མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས03ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་གི་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་མི་སེམས་ལ་ཟུག་ཡོད།

2024-04-19 10:38:45   |   113

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


“མདེལ་གཉིས་དང་སྐར་གཅིག”གི་སྙིང་སྟོབས་ལ་གཟི་འོད་འབར་ཞིང་། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་མི་སེམས་སུ་ཟུག་ཡོད། ཟླ4པའི་ཚེས17ཉིན་གསར་འགོད་པས་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོའི་ཟླ3པའི་ཟླ་དཀྱིལ་ནས་ད་ལྟའི་བར་དུ་སློབ་གླིང་གིས་གསོ་སྦྱོང་འཛིན་གྲྭ་ཐེངས25དང་མི་ཐེངས6000ལྷག་ཙམ་གཉེར། ན་ནིང་ལོ་ཧྲིལ་པོར་རིམ་པ་ཁག་དང་རིགས་ཁག་གི་གསོ་སྦྱོང་འཛིན་གྲྭ་ཐེངས236གཉེར་འགན་འཁུར་བ་དང་སློབ་མ་མི་ཐེངས49101ལ་གསོ་སྦྱོང་བྱས།

མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་གིས“མདེལ་གཉིས་སྐར་གཅིག”གི་གསར་བརྗེའི་ཐོན་ཁུངས་ལ་དམ་པོར་དམིགས་ནས་གསར་བརྗེའི་སློབ་གསོའི་མཚོ་སྔོན་གྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་སྤུས་ཚད་མཐོ་བའི་སྒོ་ནས་སྤེལ་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་བཏང་། ན་ནིང་ལོ་ཧྲིལ་པོར་ཞིང་ཆེན་ཕྱིའི་གསོ་སྦྱོང་འཛིན་གྲྭ་ཐེངས54དང་མི་ཐེངས12449གཉེར་བ་དང་། ཞིང་ཆེན་ནང་ཁུལ་གྱི་གསོ་སྦྱོང་འཛིན་གྲྭ་ཐེངས182དང་མི་ཐེངས36652གཉེར། ཁྱད་ལྡན་སློབ་ཚན་གསར་སྤེལ་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་《“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན》དང་།《“མདེལ་གཉིས་སྐར་གཅིག”གི་ལས་གྲྭའི་ནང་འདུས་པའི་ཀྲུང་གོ་རྣམ་པའི་གསང་ཨང》དང་།《ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ལ་རམ་འདེགས་བྱེད》སོགས་ཆེད་དོན་སློབ་ཚན5བཀོད་སྒྲིག་བྱས་ཡོད་པ་དང་། ཡན་ལག་བཟོ་གྲྭ་བདུན་པ་དང་། མཐོན་པོ་སྒང་། དམག་སྒར་བཅུ་གཉིས་པ་སོགས་ཡུལ་དངོས་སློབ་ཚན4བཀོད་སྒྲིག་བྱས་ཡོད། ཁྱད་ལྡན་སློབ་དེབ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་གི་སློབ་དེབ་རྩོམ་སྒྲིག་ཞིབ་བཤེར་ཨུ་ལྷན་བཙུགས་པ་དང་། སློབ་དེབ་སྟེ《“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་བྱེད། ཀྲུང་གོའི་གཞོན་ནུ་ཤེས་ཡོན་ཅན་གླེང་སྟེགས་ཀྱི་རྩོམ་བཏུས(2020ལོ་ནས2022ལོའི་བར)》དང་། 《ཀྲུང་གོའི་མ་རྡུལ་མཁར་གྱི་འདས་ཟིན་པའི་མི་དེ་དག་དང་དོན་དག་དེ་དག--མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་སློབ་གླིང་གི་ཡུལ་དངོས་ཀྱི་སློབ་ཁྲིད་ཁྲིད་གཞུང(གཅིག)》བཅས་རྩོམ་སྒྲིག་བྱས་པ་དང་འབྲེལ།  211གི་ལས་བཟོ་བ་རྒན་པ་ཝུའུ་ཏང་ཧྲི་དང་ཧྲིན་ཅུས་ཧྥང་སོགས་མི་སྣའི་བཅར་འདྲི་དང་ཡིག་ཚགས་དོ་དམ་གྱི་ལས་དོན་སྒྲུབ་པ་དང་། ནང་དོན་དེ་དག་ཡུལ་དངོས་སློབ་ཚན་དང་སློབ་དེབ་ཀྱི་ནང་དུ་བཅུག་ཡོད།


མཉམ་སྤྱོད།