དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཀུན་གྱིས་དོ་སྣང་བྱེད་པའི་གནས་སྐོར་བྱ་ཡུལ་དུ་གྱུར།

2024-04-25 11:46:45   |   424

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


图片1.png

ཉེ་ཆར།  “གནས་སྐོར་བྱེད་ནCགྲོང་འདེམས”པའི་འཐབ་ཇུས་ཀྱི་ཐོག་མའི་ཚོགས་ཆེན་ལེའོ་ཉིང་ཨན་ཧྲན་དུ་གཟབ་རྒྱས་ངང་འཚོགས་པ་དང་། མཚོ་སྔོན་གྱིCགྲོང་མཚོ་བྱང་དང་། ཧྲན་ཏུང་གིCགྲོང་ཙེ་པོ། ཧོ་ནན་གྱིCགྲོང་ལུའོ་དབྱང་། ཧྥུའུ་ཅན་གྱིCགྲོང་ཆོན་ཀྲུའུ་སོགས་རྒྱལ་ནང་གིCགྲོང27གྱི་འཐུས་མི་ལེའོ་ཉིང་ཨན་ཧྲན་དུ་འཛོམས་ནས། རིག་གནས་གནས་སྐོར་དར་རྒྱས་གཏོང་བའི་བྱ་འགུལ་ཁྲོད་ཞུགས་ཤིང་། རིག་གནས་གནས་སྐོར་ཐོན་ལས་ཀྱི་འཕེལ་ཕྱོགས་དང་མཉམ་ལས་གོ་སྐབས་འཚོལ་ཞིབ་བྱས། ཚོགས་ཆེན་གྱིས2024ལོའིCགྲོང་གནས་སྐོར་འཕེལ་ཕྱོགས་བཟང་པོའི་གྲོང་ཁྱེར་གྱི་མིང་ཐོ་ཁྱབ་བསྒྲགས་བྱས།

图片2.png

 མཚོ་བྱང་ཁུལ་གྲོང་ཁྱེར་མང་པོའི་ཁྲོད་ནས་འབུར་དུ་ཐོན་ནས2024ལོའིCགྲོང་ཀུན་གྱིས་དོ་སྣང་བྱེད་པའི་གནས་སྐོར་བྱ་ཡུལ་ཆེན་པོ་བཅུའི་མིང་ཐོའི་སྟེང་དུ་བཀོད་པ་དང་། དེས་"དག་སྣང་མཚོ་བྱང་"་གི་ཆས་རྟགས་གསལ་པོར་བཟོས་ནས་མཚོ་བྱང་གིས་རྒྱལ་ཡོངས་ལ་ཁ་ཕྱོགས་ཏེ་རིག་གནས་གནས་སྐོར་གྱི་ཤུགས་རྐྱེན་ཐེབས་རྒྱ་ཆེ་རུ་གཏོང་བར་གོམ་སྟབས་བརྟན་པོ་ཞིག་སྤོས་པ་རེད།


མཉམ་སྤྱོད།