དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཨ་རི་དང་ཨུ་རུ་སུ་སོཊ་རྒྱལ་ཁབ29ཚོཊ་འདུ་འདིར་ཞུཊ་རྒྱུ་རེད།

2024-04-19 08:49:28   |   193

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མི་དམངས་དྲ་བ།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཟླ4པའི་ཚེས21ཉིན་ནས་ཚེས24ཉིན་བར། ཀྲུང་གོའི་མཚོ་དམག་གིས་ཧྲན་ཏུང་ཆིང་ཏའོ་རུ་ཞི་བདེ་རྒྱ་མཚོ་ནུབ་མའི་མཚོ་དམག་གླེང་སྟེགས་སྐབས19པའི་ལོ་ཚོགས་གཉེར་རྒྱུ་ཡིན་ཞིང་། དེའི་ནང་ཨོ་སི་ཁྲུ་ལི་ཡ་དང་། ཅན་ཕུའུ་ཀྲའེ། ཀྲི་ལི། ཧྥ་རན་སི། རྒྱ་གར། ཧིན་རྡུ་ཉི་ཞི་ཡ། ལྗར་པན། ཁོ་རེ་ཡ། ཨུ་རུ་སུ། ཨ་རི། ཕ་ཁི་སི་ཐན། དབྱིན་ཇི་སོགས་རྒྱལ་ཁབ29ཡི(མཚོ་དམག་འགོག་སྲུང་སྡེ་ཚན་གྱི)འཐུས་མི་ཚོགས་པ་མངགས་ནས་ཚོགས་འདུར་ཞུགས་རྒྱུ་རེད། 

དེའི་རིང་མཚོ་དམག་གིས“ལས་དབང་དང་ཐུན་མོང་གི་རྒྱ་མཚོ”ཞེས་པའི་མཐོ་རིམ་ཞིབ་འཇུག་གྲོས་བསྡུར་ཚོགས་འདུ་འཚོགས་ནས། “གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་མགོ་དང་རྒྱ་མཚོའི་ཞི་བདེ་བདེ་འཇགས”དང་། “མཚོ་ཐོག་བདེ་འཇགས་མཉམ་ལས་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱ་མཚོའི་སྒྲིག་ལམ།” “མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་དང་། གོ་ལ་ཧྲིལ་པོའི་རྒྱ་མཚོ་བཅོས་སྐྱོང”ཞེས་པའི་ཡན་ལག་གྲོས་དོན3བཙུགས་ནས། ཕྱི་རྒྱལ་གྱི་མཚོ་དམག་གི་མགོ་ཁྲིད་པ་ཁག་གཅིག་གདན་དྲངས་ཏེ་གྲོས་དོན་ལ་དམིགས་ནས་གྲོས་བསྡུར་གཏམ་བཤད་བྱ་རྒྱུ་དང་། མཚོ་དམག་གི་མགོ་ཁྲིད་ཀྱིས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འཐུས་ཚབ་ཚོགས་པ་དང་ཕྱོགས་གཉིས་ཀྱི་མཇལ་འཕྲད་ཀྱང་གནང་རྒྱུ་རེད།



མཉམ་སྤྱོད།