མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས04ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་རྐང་ཚའི་མཚོ་སྔོན་པོ་ནོར་གནག་དང་བོད་ལུག་ཤ་ཐད་འཚོང་ཁང་གཟབ་རྒྱས་ངང་ཚོང་སྒོ་ཕྱེས་པ།

2024-04-22 15:57:23   |   192

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་ཧུར་ཐག་བྱེད་པ་དང་། རྐང་ཚའི་མཚོ་སྔོན་པོ་སྐམས་ལུག་ཤའི་གསོ་སྤེལ་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོ་གཏོད་པ། ཕྱུགས་ལས་ཐོན་རྫས་ས་གནས་གཞན་དུ་ཕྱིར་ཚོང་བྱེད་པའི"ཐད་གཏོང་རླངས་འཁོར"ཤར་གཏོང་ཐུབ་པར་བྱ་ཆེད། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས་ད་ཡོད་ཀྱི་ཕྱིར་ཚོང་བྱེད་སྟངས་ལས་བརྒལ་ཏེ་ས་གནས་གཞན་དུ་ཐད་འཚོང་ཁང་བདེ་བླག་ངང་སྒོ་ཕྱེས་པ།

ཟླ4པའི་ཚེས19ཉིན། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་རྐང་ཚའི་མཚོ་སྔོན་པོའི་སྐམས་ཤ་དང་བོད་ལུག་ཤ་ཐད་འཚོང་ཁང་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་དམངས་ཕན་མཁར་དུ་གཟབ་རྒྱས་ངང་ལས་གཉེར་བྱེད་མགོ་བརྩམས་ལ། རྐང་ཚ་རྫོང་གི་འབྲེལ་ཡོད་མགོ་ཁྲིད་དང་འགན་འཁུར་བློ་མཐུན་སྒོ་འབྱེད་མཛད་སྒོར་ཞུགས།

1.png

རྟེན་འབྲེལ་གྱི་ཤོག་སྦག་བརྒྱབ་པ་དང་ཆབས་ཅིག་རྐང་ཚའི་མཚོ་སྔོན་པོའི་སྐམས་ཤ་དང་བོད་ལུག་ཤ་ཐད་འཚོང་ཁང་དངོས་སུ་ཚོང་སྒོ་ཕྱེས་པ་དང་། ཐད་འཚོང་ཁང་དུ་འཛུལ་ཚེ་གཏུབ་ལེགས་པའི་སྐམས་ལུག་ཤ མར་སོགས་ཐོན་རྫས་སྣ་ཚོགས་གྲལ་ལེགས་པོར་སྒྲིག་ཡོད། ཡུལ་དངོས་སུ་ཉོ་སྒྲུབ་བྱེད་པའི་མགྲོན་པོས་ཤ་སྤུས་ལེགས་ལ་གདེང་འཇོག་བཟང་པོ་བྱས།

2.jpg

རྐང་ཚའི་མཚོ་སྔོན་པོའི་སྐམས་ཤ་དང་བོད་ལུག་ཤ་ཐད་འཚོང་ཁང་ནི་དཀོན་ལོ་གོང་མ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གསར་གཏོད་རྣམ་པ་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་ཐོན་སྐྱེད་ཁུལ་གྱི་ལེགས་ཆར་བརྟེན་ནས་སྤུས་ལེགས་ཕྱུགས་ལས་ཐོན་རྫས་ཁྲོམ་རའི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བ་དང་། དྲ་ཕྱིའི་ཕྱིར་ཚོང་དང་ཟུང་འབྲེལ་བྱས་ཏེ་རྐང་ཚའི་མཚོ་སྔོན་པོའི་སྐམས་ཤ་དང་བོད་ལུག་ཤའི་སྙན་པ་སྔར་བས་ཆེ་རུ་གཏོང་བ། ཁྱད་ལྡན་ཐོན་ལས་སྦྲེལ་ཐག་སྣུར་སྲིང་བཅས་བྱས་ནས་ཕྱིར་འཚོང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་སྔར་བས་སྟོབས་ཆེར་གཏོང་བ། འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གསར་པ་བཏོད་ཡོད།

3.png

མཚོ་སྔོན་པོའི་སྐམས་ཤ་དང་བོད་ལུག་ཤ་ནི་སྤུས་ཀ་བཟང་ཞིང་དྲི་ཞིམ་པ། ཞག་ཚིལ་ཉུང་ཞིང་སྤྲི་དཀར་མཐོ་བ་སོགས་ཀྱི་ཁྱད་ཆོས་ཚང་མར་རྒྱུས་མངའ་ཆེན་པོ་ཡོད་ལ། གོམ་སྟབས་རྗེས་མར། དཀོན་ལོ་གོང་མ་སྡེ་བས་རྐང་ཚའི་མཚོ་སྔོན་པོའི་སྐམས་ཤ་དང་བོད་ལུག་ཤ་ཐད་འཚོང་ཁང་གིས་འབྱུང་རྩ་ནས་ཐོན་རྫས་ཀྱི་སྤུས་ཚད་ཀྱི་འགག་སྒོ་ནན་མོར་བསྲུང་སྟེ་འཛད་སྤྱོད་པར་བདེ་ཐང་དང་བློ་བདེའི་ཤ་རིགས་མཁོ་འདོན་བྱ་རྒྱུ་ཡིན་པར་མ་ཟད། སྤུས་ལེགས་སྐམས་ལུག་ཤའི་ཐོན་རྫས་དང་ཞབས་ཞུ་ལ་བརྟེན་ནས་རྐང་ཚའི་སྐམས་ཤ་དང་བོད་ལུག་ཤའི་ཆས་རྟགས་ཀྱི་སྙན་པ་དང་ཁས་ལེན་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་གཏོང་རྒྱུར་རོགས་རམ་བྱ་རྒྱུ་རེད།


མཉམ་སྤྱོད།