དེ་རིང་ནི2025ལོའི་ཟླ05པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཛམ་གླིང་དཔེ་ཀློག་ཉིན་མོའི་བྱུང་བ་མདོར་བསྡུས།

2024-04-23 09:15:39   |   2593

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

ལོ་རེའི་ཟླ4པའི་ཚེས23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་ལ། “འཛམ་གླིང་དཔེ་དེབ་དང་པར་དབང་ཉིན་མོ་”ཡང་ན་“འཛམ་གླིང་དཔེ་དེབ་ཉིན་མོ་”ཞེས་ཀྱང་འབོད། ཉི་མ་འདི་ནི་ཐོག་མར་རྒྱལ་སྤྱིའི་དཔེ་སྐྲུན་ཚོང་པའི་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་བྱུང་བ་ཞིག་རེད། སི་ཕེན་གྱིས་ཇུས་གཞི་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཚོགས་པར་སྤྲད་རྗེས། 1995ལོའི་ཟླ་དང་པོའི་ཚེས15ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་དང་ཚན་རིག་རྩ་འཛུགས་ཀྱིས་ལོ་རེའི་ཟླ4པའི་ཚེས23ཉིན་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་པ་དངོས་སུ་གཏན་འཁེལ་བྱས། དེའི་དམིགས་ཡུལ་གཙོ་བོ་ནི་འགྲོ་བ་མི་རྣམས་དཔེ་ཀློག་དང་རྩོམ་འབྲི་ལ་འཇུག་པར་སྐུལ་འདེད་གཏོང་བའི་ཆེད་དང་། རང་ཅག་འགྲོ་བ་མིའི་རིགས་ཀྱི་ཤེས་དཔལ་ལ་ལེགས་སྐྱེས་ཆེན་པོ་ཕུལ་མྱོང་བའི་རྩོམ་རིག་དང་། རིག་གནས། ཚན་རིག བསམ་བློ་བཅས་ཀྱི་སྔོན་བྱོན་དམ་པ་རྣམས་ཀྱི་བཀའ་དྲིན་དྲན་པ་དང་། བཀའ་དྲིན་ཞུ་བ། ད་ལྟའི་མཁས་པ་རྣམས་ལ་གུས་བཀུར་བྱེད་པ། རྩོམ་དབང་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཆེད་ཡིན།

 ལོ་རེའི་ཉིན་མོ་འདིར་འཛམ་གླིང་གི་ཡུལ་གྲུ་སོ་སོའི་རྒྱལ་ཁབ་བརྒྱ་ལྷག་གིས་དུས་གཅིག་ཏུ་ཉིན་མོ་འདིར་རྟེན་འབྲེལ་ཞུ་བ་དང་དཔེ་ཀློག་གི་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད།


མཉམ་སྤྱོད།