མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཤ་བོ་སྐྱབས་དམག་སྒར་བཅུ་གཉིས་ཀྱི་གནས་རྙིང་དང་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཡུལ་དངོས་སུ་ཕྱིན་ཏེ་གཞུང་དོན་བསྒྲུབས།

2024-04-24 10:06:33   |   105

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཟླ4པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི“ལྟེ་བ་གཅིག་དང་སྐོར་གཅིག་གིས་རྒྱུད་མང་བོ་སྣེ་ཁྲིད་པའི”སྐྱེ་ཁམས་འཕེལ་རྒྱས་ཀྱི་རྣམ་པ་དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། མདའ་བཞི་རྫོང་གི་དམག་སྒར་བཅུ་གཉིས་ཀྱི་གནས་རྙིང་དང་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིར་ཕྱིན་ཞིང་། ཡུལ་དངོས་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་ཀྱི་མཚོ་སྔོན་པོ་དཔེ་སྟོན་ཁུལ་དང་གསར་བརྗེའི་སྙིང་སྟོབས་ཀྱི་མཐོ་ས་བསྐྲུན་པའི་ཐད་བརྟག་ཞིབ་གནང་བ་དང་། མཐའ་སྐོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་། ས་ཆ་ལྗང་སྒྱུར། རྩྭ་ས་བཅོས་སྐྱོང་བཅས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། མཚོ་བྱང་གི་དམིགས་བསལ་སྐྱེ་ཁམས་ཐོན་ཁུངས་དང་གསར་བརྗེའི་ཐོན་ཁུངས་ཀྱི་ལེགས་ཆ་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་དེ་སྔའི་མཁའ་དམག་གི་དམག་སྒར་བཅུ་གཉིས་ཀྱི་གནས་རྙིང་དང་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་དེ་སྐྱེ་ཁམས་སྲུང་སྐྱོང་དང་རྒྱལ་སྲུང་སློབ་གསོ་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་འདུ་འགོད་ཅིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན།

2.jpg

མཚོ་སྔོན་པོའི་འགྲམ་གྱི་དེ་སྔའི་མཁའ་དམག་གི་དམག་སྒར་བཅུ་གཉིས་ཀྱི་གནས་རྙིང་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ལམ་ཐིག་འཆར་འགོད་ལས་དོན་ལ་མཛུབ་ཁྲིད་བྱས་པ་དང་། འཕུར་མདེལ་གྱི་གཡུལ་ས་དང་། འཕེན་གཏོང་སྒྲོམ་གཞི། གྲུ་ཁ། ས་འོག་འགྲེམས་སྟོན་ཁང་སོགས་གནས་རྙིང་སྲུང་སྐྱོང་དང་བེད་སྤྱོད་བྱས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། ཁོར་ཡུག་བཅོས་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱས། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་མདའ་བཞི་རྫོང་གིས་འབྲེལ་གཏུག་མཉམ་ལས་བྱེད་པར་ཤུགས་སྣོན་བརྒྱབ་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་ས་ཚིགས་འཆར་འགོད་འཛུགས་སྐྲུན་དང་དྲིལ་སྒྲོག་འོས་སྦྱོར་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན། གཅིག་ནས“སྔར་ལྟར་ཉམས་གསོ་དང་། སྔར་གྱི་རྣམ་པ་སོར་འཇོག འཛུགས་སྐྲུན་རྣམ་པའི་གཏོར་བཤིག་སྔོན་འགོག་བྱེད་པའི”རྩ་དོན་མཐའ་འཁྱོངས་བྱས་ཏེ། འཕུར་མདེལ་གྱི་གཡུལ་ས་དང་། སྣེ་ཁྲིད་ས་ཚིགས། གྲུ་ཁའི་འདོན་འཇུག་སྟེགས་བུ་བཅས་ཀྱི་གནས་རྙིང་འགྲེམས་སྟོན་ཡག་པོ་བྱེད་པ་དང་། ལོ་རྒྱུས་ཀྱི་དཔྱད་གཞི་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་པ། གསར་བརྗེའི་གཏམ་རྒྱུད་སྔོག་འདོན་ཤུགས་ཆེན་བྱེད་པ། ཞིབ་འཇུག་སློབ་ཚན་རྩེ་གྲ་གསར་སྤེལ་བྱེད་པ་བཅས་བྱེད་དགོས། གཉིས་ནས་ཚན་རིག་དང་མཐུན་ཞིང་ལུགས་མཐུན་གྱི་སྒོ་ནས་ལྟ་སྐོར་ལམ་ཐིག་ཇུས་འགོད་བྱས་ཏེ། མདའ་བཞི་རྫོང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོ་སྔོན་པོའི་མཚོ་མཆོད་བྱེད་སྒོ་ཡག་པོ་གཉེར་བ་དང་། ཉ་དང་འདབ་ཆགས་ལ་ཁ་ཟས་སྟེར་བ་སོགས་ཀྱི་ཉམས་ལེན་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ། པར་ལེན་རྣམ་གྲངས་གསར་སྣོན་བྱེད་པ། ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཡིད་དབང་འགུག་ཤུགས་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱེད་དགོས། འགྲོ་ལམ་འགྲིམ་འགྲུལ་དང་། རླངས་འཁོར་འཇོག་ས། འཕྲོད་བསྟེན་གསང་སྤྱོད་སོགས་ཀྱི་འགན་ལེན་ལ་དམ་འཛིན་བྱེད་པ་དང་། གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོར་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་མཚོ་བྱང་གི་གསར་བརྗེའི་སློབ་གསོའི་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་དང་ཁྱད་ཆོས་མངོན་པར་བྱེད་དགོས། གསུམ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བདག་སྐྱོང་བའི་དོ་དམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཆེད་མི་བཀོད་སྒྲིག་བྱས་ཏེ་མཚོ་སྔོན་པོའི་ངོགས་དང་། རྒྱལ་ལམ315དང་། མཚོ་སྐོར་གཞུང་ལམ་གཞོགས་གཉིས་སུ་སྒེར་གྱིས་བགྲོད་ལམ་བཏོད་པ། རང་དགར་འཛུགས་སྐྲུན། རྩྭ་ཐང་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ཟང་ཟིང་གི་རྣམ་པ་མུ་མཐུད་གྲལ་བཤེར་བཅོས་སྒྲིག་བྱེད་དགོས། མིག་སྔའི་ནགས་འདེབས་སྔོ་འགྱུར་གྱི་རྫོགས་ལྡན་དུས་ཚིགས་དམ་འཛིན་བྱས་ཏེ་རྩྭ་འདེབས་ཤིང་འཛུགས་སོགས་ཀྱི་སྔོ་ལྗང་རྣམ་གྲངས་ཇུས་འགོད་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ཕྱོགས་ཡོངས་ནས་སྤེལ་བ། རྩྭ་ཐང་ཞན་འགྱུར་བཅོས་སྐྱོང་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་མཚོན་རྟགས་མང་དུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་གསར་བརྗེའི་གནས་སྐོར་གཉིས་ཀར་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།

3.png

ཤ་བོ་སྐྱབས་ཀྱིས་མཐོན་པོ་སྒང་སྐྱེ་ཁམས་གནས་སྐོར་དང་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་གྱི་ཡུལ་དངོས་སུ་རྟ་རྩལ་འཁྲབ་སྟོན་ཁུལ་དང་སྒར་འདེབས་རྟེན་གཞིའི་རྣམ་གྲངས་ཀྱི་འཕེལ་རིམ་ལ་གཟིགས་ཞིབ་གནང་བ་དང་དུས་མཚམས་ཀྱི་ལས་དོན་སྙན་ཞུར་གསན་ནས་སྒར་སའི་འཆར་འགོད་དང་། ཨར་ལས་ཀྱི་གོ་རིམ། ལས་གྲྭའི་སྤུས་ཚད་བཅས་ལ་བླང་བྱ་ཞིབ་ཕྲ་བཏོན། གཅིག་ནས་ཡུལ་བབ་དང་བསྟུན་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་པ་དང་། ཁུལ་རྟ་རྩལ་མཐུན་ཚོགས་དང་འབྲེལ་མཐུད་བྱས་ཏེ་ས་དབྱིབས་དང་ས་བབ། ས་ཆའི་དགོས་མཁོ། འགྲིམ་འགྲུལ་སྟབས་བདེ་རང་བཞིན་སོགས་ཕྱོགས་མང་པོའི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་རྟ་རྩལ་འཁྲབ་སྟོན་ཁུལ་དང་། མཐོངས་ཡངས་གར་སྟེགས། ཤིང་ཁང་གི་སྒར་ས། གུར་ཕུབ་ཁུལ་སོགས་ཀྱི་ས་ཆ་ཚན་རིག་དང་མཐུན་པའི་སྒོ་ནས་གཏན་འཁེལ་བྱེད་དགོས། གཉིས་ནས་མཛེས་ལྗོངས་ཁུལ་གྱི་ཕྱི་ནང་གི་ཤིང་ལམ་དང་། ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་མཛེས་ལྗོངས་ཁུལ་གྱི་ཆུ་གློག་དྲ་བ་སོགས་གཞི་རྩའི་རྒྱུ་རྐྱེན་འགན་ལེན་ཡག་པོ་བྱེད་པ་དང་། མི་རིགས་རིག་གནས་ཀྱི་ཁྱད་ཆོས་དེ་དག་ནང་འདྲེས་པར་བྱས་ཏེ། སྒར་འདེབས་རྟེན་གཞིའི་རིག་གནས་ཀྱི་ནང་དོན་དང་ཞབས་ཞུའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གནས་སྐོར་བར་བློ་བདེ་བག་ཕེབས་ཀྱི་གནས་སྐོར་ཁོར་ཡུག་ཅིག་གཏོད་དགོས། གསུམ་ནས་ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ས་ཁོངས་ལ་མཛེས་བཟོ་དང་སྔོ་ལྗང་ཅན་དུ་འགྱུར་བར་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མཐོན་པོ་སྒང་གི་གཞུང་ལམ་གྱི་གཞོགས་གཉིས་སུ་ཤིང་འཛུགས་རྩྭ་འདེབས་བྱེད་པ་དང་། རྩྭ་ཐང་ཞན་འགྱུར་བཅོས་སྐྱོང་དང་ལེགས་བཅོས་བྱེད་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཞིབ་འཇུག་སློབ་སྦྱོང་རྟེན་གཞིའི་ཁོར་ཡུག་སྔར་བས་ཇེ་བཟང་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས་ཞེས་བསྟན།

4.jpg

ཁུལ་གྱི་མགོ་ཁྲིད་སི་ཅི་ཧྲེང་དང་། ལི་ཞུས་ཀྲེན། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་ཨུའི་ཏང་གི་སློབ་གྲྭ། ཁུལ་འགྲིམ་འགྲུལ་དང་། ཆུ་བེད། ནགས་ཚལ་དང་རྩྭ་ཐང་། ཞིང་ཕྱུགས། རང་བྱུང་ཐོན་ཁུངས། རིག་གནས་ལུས་རྩལ་གནས་སྐོར། རྟེན་གཞིའི་གནས་རྙིང་གཞུང་ལས་ཁང་སོགས་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས།


མཉམ་སྤྱོད།