དེ་རིང་ནི2025ལོའི་ཟླ06པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-26 07:11:11   |   1576

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

01.jpg

  • ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ4པའི་ཚེས23ཉིན་སྐམ་དམག་དམག་དོན་གསོ་རིག་སློབ་ཆེན་ལ་གཟིགས་ཞིབ་གནང་ནས་དུས་རབས་གསར་པའི་དམག་དཔུང་སྟོབས་ལྡན་གྱི་བསམ་བློ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། གཡུལ་ས་དང་དཔུང་སྡེ། འབྱུང་འགྱུར་བཅས་ལ་ཁ་ཕྱོགས་པ་དང་། སློབ་གཉེར་དང་མི་གསོ་སྐྱོང་གི་ཆུ་ཚད། འཕྲོད་བསྟེན་ཞབས་ཞུ་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ནས་འཛམ་གླིང་གི་དམག་དོན་གསོ་རིག་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་ཧུར་ཐག་བྱ་དགོས་ཞེས་ནན་བཤད་གནང་བ་རེད། 

02~2.jpg

  • ཚེས25ཉིན་གྱི་ཆུ་ཚོད20དང་སྐར་མ59ཡི་ཐོག ལྷ་གྲུ་ཨང18པའི་མི་སྡོད་འཕུར་གྲུ་དེ་རྒྱང་སྐྱོད་ཨང2པའིFཡའོ18སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་ནས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་འཕེན་གཏོང་བྱས་པ་དང་། འཇིག་རྟེན་འཕུར་སྐྱོད་པ་ཡེ་ཀོང་ཕུའུ་དང་། ལི་ཚུང་། ལི་ཀོང་སུའུ་བཅས་བདེ་བླག་ངང་བར་སྣང་དུ་བསྐྱོད་པ་རེད། 

03.jpg

  • ལྷ་གྲུ་ཨང18པའི་འཇིག་རྟེན་འཕུར་སྐྱོད་པ་མི3བདེ་བླག་ངང་ཀྲུང་གོའི་བར་སྣང་ས་ཚིགས་སུ་བཅའ་སྡོད་བྱས་ནས་ལྷ་གྲུ་ཨང17པའི་ཚོ་ཆུང་དང“བར་སྣང་དུ་འཛོམས་པ”མངོན་འགྱུར་བྱུང་ཡོད། 

  • འབྱུང་འགྱུར་གྱི་ལོ་བཞིའི་ནང་རང་རྒྱལ་གྱིས“ཟླ་བའི”འཚོལ་ཞིབ་འཕྲུལ་འཁོར་གསུམ་འཕེན་གཏོང་བྱ་རྩིས་ཡོད། རྒྱལ་སྤྱིའི་ཟླ་བའི་གོ་ལའི་ཚན་ཞིབ་ས་ཚིགས་ཀྱི་གཞི་རྩའི་རྣམ་པ་སྔོན་དཔག་བྱས་ན2035ལོའི་གོང་དུ་བསྐྲུན་རྒྱུ་ཡིན་པ་རེད། 

  • ད་ལོའི་དུས་ཚིགས་དང་པོར་རྒྱལ་ཡོངས་སུ་འཕར་འགྱུར་མིན་པའི་ནུས་རྒྱུའི་གློག་འདོན་སྒྲིག་སྦྱོར་འཕྲུལ་འཁོར་གྱི་ཤོང་ཚད་ཝ་ཁྲི6376གསར་དུ་འཕར། དེས་གསར་དུ་འཕར་བའི་གློག་འདོན་སྒྲིག་སྦྱོར་འཕྲུལ་འཁོར་གྱི་སྤྱིའི་ཤོང་ཚད་ཀྱི་བསྡུར་ཚད91.8%ཟིན་ཡོད་པ་རེད། 

  • ཚེས25ཉིན། ནོར་སྲིད་པུ་ཡིས་ཞིང་ལས་གྲོང་གསེབ་པུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་ལས་ཐོན་སྐྱེད་གནོད་འཚེ་སྔོན་འགོག་གེགས་སེལ་མ་དངུལ་སྒོར་དུང་ཕྱུར14.16བཏང་ཡོད། 

  • ཞིང་ལས་གྲོང་གསེབ་པུ་དང་སྤྱི་བདེ་པུ། ཀྲུང་གོ་མཚོ་ཐོག་ཉེན་རྟོག་ཅུ་བཅས་ཀྱིས་མཉམ་འབྲེལ་ཐོག་བརྡ་ཐོ་དཔར་འགྲེམས་བྱས་ནས2024ལོའི་ཟླ5བའི་ཚེས1ཉིན་ནས་ཟླ9བའི་ཚེས16ཉིན་བར་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཉ་འཛིན་མཚམས་འཇོག་པའི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་སྤེལ་རྒྱུའི་གཏན་འབེབས་བྱས་པ་རེད། 

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་ཤེས་བྱའི་ཐོན་དབང་ལ་བཙན་གནོད་དང་ཚོང་ཟོག་རྫུན་མ། སྤུས་ཞན་ཐོན་རྫས་བཟོ་འཚོང་གི་ཉེས་གསོག་གྱོད་གཞི་ཁྱོན་སྡོམ་ཁྲི4ལྷག་ཙམ་གྱོད་གཞི་ཐོ་འགོད་མྱུལ་ཞིབ་དང་ཐག་གཅོད་བྱས་པ་རེད། 

  • རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོར་གོ་ལ་ཧྲིལ་པོའི་ཚན་རྩལ་ཁྱུ་ཚོགས་སྟོབས་ཆེན་བརྒྱ་ཡི་གྲངས་འབོར་ལས24ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་ཐོག་མར་སླེབས་པ་རེད། 

  • འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གྲངས་གཞི་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོར་རྒྱལ་ཡོངས་འགག་སྒོ་ལས་ཁུངས་ཀྱིས་ཕྱིར་གཏོང་ནང་འདྲེན་གྱི་ལྷུ་ཚིགས་སུ་ཤེས་བྱའི་ཐོན་དབང་སྲུང་སྐྱོང་བྱ་ཐབས་ཐེངས་ཁྲི6.7ལག་བསྟར་བྱས་ཡོད། 

སྤྱི་ཚོགས། 

04.jpg

  • ཚེས25ཉིན། རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་ཚུད་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས25ཉིན་གྱི་ཆུ་ཚོད20ནས་ཚེས26ཉིན་གྱི་ཆུ་ཚོད20བར་ཀོང་ཏུང་དབུས་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁ་ཅུང་མཐོ་བ་རེད། 

  • བཟོ་ལས་ཆ་འཕྲིན་པུས་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་རུབ་བྱས་ནས་གློག་སྒུལ་ལྕགས་རྟ་འཁོར་ཐོག་གློག་གསོག་འཕྲུལ་ཆས་སྤྱོད་མི་ཆོག་པ་དང་། དེ་བཞིན་ཡུན་རིང་རང་བཞིན་གྱི་མཚོན་རྟགས་ཀྱི་ནང་དོན་འཐུས་ཚང་དུ་གཏོང་རྩིས་ཡོད་པ་རེད། 

  • ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ནང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུ་ཡི་དེ་སྔའི་པུའུ་ཀྲང་གཞོན་པ། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའི་དེ་སྔའི་ཅུ་ཀྲང་ཚུའེ་མའོ་ཧུའུ་ཡིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས།

05.jpg

  • ཚེས25ཉིན། འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་རྒྱང་སྐྱོད་ཨང་བརྒྱད་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྐོར་གྱི་གྲུབ་ཚུལ་གསར་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་མིང་ལ་རྒྱང་སྐྱོད་ཨང་བརྒྱད་པའི་ཀ་རིགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་བཏགས། 

  • 2024ལོའི་ཁྲེང་ཏུའུ་འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་སྟོན་ཚོགས་དེ་རིང་མགོ་ཚུགས་པ་རེད། 

06.jpg

  • ཚེས24ཉིན་གྱི་སྔ་དྲོ། ཧའེ་ནན་གྱིས་ཧའེ་ནན་དང་ཀོང་ཏུང་བར་མི་མེད་གནམ་གྲུས་རྒྱ་མཚོ་བརྒལ་ནས་ཟོག་འདྲེན་དངོས་རྒྱུགས་ཀྱི་འཕུར་སྐྱོད་བྱེད་ཐེངས་དང་པོ་མངོན་འགྱུར་བྱས་པ་རེད། 

  • ཚེས25ཉིན“བཟའ་ཚང་ཁ་བྲལ་ནས་ལྷོད་ལ་འབབ་སྐབས་བཟའ་ཟླ་བསད་པའི་གྱོད་གཞིའི(离婚冷静期杀妻案)”འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཀྲའོ་ལིའུ་ཁྲའོ་ལ་བསམ་བཞིན་མི་བསད་པའི་བྱས་ཉེས་ཐོག་སྲོག་ཁྲིམས་བཅད་པ་དང་ཆབ་སྲིད་ཀྱི་དབང་ཆ་བླངས། 

07.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཞིབ་འཇུག་གསར་སྤེལ་བྱས་པའི“བྱང་ཀླད་ཨང་གཉིས་པས”རྒྱལ་ནང་གི་གཤིས་ནུས་མཐོ་བའི་ཀླད་པ་དང་འཕྲུལ་ཆས་མཐུད་ཁའི་ལག་རྩལ་གྱི་སྟོང་ཆ་ཁ་སྐོང་བྱས་པ་མ་ཟད། རྒྱལ་སྤྱིའི་ཐོག་སྤྲེའུ་ཡིས་རྩ་གཉིས་འགུལ་སྐྱོད་འོད་རྟགས་ལ་ཀླད་པའི་ཚོད་འཛིན་བྱེད་ཐེངས་དང་པོ་མངོན་འགྱུར་བྱུང་ཡོད། 

08.jpg

  • ནང་སོག་ཧུའུ་ཧོ་ཧའོ་ཐེ་ཡི་རླངས་འཁོར་ཞིག་ཟུར་ཏུ་ལོག་ནས་མེ་ཤོར་བ་དང་། བུ་མོ་ཞིག་རླངས་འཁོར་ནང་ལུས་ཡོད། ཉེན་ཁ་ཆེ་བའི་དུས་སུ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་མ་ཡུས་པིན་གྱིས་གྲུ་མོ་སྤྱད་དེ་ཤེལ་སྒོ་བཅག་པ་དང་མི་དེ་བསྐྱབས། 

སྲིད་ཇུས།

  • པེ་ཅིང་གིས་ཚད་གཞི་ཁྱབ་བསྒྲགས་བྱས་ནས་ཚན་རྩལ་རིགས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་དུས་འཁོར་ལྟར་གྲོན་དངུལ་བསྡུ་རིགས་ལ་ཐེངས་གཅིག་ལ་བསྡུ་བའམ་ཡང་ན་རྣམ་པ་བསྒྱུར་བའི་དུས་ཚོད་ཟླ་བ་གསུམ་ལས་བརྒལ་བའི་གྲོན་དངུལ་བསྡུ་མི་ཆོག་པ་མ་ཟད། སྒོར5000ལས་བརྒལ་མི་ཆོག་པའི་གཏན་འབེབས་བྱས་ཡོད། 

  • ཅང་སུའུ་ཡིས་བྱ་ཐབས་བཏོན་ནས་ཐེར་འདོན་བྱེད་མཁན་གྱིས་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ལ་རྒྱལ་ཁབ་བདེ་འཇགས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཐེར་འདོན་བྱས་པ་དེ། ཞིབ་བཤེར་བྱས་པ་བརྒྱུད་ནུས་པ་ངེས་ཅན་ཐོན་ཡོད་པ་ར་སྤྲོད་བྱས་ཚེ་མཐོ་ཤོས་ལ་སྒོར་ཁྲི3གྱི་བྱ་དགའ་སྤྲོད་རྒྱུ་རེད། 

  • ཧེ་ལུང་ཅང་གིས་སྲོལ་ཡིག་ལ་གྲོས་འཆམ་བྱས་ནས་རྒན་རྒོན་ནད་ཕོག་ནས་སྨན་ཁང་དུ་སྡོད་རིང་། བུ་ཕྲུག་གནས་སའི་ལས་ཁུངས་ཀྱིས་དེར་ལྟ་སྐྱོང་དགོངས་པ་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད། དེའི་ནང་། ཕྲུ་གུ་གཅིག་པུ་ཅན་ལ་ལྟ་སྐྱོང་གི་གུང་གསེང་ལོ་ལྟར་རིམ་རྩིས་བྱས་ན་ཉིན20ཡོད། 

དེ་རིང་གི་གནམ་གཤིས། 

09.jpg

  • ཧྥུའུ་ཅན་ལྷོ་རྒྱུད་དང་ཀོང་ཞིའི་ཤར་རྒྱུད། ཀོང་ཏུང་། ཐའེ་དབན་གླིང་ཕྲན་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་པ་དང་། དེའི་ནང་། ཀོང་ཏུང་ལྷོ་རྒྱུད་མཚོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།