མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས08ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་ལས་སྒོ“ཞིང་ཆེན་ཡོངས་ནས་སྒྲུབ་ཐུབ་པ”མངོན་འགྱུར་བྱུང་བ།

2024-04-23 17:43:56   |   83

སྒྲིག་སྒྱུར། སངས་དོན། ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ་དང་སྨན་བཅོས་འགན་བཅོལ་གྱི་སྲིད་དོན་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་ཅུ་ཡིས《མཚོ་སྔོན་ཞིང་ཆེན་སྨན་བཅོས་འགན་བཅོལ་གྱི་སྲིད་དོན་ཞབས་ཞུའི“ཞིང་ཆེན་ཡོངས་ནས་སྒྲུབ་པའི”ལས་དོན་ཇུས་གཞི(2024ལོའི་པར་གཞི)》པར་འགྲེམས་བྱས་ཏེ་ས་ཁོངས་ཀྱི་ཚོད་འཛིན་མེད་པར་བཟོས་ནས་འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི་ལས་ཚེགས་ཇེ་ཡང་དུ་བཏང་བ་དང་། སྨན་བཅོས་འགན་བཅོལ་ལས་སྒོ་དེ“ཞིང་ཆེན་ཡོངས་ཀྱི་ས་ཁུལ་གང་རུང་ནས་སྒྲུབ་ཐུབ་པ”མངོན་འགྱུར་བྱས།

《ཇུས་གཞིའི》ནང་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གང་རུང་ནས་སྨན་བཅོས་འགན་བཅོལ་གྱི་ལས་སྒོ་སྒྲུབ་པའི་ཚད་གཞི་ཁ་གསལ་བཟོས་ཡོད་ཅིང་། ཞིབ་བཤེར་ལས་སྒྲུབ་ཀྱི་དོན་ཚན་དང་བརྒྱུད་རིམ་གཅིག་གྱུར་བྱས་ཡོད། “ནད་རིགས་གཉིས”ངོས་འཛིན་ཐོ་འགོད།  བུ་བཙའི་འགན་བཅོལ་ཐོ་འགོད། མི་སྒེར་གྱི་འགན་བཅོལ་ནང་ཞུགས་པའི་ཆ་འཕྲིན་འདྲི་རྩད་སོགས་ཀྱི་དོན་ཚན12ཞིང་ཆེན་ཡོངས་ཀྱི་རྫོང(ཆུས)རིམ་པ་ཡན་གྱི་སྨན་བཅོས་འགན་བཅོལ་གཉེར་བའི་སྒྲིག་གཞི(ཚོང་ལས་འགན་བཅོལ་སྤྱི་གཉེར་གྱི་སྨན་བཅོས་འགན་བཅོལ་གཉེར་བའི་སྒྲིག་གཞི)ལས་ཁྱད་པར་མེད་པར་བདག་སྤྲོད་བྱེད་པ་དང་། ཚད་གཞི་གཅིག་མཐུན་གྱིས་ལས་སྒོ་སྒྲུབ་ཆོག་པས། འགན་བཅོལ་ནང་ཞུགས་མཁན་མང་ཚོགས་ཀྱི“ཐག་ཉེ་ཤོས་དང་། སྟབས་བདེ་བ། ནུས་ཆེའི”ལས་སྒྲུབ་དགོས་མཁོ་སྔར་བས་བསྐང་ཡོད་པ་དང་སྨན་བཅོས་འགན་བཅོལ་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ཡོད།


མཉམ་སྤྱོད།