མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས07ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་ལའི་བོད་ལུག་གི་སྙན་པ་རྒྱས། དམངས་ཕྱུག་ཐོན་ལས་ནི་དར་ཞིང་འཕེལ།

2024-04-26 08:45:26   |   1531

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ནི་མཚོ་སྔོན་གྱི་ཕྱུགས་ལས་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་། ས་གནས་དེ་གའི"མཐོ་སྒང་རང་བཞིན"གྱི་བོད་ལུག་སྟེ་མདོ་ལའི་བོད་ལུག་ནི་ཀྲུང་གོའི་གནའ་བོའི་གདོད་མའི་ཕྱུགས་རྒྱུད་ཅིག་ཡིན་ལ། 2020ལོར་ཞིང་ལས་གྲོང་གསེབ་པུ་སོགས་པུའུ་ཨུ་བརྒྱད་ཀྱིས་མཚོ་སྔོན་ཞིང་ཆེན་མདོ་ལ་རྫོང་གི"མདོ་ལའི་བོད་ལུག་ནི་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་ལེགས་ཁུལ"དེ་ཀྲུང་གོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་ལེགས་ཁུལ་ཁག་གསུམ་པར་གཏན་འཁེལ་བྱས། ཉེ་ཆར། གསར་འགོད་པ་མདོ་ལ་རྫོང་དུ་ཡོང་ནས་མདོ་ལའི་བོད་ལུག་གི་འཕེལ་རྒྱས་གནས་ཚུལ་ལ་བཅར་འདྲི་གཏིང་ཟབ་བྱས་ཤིང་། མདོ་ལའི་བོད་ལུག་ནི་སྤུས་ལེགས་ཀྱི་རྒྱུད་བཟང་ལ་བརྟེན་ཏེ་ཕྱུགས་ར་ནས་རྒྱལ་ཡོངས་ཀྱི་ཕྱི་ཕྱོགས་སུ་བསྐྱོད་བཞིན་མཆིས།


མཉམ་སྤྱོད།