མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས08ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདའ་བཞི་རྫོང་གིས་དུས་ཚིགས་དང་པོར་ལས་ཞུགས་བརྟན་པོ་ཡོང་བར་བྱས།

2024-04-26 08:42:37   |   143

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མདའ་བཞིན་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟར་གནས།     བཤེར་འབེབས།   རིན་ཆེན་ཚེ་རིང་།


ད་ལོའི་དུས་ཚིགས་དང་པོར་མདའ་བཞི་རྫོང་གིས་དམངས་འཚོར་མཐོང་ཆེན་དང་དམངས་ཀྱི་དཀའ་ངལ་སེལ་བ། དམངས་ཀྱི་ཁེ་ཕན་དོན་གཉེར་བཅས་གཙོ་གནད་དུ་བཟུང་ནས“ལས་གནས་མཁོ་འདོན་གྱི་ཞབས་ཞུ་དང་རྩལ་ནུས་ཀྱིས་སྣེ་ཁྲིད་པ ། སྤྱི་ཕན་ལས་སྟེགས་བཀོད་སྒྲིག་བྱེད་པ”བཅས་ཕྱོགས་གསུམ་ལ་ཤུགས་སྣོན་བརྒྱབ་ནས2024ལོའི་དུས་ཚིགས་དང་པོར་མཁར་གྲོང་གི་མི102གསར་དུ་ལས་ཞུགས་བྱས་པ་དང་། ལོ་ཧྲིལ་བོའི་དམིགས་ཚད་ལས་འགན་གྱི34%ལེགས་གྲུབ་བྱུང་། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་ཐེངས1432ལས་ཞུགས་གཞན་སྒྱུར་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི31.8%ལེགས་གྲུབ་བྱུང་། སྤྱི་ཕན་ལས་སྟེགས་སུ་ཆ་རྐྱེན་དང་མཐུན་པའི་མི21བཀོད་སྒྲིག་བྱས་པ་དང་། ལྟ་སྦྱོང་ལྟེ་གནས་སུ་ཁྱོན་སྡོམ་སློབ་ཆེན་མཐར་ཕྱིན་སློབ་མ་མི་46བསྡུ་ལེན་བྱས་ནས་དུས་ཚིགས་དང་པོའི་ལས་ཞུགས་ལས་གཏོད་ཀྱི་ལས་མགོ་ཡག་པོ་བརྩམས་པ་ཡོད།  


མཉམ་སྤྱོད།