མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས04ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

རྒྱལ་སྤྱིའི་འགྲན་རའི་ཐོག་ཏུ་མཚོ་སྔོན་གྱི་བུ་མོས་རྩལ་དྲུག་མངོན་པ།

2024-04-22 16:07:19   |   1993

སྒྲིག་སྒྱུར། སངས་དོན།    ཡོང་ཁུངས།   མཚོ་སྔོན་ཉིན་རེའི་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ4པའི་ཚེས22ཉིན་ཞིང་ཆེན་ལུས་རྩལ་ཅུ་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱལ་ཁབ་རུ་ཁག་གི་ཚབ་ཞུས་ནས་འཛམ་གླིང་རྐང་བགྲོད་ལེགས་སྐྱེས་འགྲན་བསྡུར་ལ་ཞུགས་པའི་མཚོ་སྔོན་གྱི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་ཅི་ཧའེ་དབྱིན་གཉིས་ཀྱིས་རང་སོ་སོའི་རྣམ་གྲངས་ཁྲོད་གྲུབ་འབྲས་ཕུལ་དུ་བྱུང་བ་བླངས་པ་རེད། དེའི་ཁྲོད། ཆོས་དབྱིངས་སྐྱིད་ཀྱིས་གཟེངས་སུ་ཐོན་པའི་ནུས་པར་བརྟེན་ནས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུའི་ཐོབ་ཐང་བདེ་བླག་ངང་ཐོབ་པ་རེད། 

01.jpg

པེ་ཅིང་གི་དུས་ཚོད་ཟླ4པའི་ཚེས21ཉིན་གཉེར་བའི་འཛམ་གླིང་གི་རྐང་བགྲོད་ཐུན་མོང་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་གྱི་མ་ལ་སུང་འགྲན་བསྡུར་གྱི་ཕོ་མོ་མཉམ་བསྲེས་བརྒྱུད་སྤྲོད་འགྲན་བསྡུར་ཁྲོད། མཚོ་སྔོན་གྱི་མིང་དུ་གྲགས་པའི་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་ཁོ་མོའི་འགྲན་རོགས་ཧོ་ཤང་ཧུང་གིས་ཆུ་ཚོད3དང་སྐར་མ03དང་སྐར་ཆ10ཡི་གྲུབ་འབྲས་ཐོག་ནས་ཨང11པར་སླེབས་པ་དང་། ཀྲུང་གོའི་ཚོགས་པ་ཀྲང་ཅུན་དང་དབྱང་ཅ་ཡུས་གཉིས་ཨང12པར་སླེབས་པ་རེད། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འདེམས་སྒྲུག་སྒྲིག་སྲོལ་ལྟར་ན། སྐབས་འདིའི་འཛམ་གླིང་རྐང་བགྲོད་ཐུན་མོང་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་ཁྲོད། མདུན་གྲལ་དུ་ཡོད་པའི་ཨང་རིམ22ལ་རང་འགུལ་ངང(སྐྱེས་པ་དང་བུད་མེད་སོ་སོ་མི་གཅིག་རེ་ཡིན)ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི་ཐོབ་ཐང་ཐོབ་རྒྱུ་ཡིན་པ་རེད། རྒྱལ་ཁབ་བམ་ས་ཁུལ་སོ་སོར་མང་ཤོས་སུ་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་གཉིས(སྐྱེས་པ་དང་བུད་མེད་སོ་སོ་མི་གཅིག་རེ་ཡིན)ཡོད་པ་ལས། རྒྱལ་ཁབ་བམ་ས་ཁུལ་ལྔ་ཙམ་ལས་འགྲན་བསྡུར་ནང་ཞུགས་པའི་ཐོབ་ཐང་གཉིས་ཐོབ་ཀྱི་མེད། སྒྲིག་སྲོལ་དེར་གཞིགས་ན། ཀྲུང་གོ་རུ་ཁག་གི་ཚོགས་པ་གཉིས་པོར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་འགྲན་བསྡུར་གྱི་ཕོ་མོ་མཉམ་བསྲེས་བརྒྱུད་སྤྲོད་རྣམ་གྲངས་ཀྱི་གདན་ཐོབ་ཐོབ་རྒྱུར་སེམས་ཁྲལ་སྤུ་ཙམ་ཡང་མེད་པ་རེད།

02~1.jpg 

འགྲན་ར་གཅིག་གི་ནང་སྤེལ་བའི་བུད་མེད་ཀྱི་སྤྱི་ལེ20ཡི་ཐུན་མོང་ཚོགས་པའི་འགྲན་བསྡུར་ནང་མཚོ་སྔོན་གྱི་ལུས་རྩལ་པ་ཅི་ཧའེ་དབྱིན་དང་རུ་གྲོགས་ཚོས་ཀྲུང་གོ་རུ་ཁག་གི་ཚབ་ཞུས་ནས་ཨང་དང་པོ་བླངས་ཤིང་། འགྲན་བསྡུར་དེ་ནི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་གོང་གི་འཛམ་གླིང་གི་ཚད་གཞི་མཐོ་ཤོས་ཀྱི་འགྲན་བསྡུར་ཞིག་ཡིན་པ་དང་། ཅི་ཧའེ་དབྱིན་དང་རུ་མི་ཚོས་འགྲན་རའི་ཐོག་འབད་བརྩོན་བྱས་པ་དེས་རྒྱལ་ཁབ་ལ་གཟི་བརྗིད་ཐོབ་པ་མ་ཟད། མི་སྒེར་གྱི་ལས་རྩལ་འཚོ་བའི་ཐད་ཀྱང་ཚོན་མདངས་གསར་པ་བསྣན་ཡོད།


མཉམ་སྤྱོད།