དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-19 07:38:06   |   415

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུ་བཅས་ཀྱིས་བློ་མཐུན་ཅིང་ཧའེ་ཕུང་ལ“དམིགས་བསལ་རིམ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་གཟེངས་རྟགས”སྤྲོད་རྒྱུ་དང་། བློ་མཐུན་ཀྲུའུ་དབྱང་ཀྲུའུ་དང་ཀུའེ་ཧའེ་ཁྲའོ་ལ“འཇིག་རྟེན་འཕུར་སྐྱོད་པའི་དཔའ་བོའི་”གཟི་བརྗིད་མཚན་སྙན་དང་རིམ་པ་གསུམ་པའི་འཇིག་རྟེན་འཕུར་སྐྱོད་ཀྱི་གཟེངས་རྟགས་སྤྲོད་རྒྱུའི་གཏན་འབེབས་བྱས།

  • སྐོར་ཞིབ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། ཚེས17ཉིན་བར་དུ་སྐབས་ཉི་ཤུ་པའི་ཀྲུང་དབྱང་གི་རེས་སྐོར་གསུམ་པའི་སྐོར་ཞིབ་བཅའ་སྡོད་ལས་དོན་ལེགས་འགྲུབ་བྱུང་ཡོད།

  • རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་རྒྱལ་མཚམས་བརྒལ་ནས་འགྲོ་འོང་བྱེད་མཁན་མི་ཐེངས་དུང་ཕྱུར1.41ལས་བརྒལ་བ་དང་། དུས་མཚུངས་ལས117.8%འཕར་ཡོད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་དངོས་ཟོག་དང་ཞབས་ཞུའི་ཚོང་དོན་སྡོམ་འབོར་ཨ་སྒོར་དུང་ཕྱུར600ལས་བརྒལ་ཞིང་དུས་མཚུངས་ཀྱི་ལོ་རྒྱུས་དང་སྡུར་ན་ཆུ་ཚད་མཐོ་ཙམ་དུ་སླེབས་ཡོད།

  • ཀྲུང་གོའི་རྒྱལ་སྤྱིའི་འཛད་སྤྱོད་དངོས་རྫས་ཀྱི་དངོས་མང་སྟོན་ཚོགས་སྐབས་བཞི་པ་ཚེས18ཉིན་གྲོལ། སྐབས་འདིའི་འཛད་སྤྱོད་དངོས་མང་སྟོན་ཚོགས་ནང་རྒྱལ་ཁབ་དང་ས་ཁུལ71གི་སྤུས་རྟགས4000ལྷག་ཙམ་འགྲེམས་སྟོན་ནང་ཞུགས་པ་དང་ཚོགས་ར་གཙོ་བོར་ལྟད་མོ་བ་མི་ཐེངས་ཁྲི37.3ཙམ་ཐོན་ཡོད།

  • སློབ་གསོ་པུས་དངོས་གཞིའི་ཆེད་ལས་ཇུས་འགོད་ལས་དོན་བཀོད་སྒྲིག་བྱས་ཏེ།  མཐོ་སློབ་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་སོགས་ལ་གཞིགས་ནས་སྔ་མོ་ནས་ཆེད་ལས་གང་དག་ཁ་སྣོན་བྱེད་དགོས་པ་ཇུས་འགོད་བྱེད་དགོས་པ་ཁ་གསལ་བཏོན།

    1.jpg

  • རང་རྒྱལ་གྱིས་རང་བརྟེན་ཞིབ་འཇུག་བྱས་པའི་ཅིའུ་ཕུ་པར་ཆས་ཡིས་ཐོག་དང་པོར་སྲུང་སྐར་པར་བླངས་ཏེ་ཕྱིར་བརྒྱུད་སྐུར་བྱས། ཐོག་མའི་པར་རིས་དེ་ལ་གསལ་ཞིང་རིམ་པ་གསལ་བ། ཚོན་མདངས་ཡང་དག་པ་བཅས་ཀྱི་ཁྱད་ཆོས་ལྡན།

2.jpg

  • ས་གནས་དེ་གའི་ཚེས17ཉིན། རྒྱལ་ཁབ་རིག་དངོས་ཅུ་ཡིས་ཨ་རིའི་ལག་ནས་ཕྱིར་གྱར་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས་ཁག38ཕྱིར་བླངས།

  • ཨ་རིས་ཀྲུང་གོའི་ངར་ལྕགས་ཧ་ཡང་ཐོན་རྫས་ལ་ཚོད་འཛིན་བྱེད་ཐབས་གསར་པ་སྤྱོད་རྩིས་ཡོད་པའི་ཐད་དུ་རང་རྒྱལ་གྱི་ཚོང་དོན་པུས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་བཤད།

  • ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་མགོ་རྩོམ་པའི་བར་ཉིན་བརྒྱ་ཡང་མེད། དེའི་ནང་དུ་ཀྲུང་གོའི་རུ་ཁག་གི་བདམས་ཐོན་པར་བྱ་སྒྲོའི་སྤོ་ལོ་དང་། ལྗིད་འདེགས། མདའ་འཕེན་སོགས་རྣམ་གྲངས་ཆུང་གྲས174ཡི་འགྲན་ཞུགས་གདན་ཐོབ239ཐོབ་ཡོད།

    སྤྱི་ཚོགས།

  • འབྱུང་འགྱུར་ཉིན་གསུམ་ནང་འབྲི་ཆུའི་ལྷོ་རྒྱུད་དང་། ཧྭ་ནན། ཀུའེ་ཀྲོའུ་སོགས་སུ་ཆར་ཆུ་ཆེན་པོ་དང་གཏད་རྒྱུག་གནམ་གཤིས་ཆེན་པོ་ཡོད་པ་དང་། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་མུ་མཐུད་དུ་དྲག་ཆར་གྱི་ཉེན་བརྡ་སྔོན་པོ་དང་གཏད་རྒྱུག་གནམ་གཤིས་ཀྱི་སྔོན་བརྡ་སེར་པོ་བཏང་།

3.jpg

  • ཚེས18ཉིན་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ནང་གི་གྲོང་ཚོ་སྒྱུར་བཀོད་རྣམ་གྲངས་ཀྱི་ཁང་པའི་སྤ་སེ་དང་པོ་ཀོང་ཀྲོའུ་རུ་སྤྲད།

  • ཧུའུ་པེ་ཧོང་ཀང་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཡོངས་བསྒྲགས་ཁྲིམས་ར་འཚོགས་ཏེ། ཀྲུང་གོ་མི་དམངས་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ཧྥན་དབྱི་ཧྥེ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་དེར་ཞིབ་གཅོད་བྱས།

  • ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱིས་ལོ་འཁོར་གྱི་ཚན་རིག་གི་དཀྲོག་གཏམ་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས། དེའི་ནང་“གློག་རྡུལ་ཐ་མག་ལ་གནོད་པ་མེད”ཅེས་པ་སོགས་ཚུད་ཡོད།

  • ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་མཛུབ་ཁྲིད་བསམ་འཆར་བཏོན་ནས་ལམ་རྒྱུག་འགྲན་སྡུར་གྱི་ཚོང་ལས་འགྲན་རྩོད་ཚད་ལྡན་དུ་གཏོང་རྒྱུའི་འཆར་གཞི་ལྡན།

    4.png

  • ཚེས18ཉིན། དུས་ཡུན་ལོ་གསུམ་རིང་བདག་སྐྱོང་བྱས་པའི་ཆིན་ལིན་འདྲུད་རྟ་དང་པོ(秦陵一号)དང་། ཟངས་ཀྱི་འདྲུད་རྟ་གཉིས་པ་ཆིན་ལིང་ཟངས་ཀྱི་འདྲུད་རྟ་རྟེན་རྫས་བཤམས་མཛོད་ཁང་དུ་ཐོག་མར་འགྲེམས་སྟོན་བྱས།

  • སྙན་ཞུ་གསར་ཤོས་ལས་མངོན་པ་ལྟར་ན། 2023ལོར་རྒྱལ་ཡོངས་ཀྱི་རྒྱལ་ཁབ་གནའ་ཤུལ་སྤྱི་གླིང55ཡིས་གནས་སྐོར་བ་མི་ཐེངས་ཁྲི6700ལྷག་ཙམ་སྣེ་ལེན་བྱས། དུས་མཚུངས་ལས135%འཕར་ཡོད།

    5.jpg

  • ཧྲེན་ཀྲུང་བགྲོད་ལམ་གྱི་ཟམ་པའི་ལས་གྲྭའི་ཐེག་ཚད་ཚོད་ལྟ་ལེགས་གྲུབ་བྱུང་ཞིང་། དེ་ཡིས་ད་ལོའི་ཟླ་དྲུག་པར་རླངས་འཁོར་ཤར་གཏོང་ཐུབ་པའི་ཕྱོགས་སུ་འགག་རྩའི་གོམ་སྟབས་ཤིག་སྤོས་ཡོད།

  • ཀྲེ་ཅང་ཐའེ་ཀྲོའུ་སྤྱི་བདེ་ལས་ཁུངས་ཀྱིས“དམིགས་བསལ་མཁོ་འདོན་”དང“ཆེད་མངགས་མཁོ་འདོན་བྱེད་པའི”ཁྲིམས་འགལ་ངང་ཨ་རག་རྫུན་མ་བཟོ་འཚོང་བྱེད་པའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། ཏང་སྲིད་དམག་གསུམ་གྱི་ལས་ཁུངས་སོགས་ཀྱི་ཡི་གེ་ཡོད་པའི་ཨ་རག་རྫུན་མའི་རིགས20ལྷག་ཙམ་སྒམ1300ལྷག་ཙམ་ཞིབ་བཤེར་བཀག་ཉར་བྱས།

    སྲིད་ཇུས།

  • ཧྲང་ཧའེ་ཡིས་དམངས་གཉེར་སློབ་གྲྭ་ཆུང་འབྲིང་གི་རིན་བསྡུའི་དོ་དམ་བྱེད་ཐབས་བཏོན་པ་དང་། ཁེ་གཉེར་མིན་པའི་དམངས་གཉེར་སློབ་གྲྭ་ཆུང་འབྲིང་གི་སློབ་ཡོན་དང་ཉལ་ཁང་གི་རིན་པ་ལ་སྲིད་གཞུང་གི་མཛུབ་ཁྲིད་རིན་གོང་ལག་བསྟར་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། ཁེ་གཉེར་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གྲྭའི་སློབ་ཡོན་དང་ཉལ་ཁང་གི་རིན་པ་ལ་ཁྲོམ་རའི་སྙོམས་སྒྲིག་རིན་གོང་ལག་བསྟར་བྱ་རྒྱུ་རེད།

  • ཧྲན་ཏུང་གིས་བྱ་སྤྱོད་འཆར་གཞི་ཁྱབ་བསྒྲགས་བྱས་ཏེ་གྲོང་གསེབ་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་སྤུས་ཚད་མཐོ་བ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། ཚད་གཞི་མཐོ་བའི་སྒོ་ནས་ལྟེ་བའི་གྲོང་ཚོའི་འཕྲོད་བསྟེན་ཁང་ཁག་གཅིག་བསྐྲུན་ནས་ཁྲག་དབྱེ་ཞིབ་ཡོ་བྱད་སོགས་སྒྲིག་ཆས་བཀོད་སྒྲིག་བྱ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་བཏོན་ཡོད།

  • ཧོ་ནན་གྱིས་བརྡ་ཐོ་བཏང་ནས་གོ་མིང་ཞིབ་དཔྱད་ལས་དོན་ལེགས་སུ་བཏང་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སོགས་ལག་ལེན་རང་བཞིན་ཆེ་བའི་ལས་རིགས་ཀྱིས་དཔྱད་རྩོམ་དེ་གོ་མིང་གདེང་འཇོག་བྱེད་པའི་དམིགས་ཚད་གཙོ་བོར་བརྩི་རྒྱུ་མིན་པ་ཁ་གསལ་བཏོན།

    དེ་རིང་གི་གནམ་གཤིས།

6.jpg

  • ཧོ་ནན་གྱི་ལྷོ་རྒྱུད་དང་། ཨན་ཧུའེ་ཡི་དབུས་ལྷོ་རྒྱུད། ཧུའུ་པེའི་ས་ཆ་མང་ཆེ་བ། ཁྲུང་ཆིང་གི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་ཤར་རྒྱུད། འབྲི་ཆུའི་ལྷོ་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་ཡིན་པ་དང་། ནང་སོག་གི་དབུས་ནུབ་རྒྱུད་དང་ཞིན་ཅང་གི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་གཤོང་ས། ཉིང་ཞ། ཧྲའན་ཞིའི་བྱང་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་རིམ་པ5ནས7བར་གྱི་རླུང་གཡུག་རྒྱུ་རེད།


མཉམ་སྤྱོད།