སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།
ཟླ4པའི་ཚེས17ཉིན། ཀྲུང་གོའི་རིག་དངོས་ཅུ་ཡིས་ཨ་རིའི་ལག་ནས་ཕྱི་ལ་ཤོར་བའི་རིག་དངོས38ཕྱིར་བླངས། ཕྱིར་སྤྲོད་པའི་མཛད་སྒོ་ཉིའུ་ཡུའེ་རུ་བཅའ་སྡོད་བྱས་པའི་ཀྲུང་གོའི་གཞུང་ཚབ་ཁང་ནས་སྤེལ། ཨ་རིའི་ཉིའུ་ཡུའེ་མན་ཧ་ཏུན་གཞུང་ཚབ་ཁང་གིས་རིག་དངོས38ཀྲུང་གོར་སྤྲད།
ཆེད་མཁས་པས་གསལ་འབྱེད་བྱས་པ་ལྟར་ན། རིག་དངོས་མང་ཆེ་བ་ནི་མིང་ཆིང་སྐབས་ཀྱི་ཀྲུང་གོའི་བོད་བརྒྱུད་ནང་བསྟན་གྱི་རིག་དངོས་ཡིན་ཞིང་། མཆོད་རྟེན་དང་ལྷ་སྐུ། ཐང་ཀ་སོགས་འདུ་ལ། རྒྱུ་ཆ་ནི་ཟངས་དང་། བ་སོ། ཤིང་། འདམ་བཅས་ལས་གྲུབ་པ་རྐྱང་ཡིན། རིག་དངོས་དེ་དག་ཉར་ཚགས་བྱས་པ་ལེགས་ཤིང་། ལོ་རྒྱུས་དང་སྒྱུ་རྩལ། ཚན་རིག་བཅས་ཀྱི་རིན་ཐང་གལ་ཆེན་ལྡན།