མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས09ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-24 07:20:53   |   1608

སྒྲིག་སྒྱུར།   སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན། 

  •    ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོར་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་བྱས་ནས་འཚོགས་པ་དང་། ཁོང་གིས་སྲུང་སྐྱོབ་ཆེན་པོ་དང་སྒོ་འབྱེད་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྔར་བས་ཆགས་པར་བྱས་ནས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་ལེའུ་གསར་པ་འབད་བརྩོན་ཆེན་པོས་འབྲི་དགོས་ཞེས་ནན་བཤད་གནང་། 

01~1.jpg

  • ཟླ4པའི་ཚེས22ནས་ཚེས23ཉིན་བར། ཞི་ཅིན་ཕིང་གིས་ཁྲུང་ཆིང་གྲོང་ཁྱེར་དུ་རྟོག་ཞིབ་གནང་བ་རེད། ཁོང་སྔ་རྗེས་སུ་ཁྲུང་ཆིང་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་བའི་གླིང་ཁུལ་དང་། ཅིའུ་ལུང་ཕོ་ཆུས་ཞེ་ཅ་ཝན་ཁྲོམ་གཞུང་མེན་ཀྲུའུ་གྲོང་ཚོའི་སྡེ་ཁུལ། ཁྲུང་ཆིང་གི་གྲངས་འཛིན་ཅན་གྱི་གྲོང་ཁྱེར་དང་འཁོར་སྐྱོད་ལྟེ་གནས་བཅས་སུ་ཕེབས་ནས་ས་གནས་དེ་གའི་ནུབ་རྒྱུད་སྐམ་ས་ནས་མཚོ་རྒྱུད་དུ་སྦྲེལ་བའི་བགྲོད་ལམ་གསར་པ་མགྱོགས་མྱུར་འཛུགས་སྐྲུན་དང་། གྲོང་ཁྱེར་གསར་བརྗེས་དང་དམངས་འཚོ་ལེགས་སུ་གཏོང་བ། གྲོང་ཁྱེར་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་བྱས་པ་རེད། 

02.jpg

  • ཚེས22ཉིན་གྱི་ཕྱི་དྲོ། ཁྲུང་ཆིང་དུ་རྟོག་ཞིབ་བྱེད་བཞིན་པའི་ཞི་ཅིན་ཕིང་གིས་ཅིའུ་ལུང་ཕོ་ཆུས་ཞེ་ཅ་ཝན་ཁྲོམ་གཞུང་མེན་ཀྲུའུ་གྲོང་ཚོའི་སྡེ་ཁུལ་གྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ལྟེ་གནས་སུ་ཕྱིན་ནས་སྡེ་ཁུལ་ལས་བྱེད་པར་དེ་གར་དམངས་ཕན་ཞབས་ཞུ་གང་དག་སྤེལ་བ་དང་། སྡེ་ཁུལ་ལས་བྱེད་པའི་ཐོབ་ཐང་གང་འདྲ་ཡོད་པ། དུས་རྒྱུན་ལས་ཀར་བྲེལ་བ་ཡོད་མེད་སོགས་འདྲི་རྩད་བྱས་ནས་ཉེ་བའི་ལོ་ཤས་རིང་སྡེ་ཁུལ་གྱི་ཁུར་པོ་ཆུང་དུ་གཏོང་བའི་ཕན་འབྲས་ལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། ཞི་ཅིན་ཕིང་གིས་བསྟན་དོན། གཞི་རིམ་གྱི་ཁུར་པོ་ཆུང་དུ་གཏོང་ཆེད་དབང་ཆ་དང་འགན་འཁྲི་ཁ་གསལ་བྱེད་དགོས་པ་ལས། བྱ་བ་གང་ཞིག་གཞི་རིམ་ལ་གནོན་མི་རུང་། གཞི་རིམ་གྱིས་ལས་ཀ་གང་དག་སྒྲུབ་དགོས་པ་དང་། འགན་འཁུར་གང་དག་ཁུར་དགོས་པ་གསལ་པོ་ཤེས་དགོས། 

03.jpg

  • ཁྲུང་ཆིང་དུ་རྟོག་ཞིབ་བྱེད་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚེས22ཉིན་གྱི་ཕྱི་དྲོ། ཅིའུ་ལུང་ཕོ་ཆུས་ཞེ་ཅ་ཝན་ཁྲོམ་གཞུང་མེན་ཀྲུའུ་གྲོང་ཚོའི་སྡེ་ཁུལ་དུ་བསྐྱོད་པ་རེད། སྡེ་ཁུལ་གྱི་རྣམ་པ་གསར་པ་དང་གོ་རིམ་ལྡན་པ་མཐོང་སྐབས་ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་སྡེ་ཁུལ་གྱི་གྲོང་མིར་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་དམངས་འཚོའི་ལས་དོན་ནི་ཆེས་གལ་འགངས་ཆེ་བ་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་བསྒྲུབ་དགོས་པའི་བྱ་བ་ནི་མི་སེར་རྣམས་དེ་བས་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་བཤད། 

  • ཚེས23ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དགུ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་པ་དང་། སློབ་གནས་བཅའ་ཁྲིམས་ཀྱི་འཆར་ཟིན་དང་སྒོ་ཁྲལ་བཅའ་ཁྲིམས་ཀྱི་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས་པ་རེད། 

  • རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་བཅོལ་ཨང་གྲངས་སྤྱོད་མཁན་མི་དུང་ཕྱུར11.2ལས་བརྒལ་ཡོད་པ་རེད། 

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་གསར་དུ་ལས་ཞུགས་བྱས་པའི་མི་གྲངས་ཁྲི303ཟིན་ཡོད་པ་རེད། 

  • ཉེ་ཆར། སྤྱི་བདེ་པུས་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཕྱི་རྒྱལ་དུ་བྲོས་བྱོལ་དུ་སོང་བའི་དཔལ་འབྱོར་ཉེས་གསོག་དོགས་ཅན་གྱི“ཝ་རྔོན2024”འཛིན་བཟུང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་དགོས་པ་བཀོད་སྒྲིག་བྱས། 

  • ཚེས23ཉིན། ལྷ་གྲུ་ཨང་བཅོ་བརྒྱད་པའི་མི་སྡོད་འཕུར་སྐྱོད་ཚོ་ཆུང་གིས་ཁྱོན་ཡོངས་ཀྱི་མཉམ་སྦྱོང་དང་ཁོངས་གཏོགས་ཡོངས་ཀྱི་རླུང་དམ་རང་བཞིན་གྱི་ཞིབ་བཤེར་མཐའ་མ་བྱས་པ་རེད། 

  • ཉེ་ཆར། ལོ་སིར་ནས་རྒྱལ་མཚམས་སྒྲོལ་བའི་གླེང་མོལ་དང་བསྙད་འདོགས་བྱེད་མཁན་གྱི་ཉེས་གསོག་དོགས་ཅན་མི250རང་རྒྱལ་ཉེན་རྟོག་ཕྱོགས་ལ་རྩིས་སྤྲོད་བྱས་པ་རེད། 

སྤྱི་ཚོགས། 

  • འབྱུང་འགྱུར་གྱི་ཉིན་གསུམ་རིང་། ཀུའེ་ཀྲོའུ་ཤར་རྒྱུད་དང་། འབྲི་ཆུའི་དབུས་ལྷོ་རྒྱུད་དང་ཤར་རྒྱུད། ཧྭ་ནན་བྱང་རྒྱུད་དང་དབུས་ཤར་རྒྱུད། དེ་བཞིན་བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་སོགས་སུ་ཆར་བ་ཆེན་པོའམ་ཡང་ན་དྲག་ཆར་འབབ་པ་དང་། ས་ཁུལ་ཁ་ཤས་སུ་གློག་འཁྱུག་པ་དང་རླུང་ཆེན་གཏད་རྒྱུག་དྲག་པོའི་གནམ་གཤིས་འབྱུང་རྒྱུ་རེད།  

  • ཚེས23ཉིན། རྒྱལ་ཡོངས་རྒྱལ་དམངས་ཀྱི་དཔེ་ཀློག་བརྟག་དཔྱད་ཐེངས་21པའི་འབྲས་བུ་ཁྱབ་བསྒྲགས་བྱས།  2023ལོར་རང་རྒྱལ་གྱི་རྒྱལ་དམངས་དར་མ་མི་རེའི་ཆ་སྙོམས་ཀྱི་དཔེ་དེབ་དཔེ་ཀློག་བྱེད་ཚད་དཔེ་ཆ4.75དང་མི་རེའི་ཆ་སྙོམས་གློག་རྡུལ་དཔེ་དེབ་དཔེ་ཀློག་བྱེད་ཚད3.40ཟིན་གྱི་ཡོད་པ་རེད། 

  • ཀྲུང་དབྱང་དྲ་རྒྱ་ཆ་འཕྲིན་གཞུང་དོན་ཁང་གིས་བརྡ་ཐོ་པར་འགྲེམས་བྱས་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རང་མོས་སྨྱན་སྦྱོར་གྱི་བྱེད་སྤྱོད་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་རེད། 

  • མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་བཅོལ་པུས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར། ལས་རྨས་འགན་སྲུང་གི་ས་གནས་གཞན་དུ་སྨན་བཅོས་བྱེད་པར་ཐད་ཀར་འགྲོ་སོང་རྩིས་རྒྱག་བྱེད་པའི་ཚོད་ལྟའི་གྲོང་ཁྱེར131ཟིན་ཡོད་པ་རེད། 

  • ཀྲུང་གོའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་ཡིག་ཆ་བཏོན་ནས་འགྲན་བསྡུར་གཙོ་གཉེར་ཕྱོགས་ཀྱིས་སྤ་སེ་འཚོང་མགོ་མ་ཚུགས་གོང་། སྤོ་ལོ་ལུས་རྩལ་པ་གྲགས་ཅན་གང་དག་འགྲན་བསྡུར་ནང་ཞུགས་པའི་དོན་ཚན་སྤྱི་དམངས་ལ་གསལ་བཤད་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད། 

  • ཧྲན་ཤིས་ལུའི་ལེང(吕梁)ཡུང་ཅུ་རྡོ་སོལ་ལས་རིགས་ཀྱི“11·16”མེ་སྐྱོན་ལས་འཛོལ་ཚབས་ཆེན་བརྟག་དཔྱད་སྙན་ཞུ་ཁྱབ་བསྒྲགས་བྱས་པར་གཞིགས་ན། གཞུང་ཞབས་པ་མི་སྣ42ལ་འགན་འཁྲི་བདའ་འདེད་བཏང་བ་རེད། 

04.png

  • ཚེས23ཉིན། རྒྱལ་ནང་གི་རིག་ནུས་གྲུ་གཟིངས་མ་ལག་སྒྲིག་སྦྱོར་བྱས་པའི་རང་འདེགས་རང་སྐྱོད་རྣམ་པའི་མཚོ་ཐོག་རླུང་གློག་ཨར་ལས་སྟེགས་བུའི“མཚོ་ཐོག་གྲུ5”ཡི་གྲུ་གཟིངས་ཐོག་མ་དེ་ཅང་སུའུ་ནན་ཐུང་དུ་བདེ་བླག་ངང་ཆུ་ནང་དུ་ཞུགས། 

05.jpg

  • ཡུན་ནན་ཞིང་ཆེན་ཏེ་ཧུང་ཁུལ་ནས་རྩི་ཤིང་གི་རིགས་གསར་པ་ཞིག་རྙེད། 

  • ཧའེ་ནན་གྱི་སྡེ་ཚན་མང་པོ་ཞིག་གིས་སྲོག་ཆགས་རྩ་ཆེན་ལྐོག་འདྲེན་དང་རྒྱལ་ཁབ་ཀྱིས་ཕྱིར་གཏོང་ནང་འདྲེན་གཏན་འགོག་བྱས་པའི་དངོས་ཟོག་ལྐོག་འདྲེན་བྱས་པའི་གྱོད་གཞི་ཞིག་མཉམ་འབྲེལ་ཐོག་རྩད་ཆོད་པ་དང་། གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་གྲངས་སྒོར་ཁྲི3000ལྷག་ཙམ་ཟིན་ཡོད་པ་རེད། 

06.png

  • སི་ཁྲོན་ལང་ཀྲུང་གི་ཐོག་སོ་ལྔ་བའི་ཁྱིམ་དུད་ཅིག་ལ་མེ་ཤོར་ནས་བུ་ཆུང་ཞིག་མེ་ཤོར་བའི་ཁང་པར་ལུས་ཡོད། ལམ་དུ་འགྲོ་བའི་མཛེས་བཟོ་བཟོ་པ་ཀྲང་ཧྲང་དབྱིས་ལྗིད་འདེགས་འཁོར་ལོའི་ཁ་ལོ་བ་ཅང་ཧྲི་ཆང་གི་རོགས་རམ་འོག ལྗིད་འདེགས་འཁོར་ལོའི་ལྕགས་ཀྱུ་བརྒྱུད་ཐོག་སོ་ལྔ་པར་བསྐྱོད་དེ་བུ་ཆུང་དེ་བསྐྱབས་པ་རེད། 

སྲིད་ཇུས།

  • ཧུའུ་པེས་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་གློག་སྒུལ་ཅན་གྱི་ཚབ་བྱེད་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས2027ལོར་སླེབས་སྐབས། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱིས85%ཟིན་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསལ་པོ་བཤད་པ་རེད། 

  • ཧྲན་ཤིས(山西)ཀྱིས་དོན་རྐྱེན་ཚབས་ཆེན་གྱི་མངོན་མེད་རྐྱེན་ངན་དང་ཁྲིམས་འགལ་ཐོན་སྐྱེད་གཉེར་སྐྱོང་འཛུགས་སྐྲུན་ཐེར་འདོན་བྱས་ཚེ་བྱ་དགའ་མཐོ་ཤོས་སྒོར་ཁྲི30ཐོབ་རྒྱུ་ཡིན་པ་གསལ་པོ་བསྟན་ཡོད། 

  • ཧྥུའུ་ཅན་ཞ་མོན་གྱིས་བརྡ་ཐོ་བཏང་ནས་ཞ་མོན་དུ་ལས་ཀ་འཚོལ་བ་དང་ལྟ་སྦྱོང་དངོས་སྦྱོང་བྱེད་པར་ཡོང་བའི་སློབ་ཆེན་སློབ་མ་ཆ་རྐྱེན་དང་མཐུན་པ་རྣམས་རིམ་རྩིས་བྱས་ན་ཟླ་བ12ལས་མི་བརྒལ་པའི་རིན་མེད་ཞག་སྡོད་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད། 

དེ་རིང་གི་གནམ་གཤིས།

07.jpg

  • ཧེ་ལུང་ཅང་གི་ཤར་ལྷོའི་རྒྱུད་དང་། ཅི་ལིན་གྱི་བྱང་ཤར་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཧྥུའུ་ཅན་ཤར་ལྷོའི་རྒྱུད། སི་ཁྲོན་གཤོངས་སའི་ཤར་རྒྱུད། ཀོང་ཏུང་གི་དབུས་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་བྱང་ཤར་རྒྱུད། ཐའེ་དབན་གླིང་ཕྲན་མང་ཆེ་བ་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆར་པ་ཆེན་པོ་འབབ་པ་དང་། དེའི་ནང་། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་ཐའེ་དབན་གླིང་ཕྲན་གྱི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།