དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་བྱེད་ཐབས་གསུམ་སྤྱད་དེ་འདེམ་སྐོང་སློབ་མའི་འཚར་ལོངས་ལ་ཁ་ཕྱོགས་བསྟན།

2024-04-19 11:25:46   |   373

རྩོམ་སྒྲིག   སངས་དོན།      ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།      བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ལོ་རེའི་འདེམ་སྐོང་སློབ་མ་དེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་གཙོ་གནད་དུ་བཞག་ནས་དོ་དམ་གཟབ་ནན་དང་གནད་ཁེལ་སྐྱེད་སྲིང་། ཚན་རིག་དང་མཐུན་པའི་དཔྱད་ཞིབ་བཅས་ཀྱི་བྱེད་ཐབས་གསུམ་སྤྱད་དེ་འདེམ་སྐོང་སློབ་མའི་འཚར་ལོངས་ལ་ཁ་ཕྱོགས་བསྟན་པ་དང་། གཞི་རིམ་དཔུང་ཁག་འཛུགས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་བཏང་།

ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ། འདེམ་སྐོང་སློབ་མའི་འཚར་ལོངས་ལ་སྲུང་སྐྱོང་བྱས་པ།《མཚོ་སྔོན་གྱི་འདེམ་སྐོང་སློབ་མའི་དོ་དམ་བྱེད་ཐབས(ཚོད་ལྟའི་ལག་བསྟར)》ལག་བསྟར་ནན་པོ་དང་། འདེམ་སྐོང་སློབ་མ་དེ་གྲོང་ཚོར་བཅའ་སྡོད་བྱེད་པའི་སྒྲིག་ལམ་དང་ལས་སྒྱུར་སོགས་ཀྱི་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ཏེ། འདེམ་སྐོང་སློབ་མའི་ཧྲག་འདེམས་སྐྱེད་སྲིང་དང་དོ་དམ་བཀོལ་སྤྱོད་ཀྱི་ལས་དོན་ཚད་ལྡན་དུ་བཏང་། འདེམ་སྐོང་སློབ་མ་དེ་གྲོང་ཚོར་འབྱོར་ནས་མིང་རྟགས་འགོད་པ་དང་ལས་ཀ་སྒྲུབ་པའི་གནས་ཚུལ། དགོངས་ཞུ་སོགས་ཀྱི་ལམ་ལུགས་ལག་བསྟར་ནན་པོ་དང་། ལས་གནས་ཀྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་བྱས་པ་ཟད། གྲོང་ཚོ་རུ་ལས་གནས་ཁུར་བའི་འདེམ་སྐོང་སློབ་མར་ཐོ་འགོད་རྩིས་ཁྲ་བཟོས་ཏེ། དུས་ཚིགས་རེར་བརྡ་ཁྱབ་བྱེད་པའི་ལམ་ལུགས་ལག་བསྟར་བཏང་བ་དང་། ཐོ་འགོད་ཀྱི་ཐེངས་གྲངས་ཚད་གཞི་དང་མི་མཐུན་པ་དང་ཐོ་འགོད་ཚད་ལྡན་མིན་པའི་འདེམ་སྐོང་སློབ་མར་དུས་ཐོག་ཏུ་དྲན་སྐུལ་བྱས་ཏེ། འདེམ་སྐོང་སློབ་མ་གྲོང་ཚོ་རུ་སྡོད་པ་དང་གྲོང་ཚོ་རུ་ལས་ཀ་སྒྲུབ་པར་འགན་ལེན་བྱས། 《མདའ་བཞི་རྫོང་གི་འདེམ་སྐོང་སློབ་མའི་གྲོང་ཚོར་ལས་གནས་འཁུར་བའི་ཆེད་དོན་ལས་ཀའི་གྲོན་དངུལ་བེད་སྤྱོད་དང་དོ་དམ་སྤྲོད་ཐབས(ཚོད་ལྟའི་ལག་བསྟར)》གཏན་འབེབས་བྱས་ནས་སློབ་གསོ་གསོ་སྦྱོང་དང་རྒྱལ་ཁབ་ཀྱི་གནས་ཚུལ་རྟོག་ཞིབ། མང་ཚོགས་ལ་ཞབས་ཞུ། ལས་ཀ་དང་འཚོ་བ་སོགས་ཀྱི་ཐད་མ་དངུལ་གྱི་རྒྱབ་སྐྱོར་བྱས། ཡུལ་ཚོ་དང་གྲོང་རྡལ་ཁག་དང་མཉམ་དུ་འགྲོ་གྲོན་བེད་སྤྱོད་ལ་མཛུབ་ཁྲིད་དང་ལྟ་སྐུལ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་ནས་འགྲོ་གྲོན་བེད་སྤྱོད་ལུགས་མཐུན་དང་བེད་སྤྱོད་གནད་ལ་ཁེལ་བ་བྱས།

ལག་ལེན་དང་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས། འདེམ་སྐོང་སློབ་མའི་འཚར་ལོངས་ལ་ལམ་སྣེ་ཁྲིད་པ། འདེམ་སྐོང་སློབ་མ་དེ་རྫོང་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་ནང་བཅུག་ནས་རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ཡུལ་དངོས་སློབ་ཁྲིད། ལས་སྒོ་དངོས་སྦྱོང་དང་ལས་གནས་སྦྱོང་བརྡར་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ། འདེམ་སྐོང་སློབ་མའི་རྒྱལ་ཁབ་ཀྱི་གནས་ཚུལ་བརྟག་ཞིབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། འདེམ་སྐོང་སློབ་མས་གྲོང་ཚོར་ལས་གནས་འཁུར་བའི“3+1”ཆ་སྒྲིག་རོགས་ཁྲིད་ལམ་སྲོལ་ཁྱབ་གདལ་ཧུར་ཐག་བཏང་ནས། རྫོང་རིམ་པ་དང་ཡུལ་ཚོའི་མགོ་ཁྲིད། གྲོང་ཚོ“ཨུ་ལྷན་གཉིས”བཅས་སོ་སོར་ཆབ་སྲིད་བསམ་བློ་དང་ལས་སྒོའི་རྩལ་ནུས། མང་ཚོགས་ཀྱི་ལས་ཀ་བྱེད་སྟངས་བཅས་ཕྱོགས་གསུམ་ཐད་ནས་རོགས་རམ་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་། དུས་ལྟར་འདེམ་སྐོང་སློབ་མ་གྲོང་ཚོར་ལས་གནས་འཁུར་བའི་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་ནས། ལས་འགན་གྱི་གསལ་ཐོར་དམིགས་ཏེ་འགན་འཁུར་སའི་གྲོང་ཚོའི་གནས་ཚུལ་དང་ཟུང་འབྲེལ་སྒོས་ནས“གཅིག་གཏད་གཅིག”གི་རིགས་དབྱེའི་མཛུབ་ཁྲིད་དང་རོགས་རམ་བྱས། འདེམ་སྐོང་སློབ་མ་དེ་ཐད་ཀར་གྲོང་གསེབ་ཀྱི་འཐབ་ས་དང་པོའི་ཞིབ་ཕྲའི་ལས་དོན་ནང་ཞུགས་རྒྱུར་དོ་སྣང་བྱས་ཏེ། སྔ་རྗེས་སུ་འདེམ་སྐོང་སློབ་མ20གྲོང་ཚོར་ལས་གནས་འཁུར་བར་བཀོད་སྒྲིག་བྱས་པ་དང་འདེམ་སྐོང་སློབ་མ16སྐོར་ཞིབ་དང་གྲོང་གསེབ་དར་རྒྱས། གཞི་རིམ་ཏང་འཛུགས་སྐྱོང་སོགས་ཀྱི་གཙོ་གནད་ལས་དོན་ནང་ཞུགས་པར་བཅུག་ནས་འདེམ་སྐོང་སློབ་མ་དེ་གཞི་རིམ་དུ་རྩལ་ནུས་རྫོགས་པར་མཐུན་རྐྱེན་སྐྲུན།

འགན་ནུས་ལག་བསྟར་ལ་དོ་སྣང་དང་ཚན་རིག་དང་མཐུན་པའི་དཔྱད་ཞིབ་བྱས་ཏེ། འདེམ་སྐོང་སློབ་མའི་འཚར་ལོངས་ལ་མཐུན་རྐྱེན་སྦྱར་བ། འགན་འཁྲི་སྒྲུབ་པ་དང་ལས་ཀའི་གྲུབ་འབྲས་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་བསྡུས་དཔྱད་ཞིབ་མ་ལག་བཙུགས་ནས་མི་སྒེར་གྱི་ལས་འགན་སྒྲུབ་ཚུལ་དང་བྱེ་བྲག་གི་གླེང་མོལ། ཡུལ་དངོས་བཅར་འདྲི། དཔྱད་ཡིག་ལྟ་ཀློག ངོ་འཕྲད་གྲོས་མོལ་བྱེད་པའི་ཆེད་དོན་དཔྱད་ཞིབ་བྱེད་སྟངས་ཐོག་ནས་འགན་འཁུར་སྒྲུབ་ལུགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་ཆབས་ཅིག ཕྱོགས་ཡོངས་དང་ཟུར་མང་པོ་ཐད་ནས་གྲོང་ཚོ་རུ་ལས་འགན་སྒྲུབ་ཚུལ་དང་མང་ཚོགས་ཀྱི་ཁས་ལེན་ཐོབ་མིན་ལ་རྒྱུས་ལོན་བྱས་ཏེ། འདེམ་སྐོང་སློབ་མས་ལས་ཀ་འཐུས་ཤོར་བྱེད་པ་གཏན་འགོག་བྱས་ཤིང་། དུས་རྒྱུན་གྱི་དཔྱད་ཞིབ་དང་ལོ་འཁོར་གྱི་དཔྱད་ཞིབ་མཇུག་འབྲས་དེ་འདེམ་སྐོང་སློབ་མའི་སྔོན་ཐོན་བྱ་དགའ་དང་ཕུལ་བྱུང་བྱ་དགའི་གཞི་འཛིན་ས་གལ་ཆེན་དུ་རྩིས་བ་དང་། 2021ལོ་ནས་བཟུང་དཔྱད་ཞིབ་ཚད་དང་ལྡན་པའི་མི18ཡོད་པའི་ནང་འདེམ་སྐོང་སློབ་མ6ལ་ལོ་འཁོར་དཔྱད་ཞིབ་ཁྲོད་ཕུལ་བྱུང་བྱ་དགའ་ཐོབ་པ་རེད།


མཉམ་སྤྱོད།