་གྱི་ འཕྲུལ་ཆས་དེར་རང་བརྟེན་པར་ལེན་དང་། བདག་སྤྲོད། རིན་གོང་སྤྲོད་པ་བཅས་ཀྱི་བྱེད་ནུས་ལྡན་པས།   ཐོབ་ཐང་ལག་ཁྱེར་དུས་བཀག་གཙང་རྗེས་བརྗེ་པོ་རྒྱག་པ་དང་།   བོར་བརླག་སོང་རྗེས་གསར་དུ་བཟོ་བའི་ལས་སྒོ་ཆ་ཚང་རང་བརྟེན་ངང་སྒྲུབ་ཆོག ཡུལ་མིས་ཐོང་ཐང་ལག་ཁྱེར་གསར་པ་བཟོ་སྐབས། ད་དུང་འདྲ་པར་མང་པོའི་ཁྲོད་ནས་མོས་ཤོས་ཀྱི་འདྲ་པར་དེ་བདམས་ནས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་སྟེང་དུ་སྤྱད་ན་ཆོག

210031d6-8056-4f3f-93f7-651fcaa417d6.gif

ཡུལ་མིའི་ཐོབ་ཐང་ལག་ཁྱེར་རང་བརྟེན་པར་རྒྱག་རེ་ཞུ་ཐུབ་པའི་འཕྲུལ་ཆས་ཀྱི་འགྲམ་དུ་ད་དུང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རང་བརྟེན་སྤྲོད་ལེན་གྱི་འཕྲུལ་ཆས་གཅིག་བཞག་ཡོད། དེ་གར་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཟོ་ལེན་གྱི་ལས་དོན་ཚང་མ་རང་བརྟེན་ངང་སྒྲུབ་ཐུབ་པས།  ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བཟོ་བའི་འགྲོ་ལུགས་སྟབས་བདེ་རུ་བཏང་ཡོད།

c4c8dab1-7b55-49bc-bc44-01a4d8c370b0.gif

aeea75ae-f793-4539-8a3a-2b7f15abef0d.gif


མཉམ་སྤྱོད།