མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས04ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་གྱི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་མཉམ་སྡེབ་སྐུལ་འདེད་གཏོང་བའི་བྱ་བའི་ཚོགས་འདུ་འཚོགས་པ།

2024-04-22 11:38:32   |   1652

རྩོམ་སྒྲིག  དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།   བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར།  ཁུལ་ཡོངས་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་སྡེབ་སྐུལ་འདེད་གཏོང་བའི་བྱ་བའི་ཚོགས་འདུ་ནུབ་མཚོ་གྲོང་རྡལ་དུ་འཚོགས་ཤིང་། ཚོགས་འདུས་ཞིང་ཆེན་ཡོངས་ཀྱི་རྣམ་གསར་བཟོ་ལས་ཅན་དང་བཟོ་ལས་ལྗང་མདོག་ཕྱོགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་དང་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བའི་ཚོགས་ཆེན། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ཀྱི་ཡུལ་དངོས་ལྟ་སྦྱོང་དང་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ལ། རིམ་པ་སོ་སོ་དང་ཕྱོགས་སོ་སོའི་བྱ་བའི་ཧུར་བརྩོན་རང་བཞིན་སྐུལ་སློང་གང་ལེགས་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཁྱོན་ཡོངས་ནས་འཕེལ་བར་བྱས་ཏེ"མཚོ་བྱང་ལྔའི"འཛུགས་སྐྲུན་ལ་མཉམ་སྡེབ་སྐུལ་འདེད་བཏང་སྟེ་སྔར་ལས་ཆེ་བའི་གྲུབ་འབྲས་གསར་པ་ལེན་དགོས་པ་ནན་གྱིས་བསྟན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་།

图片1..png

ཤ་བོ་སྐྱབས་ཀྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བ་དང་། “ལྔ་བཅུ་བཞིའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཡིན་ལ། “མཚོ་བྱང་ལྔ”མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། གཅིག་ནས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་བཀོད་གཏོང་ལ་དམ་འཛིན་བྱེད་དགོས་ཏེ། ཟླ་འཁོར་གྱི་དཔལ་འབྱོར་འཁོར་སྐྱོད་བརྗེ་རེས་དང་ལྟ་ཞིབ་དཔྱད་ཞིབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་བཀོད་གཏོང་ལ་ཤུགས་སྣོན་དགོས། དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་དམིགས་ཚད་སོ་སོ་དཔུང་གཤིབ་མཉམ་སྐྱོད་དང་ལོ་འཁོར་མོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་འགན་ལེན་བྱེད་དགོས། གཉིས་ནས་ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་ལ་དམ་འཛིན་བྱེད་དགོས་ཏེ། སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་གི་ཚད་གཞི་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་པའི་ཐོན་ལས་སྐྱེད་སྲིང་ཤུགས་ཆེན་བྱས་ཏེ"རླབས་ཕྲེང་དགུང་དུ་འཕྱོ་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་བོ"ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་རྒྱ་ཆེར་གཏོང་དགོས། "བཟོ་ལས་གོང་འཕེལ་ལོའི"དམིགས་ཚད་ལས་འགན་སོ་སོར་དམིགས་ནས་ཁེ་ལས་ལ་དཀའ་ངལ་སེལ་རོགས་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཁེ་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་རིམ་པ་མཐོ་རུ་གཏོང་བ། ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་བཟོ་ལས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས།

 ནུས་ཤུགས་ཡོད་རྒུས"123"Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུ་ལག་བསྟར་བྱས་ཏེ་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ལྗོངས་གཟིགས་ས་ཚིགས6གི་རིམ་སྤོར་བྱ་བར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་རྟ་རྒྱུག་འགྲན་བསྡུར་དང་རྒྱལ་སྤྱིའི་མདའ་འཕེན། དམངས་གླུ་འགྲན་བསྡུར། མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སོགས་ཀྱི་འགྲན་བསྡུར་ཞིབ་ཚགས་ངང་ཡག་པོར་གཉེར་བ། "མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པ”སོགས་ཆས་རྟགས་ཀྱི་མཚན་སྙན་མུ་མཐུད་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་ཡུལ་སྐོར་མི་ཐེངས་དང་ཡོང་འབབ་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས། གསུམ་ནས་ནུས་ཤུགས་ཡོད་རྒུས་མ་འཇོག་རྒྱ་ཆེར་གཏོང་དགོས་ཏེ། འདེགས་སྐྱོར་ལས་གཞི་གལ་ཆེན་ལ་ཞིབ་མཆན་འགོད་པའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ལས་གཞིའི་དུས་མཇུག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་དུས་ཐོག་ཏུ་མཛོད་འཇུག་དང་གཅིག་གྱུར་ཡོང་བར་བྱེད་དགོས། སྲིད་དངུལ་ཁེ་ལས་འབྲེལ་མཐུད་རོགས་ལས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་དངུལ་རྩས་གཙོ་གནད་ཐོན་ལས་དང་ལས་གཞི་གལ་ཆེན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། བཞི་ནས་ནུས་ཤུགས་ཡོད་རྒུས་ཚོང་འགུགས་མ་འདྲེན་བྱེད་དགོས་ཏེ། ཚོང་འགུགས་མ་འདྲེན་གྱི་འབྲེལ་ཡོད་འཆར་གཞིའི་བྱ་ཐབས་གང་མགྱོགས་འདོན་དགོས་པ་དང་། ཚོང་འགུགས་ཕྱོགས་སྟོན་ཁྱབ་བསྒྲགས་བྱེད་པ། བྱ་དགའ་སྤྲོད་ཐབས་འདོན་པ། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བཅས་བྱས་ཏེ་ཀྲུང་དབྱང་ཁེ་ལས་དང་གཞུང་ཁོངས་ཁེ་ལས། མ་འཇོག་སྒྲིག་གཞི།  ཧྲན་ཏུང་ཁ་གཏད་རོགས་སྐྱོར་ལ་འབྲེལ་མཐུད་མཉམ་ལས་བྱེད་ཤུགས་གཙོ་གནད་དུ་བཟུང་ནས་ཤུགས་སྣོན་དགོས། ལྔ་ནས་ནུས་ཤུགས་ཡོད་རྒུས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་དགོས་ཏེ། ཞིབ་མཆན་འགོད་པའི་ཞབས་ཞུའི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་སྲིད་ཇུས་དྲིལ་སྒྲོག་དང་གསལ་འགྲེལ། ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་བློ་འདྲི་བེད་སྤྱོད་དང་གནད་སྨིན་སྐྱེལ་སྤྲོད་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ་ཞབས་ཞུ་མང་ཙམ་དང་རོགས་རམ་མང་ཙམ་བྱས་ཏེ་ཁེ་ལས་ཀྱིས་བློ་བདེ་ངང་མ་འཇོག་དང་བློ་བདེ་ངང་གཉེར་སྐྱོང་། བློ་བདེ་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས། དྲུག་ནས་ནུས་ཤུགས་ཡོད་རྒུས་ཁུལ་དུ་བཅའ་སྡོད་བྱས་པའི་ལས་ཁུངས་ཀྱིས་དེ་བས་ལེགས་པའི་སྒོ་ནས་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཏེ། ཁུལ་དུ་བཅའ་སྡོད་བྱས་པའི་ལས་ཁུངས་ཀྱི་དཀའ་ངལ་དང་གནད་དོན་ལ་ཞིབ་འཇུག་ནན་ཏན་དང་དུས་ལྟར་ཐག་གཅོད་བྱས་ཏེ། དེ་ཉིད་སྔར་ལས་ལྷག་པའི་སྒོ་ནས་སྐྱེ་ཁམས་ཀྱི་བཙན་ས་སྐྲུན་པ་དང་། ཐོན་ལས་ཀྱི"གནས་བཞི"དང"རྒྱལ་ཁབ་སྤྱི་གླིང་གཉིས"འཛུགས་སྐྲུན། 221རྟེན་གཞི་སྲུང་སྐྱོབ་བེད་སྤྱོད། གསར་བརྗེའི་སློབ་གསོ་འཕེལ་རྒྱས། གྲོང་གསེབ་དར་སྤེལ་སོགས་ཁུལ་ཡོངས་ཀྱི་ལྟེ་བའི་བྱ་བ་དང་མཉམ་འདྲེས་ཐུབ་པར་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས་ཟེར།

ཀྲང་ཧྲིང་ཡོན་གྱིས་ནན་གྱིས་བསྟན་དོན། ཁེ་ལས་འཁོར་སྐྱོད་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱ་རྒྱུར་ཤུགས་བསྣན་ནས་ཁེ་ལས་ཀྱི་ཐོན་སྐྱེད་འཆར་གཞི་དང་ཐོན་རྫས་ཕྱིར་ཚོང་། གནས་པའི་དཀའ་ངལ་གྱི་གནད་དོན་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ་ཁེ་ལས་ཀྱིས་དུས་ཚོད་དམ་འཛིན་བྱས་ནས་ཐོན་ནུས་གང་ལེགས་འདོན་རྒྱུར་སྐུལ་མ་གཏོང་དགོས་ཏེ། གཙོ་ཁྲིད་ཐོན་ལས་ཆེ་གྲས5དང་ཁྱད་ལྡན་ཐོན་ལས་ཆེ་གྲས8ལ་དམིགས་ནས་སྲོལ་རྒྱུན་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་རྒྱབ་སྐྱོར་བྱས་ཏེ་ཐོན་རྫས་གསར་བརྗེ་ལ་སྐུལ་འདེད་གཏོང་དགོས། ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་བྱ་དགའི་ཁ་གསབ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་ཞིབ་འཇུག་བྱས་ནས་འདོན་པ་དང་། ཁེ་ལས་ཀྱིས་གསར་གཏོད་ལས་སྟེགས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར། འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་བཅས་བྱས་ནས་གསར་གཏོད་བྱེད་ནུས་ཆེ་རུ་གཏོང་དགོས། ལས་གཞི་གལ་ཆེན་གྱི་སྣེ་ཁྲིད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་རྒྱུ་ཆ་གསར་པ་དང་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ལ་དམིགས་ནས་ལག་རྩལ་སྔོན་ཐོན་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལས་གཞི་ནང་འདྲེན་བྱས་ཏེ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་དང་གཏིང་ཤུགས་ཆེ་རུ་གཏོང་དགོས། ཁུལ་དང་རྫོང་གི་མི་ཤུགས་ཐོན་ཁུངས་ཁྲོམ་ར་དང་ལས་རིགས་སློབ་གྲྭས་དམངས་གཉེར་ཁེ་ལས་དང་མཉམ་ལས་བྱ་རྒྱུར་ཤུགས་བསྣན་ནས་མངགས་ཐོའི་གསོ་སྦྱོང་དང་། ལས་གནས་མ་ཞུགས་གོང་གི་གསོ་སྦྱོང་། ཁ་ཕྱོགས་གཏན་འཁེལ་གྱི་གསོ་སྦྱོང་བཅས་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་ལས་མི་སྤྱོད་པའི་མ་གནས་དམའ་རུ་གཏོང་བ་དང་ལས་མི་སྤྱོད་པའི་འགན་ལེན་བྱེད་དགོས། ཐོན་རྫས་ཀྱི་སྤུས་ཚད་དང་ཞབས་ཞུར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། ཚོང་ཟོག་རྫུན་མ་དང་སྤུས་ཞན་བཟོ་འཚོང་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་འགྲན་རྩོད་དྲང་གཞག་གི་ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱ་དགོས། བདེ་འཇགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་འགག་སྒོ་བརྟན་པོ་བསྲུང་ནས་དམངས་གཉེར་ཁེ་ལས་བརྟན་པོ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རོགས་བྱེད་དགོས། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོས་གོང་རིམ་སྡེ་ཁག་དང་ལས་ཁུངས་དབར་གྱི་འབྲེལ་ཟམ་དང་སྒྲོག་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་བྱང་གི་ཐོན་རྫས་འགྲེམས་ཚོང་མཁན་ཡག་པོ་ཞིག་བྱེད་པ་དང་། མཚོ་བྱང་གྲུབ་འབྲས་ཀྱི་དྲིལ་སྒྲོག་མཁན་ཡག་པོ་ཞིག་བྱེད་པ། མཚོ་བྱང་འཕེལ་རྒྱས་ཀྱི་འགྲེལ་བཤད་པ་ཡག་པོ་ཞིག་བྱས་ཏེ་མཚོ་བྱང་ལ་ཐུགས་ཁུར་རོགས་རམ་དང་སྲིད་ཇུས་ཀྱི་གཟིགས་སྐྱོང་དེ་བས་མང་བ་བརྩོན་ལེན་ཧུར་ཐག་བྱེད་དགོས་ཟེར།

3.png

 ཚོགས་འདུའི་ཐོག<<མཚོ་བྱང་ཁུལ་གྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་ལས་བགོས་ཇུས་གཞི>>ཀློག་འགྲེལ་བྱས་ཤིང་། འཇུ་ལག་རྫོང་མི་དམངས་སྲིད་གཞུང་དང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུས། རྒྱལ་ཁབ་གློག་དྲ་མཚོ་བྱང་གློག་འདོན་སྤྱི་གཉེར་ཁང་། མདའ་བཞི་ཞིང་ལས་ཚོང་ལས་དངུལ་ཁང་། ཞ་ཧྭ་ཆིན་ཀྲིན་ཤ་རིགས་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

4.png

5.png

ཁུལ་གྱི་མགོ་ཁྲིད་མགོན་པོ་ཚེ་བརྟན་དང་། ཝང་ཡུང་ཁྲང་། མ་རུའུ་ཞང་། ལུང་ཡུང་ཧྲིང་། མ་ཝུན་ཆོན་བཅས་དང་། རྫོང་བཞིའི་སྲིད་གཞུང་དང་མཚོ་སྔོན་པོ་ཞིང་ར། ཁུལ་ཐད་གཏོགས་སྡེ་ཁག་སོ་སོ། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་དང་། ཁེ་ལས40ཡི་འཐུས་མི་ཚོགས་འདུར་ཞུགས།


མཉམ་སྤྱོད།