དེ་རིང་ནི2025ལོའི་ཟླ05པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གི་ཁྱད་ལྡན་ཐོན་རྫས་དེ་ལིན་དབྱི་གྲོང་ཁྱེར་གྱི་དངོས་མང་སྟོན་ཚོགས་སུ་ཞུགས།

2024-04-18 15:44:26   |   514

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4པའི་ཚེས12ནས་ཚེས16ཉིན་བར། སྐབས་གསུམ་པའི་གྲོང་གསེབ་དར་སྤེལ་གྱི་སྤུས་རྟགས་དུས་ཆེན་དང་སྐབས་བཅུ་གཉིས་པའི་ལན་ལིང་སྔོ་ཚལ་ཐོན་ལས་དངོས་མང་སྟོན་ཚོགས་ལིན་དབྱི་གྲོང་ཁྱེར་ལན་ལིང་རྒྱལ་ཁབ་ཞིང་ལས་སྤྱི་གླིང་དུ་འཚོགས། ལིན་དབྱི་གྲོང་ཁྱེར་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་མཐུན་སྦྱོར་འབྲེལ་མཐུད་དང་། མདའ་བཞི་རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་དང་གྲོང་གསེབ་དར་སྤེལ་ཅུ། རྫོང་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུ་བཅས་ཀྱིས་མདའ་བཞི་རྫོང་ཧྲན་ཧེ་ཆིན་ཞིང་ཕྱུགས་ལས་གསར་སྤེལ་ཚད་ཡོད་ཀུང་སི།  མཚོ་སྔོན་ཁུའུ་ཁུའུ་ནོར་ཟས་རིགས་ཚད་ཡོད་ཀུང་སི། མཚོ་བྱང་ཆིང་ཧུའུ་ཡོན་སྐྱེ་དངོས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སི་སོགས་མདའ་བཞི་རྫོང་གི་ཁེ་ལས10ལྷག་དང་ཁྱད་ལྡན་སྤུས་ལེགས་ཐོན་རྫས30ལྷག་ཙམ་ཧྲག་འདེམས་བྱས་ནས་དངོས་མང་སྟོན་ཚོགས་སུ་ཞུགས།

001.jpg

0000.jpg

ཐོན་རྫས་འགྲེམས་འཚོང་གི་ཆུ་ཚད་ཇེ་མཐོ་དང་ནང་དོན་ཕུན་སུམ་ཚོགས་པ། ཤུགས་རྐྱེན་ཆེ་རུ་གཏོང་ཆེད། ལིན་དབྱི་གྲོང་ཁྱེར་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་མཐུན་སྦྱོར་སྒོས་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ100ལྷག་ཙམ་ཡོད་པའི་ཐོན་རྫས་འགྲེམས་ཁང་བཙུགས་པ་དང་། ཞེན་མི་ཁྲི་ཕྲག་ཡོད་པའི་དྲ་དཔོན་གྲགས་ཅན་གདན་དྲངས་ནས་དུས་གཅིག་ཏུ་འགྲེམས་འཚོང་དང་དྲ་ཐོག་ནས་ཐད་ཚོང་བྱས། འགྲེམས་ཁང་གི་གློག་རྡུལ་བརྙན་ཤེལ་ནས་མདའ་བཞི་རྫོང་གི་ཡུལ་ལྗོངས་དང་སྐྱེ་ཁམས། ཕྱུགས་ལས། གསར་བརྗེ་སོགས་ཀྱི་དྲིལ་སྒྲོག་བརྙན་གཟིགས་རེས་མོས་བསྟན་པ་དང་། མདའ་བཞི་རྫོང་གི་ནས་ཐུག་དང་ནས་ཆང་། སྐམས་ལུག་ཤ་སོགས་ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས། དུས་མཚུངས་སུ། མདའ་བཞི་རྫོང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དང་ས་མཐོའི་སྐྱེ་ཁམས་གནས་སྐོར། གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་སོགས་ཁྱད་ལྡན་ཐོན་ཁུངས་ཕྱོགས་ཡོངས་ནས་དྲིལ་སྒྲོག་དང་འོས་སྦྱོར་བྱས།

003.jpg

འགྲེམས་ཚོགས་སྐབས་སུ། ལིན་དབྱི་གྲོང་ཁྱེར་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འགྲེམས་ཚོགས་སུ་ཞུགས་པའི་མདའ་བཞི་རྫོང་གི་ཁེ་ལས་དང་ལིན་དབྱི་གྲོང་ཁྱེར་ས་ཞིང་འཕེལ་རྒྱས་སྡེ་ཚོགས། ཆིས་ལུའོ་ཞིང་ལས་ཐོན་རྫས་ཚོང་ཁྲོམ། ཧོ་ཏུན་ཁུལ་མཁོ་འཚོང་མཉམ་ལས་ཁང་སོགས་ཁེ་ལས་དང་མཉམ་ལས་ཀྱི་འདོད་བློ་བཞག་པ་རེད། 

004.jpg

རྗེས་མར། ལིན་དབྱི་གྲོང་ཁྱེར་མཚོ་སྔོན་རོགས་སྐྱོར་ལས་བྱེད་པས་མུ་མཐུད་དུ་ལིན་དབྱི་གྲོང་ཁྱེར་འགྲེམས་ཚོགས་དཔལ་འབྱོར་སྟེགས་བུར་བརྟེན་ནས་འགྲེམས་ཚོང་མཉམ་ལས་དང་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མདའ་བཞི་རྫོང་གི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་ཧྲན་ཏུང་གི་ཚོང་རར་ཞུགས་པར་རོགས་རམ་བྱ་རྒྱུ་རེད།


མཉམ་སྤྱོད།