དེ་རིང་ནི2025ལོའི་ཟླ05པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཐོག་དང་པོར་ཀྲུང་གོའི་རྒྱལ་སྤྱིའི་སྔོ་ཚལ་ཚན་རྩལ་དངོས་མང་སྟོན་ཚོགས་ཐོག་ཐོན།

2024-04-22 15:07:32   |   2043

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས20ཉིན། ཀྲུང་གོའི(ཧྲོའུ་ཀོང་)རྒྱལ་སྤྱིའི་སྔོ་ཚལ་ཚན་རྩལ་དངོས་མང་སྟོན་ཚོགས་སྐབས་ཉེར་ལྔ་པ་ཧྲན་ཏུང་ཞིང་ཆེན་ཧྲོའུ་ཀོང་གྲོང་ཁྱེར་དུ་མགོ་ཚུགས་པ་དང་། མཚོ་བྱང་ཁུལ་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ཐོག་དང་པོར་ཀྲུང་གོའི་རྒྱལ་སྤྱིའི་སྔོ་ཚལ་ཚན་རྩལ་དངོས་མང་སྟོན་ཚོགས་ཐོག་ཐོན། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་མཚོ་བྱང་ཞིང་ཕྱུགས་རྟོག་ཞིབ་ཚོགས་པའི་སྣེ་ཁྲིད་དེ་མཚོ་བྱང་ཁུལ་གྱི་འགྲེམ་གནས་ལ་ཞིབ་བཤེར་བྱས་པ་དང་། ཐོན་རྫས་འགྲེམ་ཚོང་གནས་ཚུལ་ལ་བཀའ་འདྲི་ཞིབ་ཕྲ་གནང་ཞིང་། འགྲེམ་ཚོགས་དཔལ་འབྱོར་ལས་སྟེགས་ལ་བརྟེན་ནས་ཐོན་རྫས་གཉེར་ཚོང་འོས་སྦྱོར་བྱེད་སྟངས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། གོམ་སྟབས་རྗེས་མར་གཉེར་ཚོང་འོས་སྦྱོར་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་བླང་བྱ་ཞིབ་ཕྲ་བཏོན།

1.jpg

ད་ཐེངས་ཀྱི་འགྲེམ་ཚོགས་དེ་ཧྲན་ཏུང་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚོགས་ཆུང་དང་ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས་མཐུན་སྦྱོར་སྦྲེལ་མཐུད་བྱས་པ་དང་། ལིན་དབྱི་མའོ་དབྱི་ཞིན་རྒྱལ་སྤྱིའི་ཚོང་དོན་ཚད་ཡོད་སྤྱི་གཉེར་དང་མཉམ་འབྲེལ་ཐོག་མཚོ་བྱང་གི་འབྲེལ་ཡོད་ཁེ་ལས་ཀྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་སྣ་ཁ20ལྷག་ཙམ་སྒྲིག་འཛུགས་བྱས་ནས་འགྲེམ་ཚོང་དུ་ཞུགས། དེའི་ནང་ལྗང་མདོག་སྐྱེ་ལྡན་གྱི་ནོར་ཤ་དང་ལུག་ཤ། ནས་ཀྱི་ཐོན་རྫས། འོ་མའི་ཐོན་རྫས། སྦྲང་རྩི་སོགས་ཚུད་ཡོད། འགྲེམ་ཚོང་ཚོགས་འདུའི་ཐོག་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་དོད་པོ་ཡོད་པ་དང་མཚོ་བྱང་ཁུལ་གྱི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་ལ“དགའ་མཁན་མང་པོ་བྱུང་།”

2.jpg

གོམ་སྟབས་རྗེས་མར་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས་ཧྲན་ཏུང་གི་མཚོ་སྐྱོར་ལས་བྱེད་པའི་དོ་དམ་ཚོགས་ཆུང་དང་ལས་དོན་སྦྲེལ་མཐུད་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། འགྲེམ་ཚོགས་ཀྱི་དཔལ་འབྱོར་ལས་སྟེགས་ལ་བརྟེན་ནས་ཐོན་རྫས་འགྲེམ་ཚོང་དང་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ། མཚོ་བྱང་ཁུལ་གྱི“མདོ་ལ་རིང་མོའི་འདབས་རོལ་གྱི་ཕྱུགས་ར་བཟང་པོ”ཞེས་པའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་བཏོད་དེ་མཚོ་བྱང་ཁུལ་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་མཚོ་སྔོན་ནས་རྒྱལ་ཡོངས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།


མཉམ་སྤྱོད།