མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས18ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-23 07:37:05   |   1758

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར《དུས་རབས་གསར་པའི་དང་བླངས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་རེད། 

  • ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར60877ཟིན་པ་དང་། དམིགས་བསལ་རང་བཞིན་གྱི་རྒྱུ་རྐྱེན་གྱི་ཤུགས་རྐྱེན་འཐེན་རྗེས། འཕར་སྣོན2.2%ཡས་མས་ཡིན། 

001.jpg

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་ཆུ་བེད་རྣམ་གྲངས་ཁྲི2.35ལག་བསྟར་བྱས་པ་དང་། འཛུགས་སྐྲུན་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི4.7ཡིན། ཆུ་བེད་འཛུགས་སྐྲུན་ལ་མ་འཇོག་སྒོར་དུང་ཕྱུར7787དོན་འཁྱོལ་བྱས་ཤིང་། ན་ནིང་གི་དུས་མཚུངས་ལས93.3%འཕར་ཡོད་པ་རེད། 

  • རྒྱལ་ཁབ་ནུས་རྒྱུ་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ3པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་གློག་འདོན་ཤོང་ཚད་རིམ་རྩིས་བྱས་ན་ཆན་ཝ་དུང་ཕྱུར29.9ཙམ་ཟིན་པ་དང་། དུས་མཚུངས་ལས14.5%འཕར་ཡོད་པ་རེད། 

  • ཚེས22ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས2023ལོའི་ཀྲུང་གོའི་ཁྲིམས་ཁང་གི་ཤེས་བྱའི་ཐོན་དབང་གི་གྱོད་གཞི་ཆེན་པོ10ཁྱབ་བསྒྲགས་བྱས་པ་རེད། 

  • རང་བྱུང་ཐོན་ཁུངས་པུས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱི་རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཏན་འཁེལ་ཐོ་འགོད་ལས་དོན་བདེ་བླག་ངང་སྤེལ་ནས་རི་ཆུ་ནགས་ཞིང་། མཚོ་མཚེའུ། རྩྭ་བྱེ་ཉམས་གསོ་བཅོས་སྐྱོང་གི་རྒྱ་ཁྱོན་མུའུ་དུང་ཕྱུར1ལས་བརྒལ་ཡོད་པ་རེད། 

  • 2023ལོར། རང་རྒྱལ་གྱི་ཐོན་དབང་ཁྲོམ་རའི(产权市场)ལོ་འཁོར་གྱི་ཉོ་ཚོང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི25.38ཟིན་པ་དང་། དུས་མཚུངས་ལས12.79%འཕར་ཡོད་པ་རེད། 

  • 2023ལོར། རང་རྒྱལ་གྱི་གསར་གཏོད་ཁེ་བེད་བདག་ཐོབ་ཐོན་ལས་ཅན་དུ་འགྱུར་བའི་ཚད39.6%ཟིན་པ་དང་། དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས2.9འཕར་ཡོད། 

  • ཨ་རིའི་རྒྱལ་སྲིད་བློན་ཆེན་ཨན་ཏུང་ཉི·པུའུ་ལིན་ཁེན་ཚེས24ནས་ཚེས26ཉིན་བར་ཀྲུང་གོར་འཚམས་འདྲིར་ཕེབས་རྒྱུ་རེད། 

སྤྱི་ཚོགས། 

002.jpg

  • ཚེས22ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས22ཉིན་གྱི་ཆུ་ཚོད20ནས་ཚེས23ཉིན་གྱི་ཆུ་ཚོད20བར་ཀོང་ཤིས་དང་། ཀོང་ཏུང་། ཧྥུའུ་ཅན། ཐའེ་དབན་གླིང་ཕྲན། ནང་སོག ལེའོ་ཉིང་། ཧོ་པེ། བོད་ལྗོངས་སོགས་ས་ཁུལ་ཁག་ཅིག་ཏུ་ཆར་བ་ཆེན་པོའམ་དྲག་ཆར་འབབ་རྒྱུ་རེད། 

  • ཚེས22ཉིན། རྒྱལ་ཁབ་གནོད་འགོག་གནོད་སེལ་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུ་ཡིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ཅུ་དང་མཉམ་དུ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི1.5འཕྲལ་དུ་གཏོང་སྤྲོད་བྱས་ནས་ཀོང་ཏུང་གིས་ཆུ་ལོག་སྔོན་འགོག་གེགས་སེལ་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་བྱས་པ་རེད། 

  • རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་ཐོན་ཁུངས་དང་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཀྲུའུ་རེན་གཞོན་པ། ཧྲན་ཤིས་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ཧན་ཡུང་གིས་ཁྲིམས་འགལ་ལུགས་འགལ་ཚབས་ཆེན་བཟོས་པས་ཏང་ཁོངས་ནས་ཕྱིར་ཕུད་བྱས་པ་རེད། 

  • བཟོ་ལས་དང་ཆ་འཕྲིན་ཅན་པུ་ཡི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་། རྒྱལ་ཁབ་རྡོ་ཐ་ཆེད་འཚོང་ཅུའི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་དང་ཅུས་ཀྲང་། ཀྲུང་གོ་རྡོ་ཐ་སྤྱི་ཁྱབ་ཀུང་སིའི་དེ་སྔའི་སྤྱི་ཁྱབ་ཅིང་ལི་ལིང་ཁྲེང་ཞེན་གྱིས་ཁྲིམས་འགལ་ལུགས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད་བྱས་པ་རེད། 

  • ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རེན་གཞོན་པ་ཀྲང་ཞིའུ་ལུང་གིས་ཁྲིམས་འགལ་ལུགས་འགལ་ཚབས་ཆེན་བྱས་པས་ཏང་ཁོངས་ནས་ཕྱིར་ཕུད་བྱས་པ་རེད། 

003.jpg

  • ཚེས22ཉིན། ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་གིས་ལྷ་གྲུ་ཨང་བཅུ་བདུན་པའི་འཁོར་ལམ་ཐོག་ནས་བླངས་པའི་པར་རིས་གསལ་པོ་ཁྱབ་བསྒྲགས་བྱས་པ་རེད། 

004.jpg

  • ནན་ཅིང་དམར་གསོད་ཆེན་པོའི་ནང་སྟེས་དབང་གིས་སྲོག་ཉེན་ལས་ཐར་བའི་རྒན་རྒོན་ལིའུ་སུའུ་ཀྲེན་ཚེས21ཉིན་ཚེ་ལས་འདས་ཤིང་། དགུང་ལོ93ཡིན། 

  • ལྕགས་ལམ12306གིས“མགྱོགས་མྱུར་ཐུམ་པོ(加速包)”ལས་སྔོན་ལ་སྤ་སེ་ཉོ་ཆོག་པའི་གནད་དོན་ལ་ལན་བརྒྱབ་པ་སྟེ། ཕྱོགས་གསུམ་པའི་སྟེགས་བུ་གང་རུང་ལ་མེ་འཁོར་སྤ་སེ་འཚོང་རྒྱུའི་དབང་ཆ་གཏན་ནས་སྤྲོད་མྱོང་མེད། འགྲུལ་པས“མགྱོགས་མྱུར་ཐུམ་པོ།”ཉོ་མིན་ལ་མ་བལྟོས་པར་སྤ་སེ་ཉོ་ཐུབ་ཚད་གཅིག་མཚུངས་ཡིན་པ་རེད། 

005.gif

  • ཀྲེ་ཅང་ཧང་ཀྲོའུ་ཡི་ཕུག་ལམ་ཞིག་ཏུ་འགྲིམ་འགྲུལ་དོན་རྐྱེན་ཐོན་ནས་རླངས་འཁོར་ཞིག་གི་ནང་དུ་རྨས་སྐྱོན་ཕོག་མཁན་ལུས་ཤིང་། ལམ་བར་དུ་འགྲོ་འོང་བྱེད་མཁན་གྱི་ཁ་ལོ་བས་གཅིག་རྗེས་གཉིས་མཐུད་ངང་རླངས་འཁོར་དུ་ལུས་པའི་མི་དེ་བསྐྱབས། མིག་སྔར་རྨས་སྐྱོན་ཕོག་མཁན་ལ་གནོད་སྐྱོན་ཆེན་པོ་མེད་པ་རེད། 

སྲིད་ཇུས། 

  • ཧུའུ་ནན་གྱིས་བྱེད་ཐབས་བཏོན་ནས་རྒྱལ་ཡོངས་ཀྱི་ཀ་པ་རིམ་པའི་གནས་སྐོར་སྡོད་ཁང་ལ་གཏན་འཁེལ་བྱས་པའི་ཁྱིམ་ཚང་མགྲོན་ཁང་ལ་ཐེངས་གཅིག་རང་བཞིན་གྱི་བྱ་དགའ་སྒོར་ཁྲི60སྤྲོད་རྒྱུ་ཡིན་པ་རེད། 

  • པེ་ཅིང་གིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་མཐོ་རིམ་སློབ་འབྲིང་ཁག་གིས་འཆར་གཞི་མེད་པ་དང་འཆར་གཞི་ལས་བརྒལ་བའི་ངང་ལུས་རྩལ་དང་སྒྱུ་རྩལ། ཚན་རྩལ་བཅས་ཀྱི་ཁྱད་ཆོས་ལྡན་པའི་སློབ་མ་བསྡུ་མི་ཆོག་པ་དང་། ཚུལ་འགྱུར(变相 )ཀྱིས་སློབ་མ་འདེམས་པ་གཏན་འགོག་བྱེད་དགོས་པ་ཁ་གསལ་བཟོས་ཡོད།  

  • ཅང་སུའུ་ཡིས་སྲིད་ཇུས་བཏོན་ནས་ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་འབྲིང་ཕྲན་གྱི་སྒྲིག་ཆས་ཉོ་སྒྲུབ་དང་གསར་བརྗེ། སྒྱུར་བཀོད་བཅས་ཀྱི་དངུལ་བུན་ལ་གཟིགས་སྐྱོང་གྲོན་དངུལ་གྱི་ཁག་ཐེག་ཡིད་རྟོན་ཞབས་ཞུ་མཁོ་འདོན་བྱས་ཏེ། ཁག་ཐེག་གྲོན་དངུལ་གྱི80%གཞིར་བཟུང་ནས་ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད། 

དེ་རིང་གི་གནམ་གཤིས།  

006.jpg

  • ནང་སོག་གི་ཤར་ལྷོའི་རྒྱུད་དང་། ལེའོ་ཉིང་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོ་རྒྱུད། པེ་ཅིང་གི་ཤར་རྒྱུད། ཐེན་ཅིན། ཧོ་པེ་བྱང་ཤར་རྒྱུད། ཀྲེ་ཅང་དབུས་བྱང་རྒྱུད། ཅང་ཤིས་ལྷོ་རྒྱུད། ཧྥུའུ་ཅན་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་གཤོངས་སའི་ཤར་ལྷོ་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཐའེ་དབན་གླིང་ཕྲན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་དྲག་ཆར་འབབ་པ་དང་། དེའི་ནང་། ལིའོ་ཉིང་གི་ནུབ་རྒྱུད་དང་། ཧྥུའུ་ཅན་ཤར་ལྷོ་རྒྱུད། ཀོང་ཤིས་ཤར་ལྷོ་རྒྱུད། ཀོང་ཏུང་ལྷོ་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།