སྒྲིག་སྒྱུར། ཁོན་ཐར་ཚེ་རིང་། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།
གསར་འགྱུར་གལ་ཆེན།
ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་ཤེས་ལྡན་མི་སྣའི་ལས་དོན་སྐོར་གྱི་རྣམ་བཤད་གནད་བསྡུས》ཞེས་པའི་དེབ་དེ། ཉེ་ཆར། ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
ད་ལོའི་དུས་ཚིགས་དང་པོར། རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་ལོ་རྒྱུས་དུས་མཚུངས་ལས་སྒོར་དུང་ཕྱུར་ཁྲི10ལས་ཐོག་མར་བརྒལ་ནས། འཕར་ཚད་དུས་ཚིགས་དྲུག་གི་ཚུན་གྱི་མཐོན་པོར་ཐོན་ཡོད།
མིག་སྔར། རྒྱལ་ཡོངས་སུ་དཔྱིད་འདེབས་འབྲུ་རིགས་མུའུ་དུང་ཕྱུར1.9བཏབ་ནས། བཅུ་ཆ་གཉིས་ཙམ་ལེགས་གྲུབ་བྱུང་ཡོད།
ཞིང་ལས་གྲོང་གསེབ་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར། ཚད་གཞི་མཐོ་བའི་ཞིང་ས་མུའུ་ཁྲི1000ཙམ་གསར་སྐྲུན་དང་སྒྱུར་བཀོད་བྱས་ཡོད།
མཚོ་འགག་གི་གྲངས་གཞི་ལས་མངོན་པར། 2023ལོའི་ཀྲུང་གོའི་བཟོ་ལས་འཕྲུལ་མི་ཕྱིར་གཏོང་འཕར་ཚད86.4%ལ་ཐོན་ཡོད།
ཚེས21ཉིན། འཛམ་གླིང་གི་ཞིབ་ཚད་མཐོ་བའི་ཟླ་བའི་གོ་ལའི་ས་གཤིས་རི་མོ་ཕྱོགས་བསྡུས་ཐོག་མ་དེ་པེ་ཅིང་དུ་དངོས་སུ་ཁྱབ་བསྒྲགས་བྱས།
ཧྲིན་ཀྲོའུ(神州)་ཨང་བཅོ་བརྒྱད་པའི་མི་བཞུགས་འཕུར་གྲུ་ཉེ་ཆར་གནས་ཚུལ་ལ་གཞིགས་ནས་འཕེན་གཏོང་བྱ་རྒྱུ་དང་། ཅིའུ་ཆོན(酒泉)སྲུང་སྐར་འཕེན་གཏོང་ལྟེ་གནས་ཀྱིས་ཚེས21ཉིན་ཚན་པ་ཁག་སྒྲིག་འཛུགས་བྱས་ནས་མ་ལག་ཡོངས་ཀྱི་མཉམ་སྦྱོང་བྱ་རྒྱུ་རེད།
ཚེས21ཉིན། རང་རྒྱལ་གྱིས་ཞི་ཁྲང(西昌)སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཁྲང་ཀྲིན་(长征)ཨང་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཡོ་ཀན(遥感)ཨང་བཞི་བཅུ་གཉིས་པའི་སྲུང་སྐར02མཁའ་དབྱིངས་སུ་འཕེན་གཏོང་བྱས།
ས་གནས་དེ་གའི་དུས་ཚོད་ཚེས21ཉིན། ཅ་ཧྲ(加沙)ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་གསལ་བསྒྲགས་སྤེལ་ནས། རེས་སྐོར་འདིའི་ཕ་ལེ་སི་ཐན་དང་དབྱི་སི་རལ(巴以)དབར་གྱི་གདོང་ཐུག་ལས་ཅ་ཧྲ་ས་ཁུལ་གྱི་མི34097རྐྱེན་ལམ་དུ་ཤོར་ཡོད།
སྤྱི་ཚོགས།
ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ལི་མདོག་གི་ཉེན་བརྡ་ཁྱབ་བསྒྲགས་བྱས་སྟེ། ཚེས21ཉིན་གྱི་ཆུ་ཚོད20ནས་ཚེས22ཉིན་གྱི་ཆུ་ཚོད20བར། ཀོང་ཞི་དང་ཀོང་ཏུང་། ཧྥུའུ་ཅན། ཀྲེ་ཅང་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་ཆེན་ནས་དྲག་ཆར་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཐོག་གློག་རླུང་ཆེན་དང་ཡང་ན་སེར་བ་སོགས་ཀྱི་གནམ་གཤིས་ཡོད།
ཚེས21ཉིན། རྒྱལ་ཁབ་སྤྱི་ཁྱབ་བཀོད་འདོམས་པུས་ཀོང་ཏུང་ལ་དམིགས་ནས་འབྲུབ་འགོག་འཕྲལ་སྡོམ་རིམ་པ་གསུམ་པར་མཐོ་རུ་བཏང་།
དུས་ཚིགས་དང་པོར། རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི5126ཐོ་འགོད་བྱས་ཡོད།
པེ་ཅིང་གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའི་ཁོངས་མིའམ་ཧྲི་ཀྲང་གཞོན་པ་ཀའོ་ཕུང(高朋)ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་། ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
ཚེས21ཉིན། 2024ལོའི་འཛམ་གླིང་ཆུ་རྐྱལ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐྱལ་མཆོང་འཛམ་གླིང་བུམ་པའི་སྤྱིའི་རྟིང་རྩོད་འགྲན་སྡུར་ཁྲོད་ཀྲུང་གོའི་རུ་ཁག་གི་འགྲན་ཞུགས་པ་ཁྲེན་ཡུས་ཞི(陈宇汐)ཡིས་བུད་མེད་ཀྱི་སྨི10ཡི་སྟེགས་བུའི་ཨང་དང་པོ་བླངས་པ་དང་། དབྱང་ཧའོ(杨昊)ཡིས་སྐྱེས་པའི་སྨི10ཡི་སྟེགས་བུའི་ཨང་དང་པོ་བླངས། ཐེངས་འདིའི་འགྲན་བསྡུར་མཇུག་འགྲིལ་རྗེས་ཀྲུང་གོ་རུ་ཁག་གི་གསེར་གྱི་རྟགས་མ8བླངས་ཡོད།
ཚེས21ཉིན། 2024ལོའི་ཨའོ་མོན་རྒྱལ་སྤྱིའི་ཕིང་ཕང་སྤོ་ལོའི་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐྱང་རྒྱག་འཛམ་གླིང་བུམ་པའི་མཐའ་བསྡུར་ཁྲོད། ཀྲུང་གོའི་རུ་ཁག་གི་འགྲན་ཞུགས་པ་སུན་དབྱིང་ཧྲ(孙颖莎)དང་མ་ལུང(马龙)གཉིས་ཀྱིས་སོ་སོར་བུད་མེད་ཀྱི་རྐྱང་རྒྱག་དང་སྐྱེས་པའི་རྐྱང་རྒྱག་འགྲན་བསྡུར་གྱི་ཨང་དང་པོ་བླངས།
མིག་སྔའི་བར། ཀྲུང་གོ་ནས་ཡིན་པའི་རྒྱན་འཛུགས་དང་གཡོ་ལེན་ལ་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་དོགས་ཅན680ལྷག་ཙམ་ཁམ་ཕུ་ཁྲེ(柬埔寨)ནས་རང་རྒྱལ་དུ་བཟུང་སྐྱེལ་བྱས་ཡོད།
ཉེ་ཆར། འགྲུལ་པ་ཕྱིར་སྐྱོད་ཀྱི་དགོས་མཁོ་སྐོང་ཆེད། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་སྤྱི་གཉེར་གྱིས་ཟི་ལིང་ནས་ན་གོར་མོ། ཏུན་ཧོང་། ལྷ་ས། ཟི་ལིང་བར་གྱི་ཐད་རྒྱུག་གནས་སྐོར་ཆེད་སྤྱོད་མེ་འཁོར་མང་དུ་གཏོང་རྒྱུ་གཏན་འབེབས་བྱས།
ཧུའུ་ནན་ཉེན་རྟོག་ཕྱོགས་ཀྱིས་བརྩམས་ཆོས་ཀྱི་བདག་དབང་ལ་གནོད་འཚེ་བཏང་བའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ་དང་། གྱོད་འབྲེལ་དངུལ་འབོར་སྒོར་ཁྲི6000ལྷག་ཙམ་ཟིན་ཡོད།
སྲིད་ཇུས།
《གློག་འདོན་ལས་གཉེར་སྒྲིག་སྲོལ》པར་གཞི་གསར་པ་དེ། ཟླ6ཚེས1ཉིན་ནས་བཟུང་ལག་བསྟར་བྱས་པས། གློག་ཆད་པའམ་ཡང་ན་གློག་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་སེལ་རྗེས་གློག་འདོན་ཁེ་ལས་ཀྱིས་གློག་གཏོང་སླར་གསོ་བྱེད་པའི་དུས་ཚོད་ཉིན་གསུམ་ནས་ཉིན་གཅིག་བར་ཐུང་དུ་བཏང་ཡོད།
ཧའེ་ནན་གྱིས་ཟླ5ཚེས1ཉིན་ནས་བཟུང་། སྟབས་བསྟུན་ལས་ཞུགས་མི་སྣས་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་ཆོག
ཁྲུང་ཆིང་གིས་ཡིག་ཆ་བཀྲམ་ནས། ཁེ་ལས་ཀྱིས་སྲིད་འཛིན་བསྐྱར་གྲོས་བདག་སྤྲོད་རེ་ཞུའི་ཞིབ་བཤེར་དུས་ཚད་ལས་ཀའི་ཉིན2ཀྱི་ཐུང་དུ་བཏང་བ་དང་། གྱོད་གཞི་ཞིབ་གཅོད་དུས་ཚད་ཉིན5ཡི་ཐུང་དུ་བཏང་ཡོད།
དེ་རིང་གི་གནམ་གཤིས།
ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ཅང་ནན་གྱི་ཤར་རྒྱུད། ཧྭ་ལྷོའི་དབུས་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་། ཧྥུའུ་ཅན་གྱི་ཤར་རྒྱུད་དང་། ཀོང་ཏུང་གི་དབུས་ཤར་རྒྱུད་དང་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།