མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས07ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདའ་བཞི་རྫོང་གིས“རྒྱུན་འཁྱོངས་བཞི”ལ་བརྟེན་ནས་གནས་སྐོར་གྱི“དུས་ཚིགས་བཟང་པོར” གྲ་སྒྲིག་བྱས།

2024-04-26 16:29:09   |   313

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


“ལྔ་གཅིག”གནས་སྐོར་གྱི“དུས་ཚིགས་བཟང་པོ”ཐོན་ལ་ཉེ་བ་དང་བསྟུན་ནས་མདའ་བཞི་རྫོང་གིས“གནས་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ”དང་། དྲ་ཐོག་གི“གནས་སྐོར་དྲིལ་སྒྲོག”ལ་དམ་འཛིན་བྱེད་པ། གནས་སྐོར་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱེད་པ་སོགས་ལ་དོ་སྣང་བྱས་ཏེ། གནས་སྐོར་དུས་ཚིགས་ལ་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་ཤིང་། “མཛེས་སྡུག་ལྡན་པའི་མཚོ་སྔོན”གནས་སྐོར་གྱི“གསེར་གྱི་མིང་བྱང”བཏོད་དེ།“རྣམ་པ་གསར་བ་གསར་རྐྱང་”ཞིག་ལ་བརྟེན་ནས་ཕྱོགས་བཞིའི་མགྲོན་པོ་བསུས།

མདའ་བཞི་རྫོང་གིས“རྣམ་གྲངས་ཅན”གྱི་སྐུལ་འདེད་མཐའ་འཁྱོངས་བྱས་ནས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་། བྱེ་མ་ལ་བདུན་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གནས་སྐོར་བའི་ཞབས་ཞུའི་ལྟེ་གནས་དང་སྲེག་ཟས་སྒར་སྟེགས་སོགས་ཆ་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་བཏང་། རྟའི་ཐོན་ལས་དང་མི་རིགས་འཁྲབ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས། ཁྱད་ལྡན་ཞིམ་ཟས། རིག་གནས་གསར་གཏོད་ཐོན་རྫས་སོགས་མཛེས་ལྗོངས་ཁུལ་དུ་ཞུགས་རྒྱུར་སྐུལ་འདེད་བཏང་ནས་ཟླ5པའི་ཚེས1ཉིན་སྔོན་ལ་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱས།

མདའ་བཞི་རྫོང་གིས“ཞིབ་ཚགས་ཅན”གྱི་ཞབས་ཞུ་མཐའ་འཁྱོངས་བྱས་ནས་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བའི་ཐད་འབད་པ་བྱས། རང་འགུལ་ངང་ཞབས་འདེགས་ཞུ་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། མཛེས་ལྗོངས་ཁུལ་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། འགྲིམ་འགྲུལ་གནས་སྐོར་ཁོར་ཡུག་བཟང་པོ་སྐྲུན་པ་བཅས་ཀྱི་ཐད་འབད་པ་བྱས། “བདེ་བརྟན་མདའ་བཞི”ཡི་འགྲིམ་འགྲུལ་ཞབས་ཞུའི་ས་ཚིགས6འཛུགས་སྐྲུན་འཆར་འགོད་བྱས་ནས་མཛེས་ལྗོངས་ཁུལ་གྱི་གད་སྙིགས་བསྡུ་རུབ་དང་བཙོག་ཆུ་གཅིག་སྡུད་གཙང་སེལ། སྤྱི་པའི་གསང་སྤྱོད་གཙང་མ་འཁོར་སྐྱོད་བཅས་རྒྱུན་མཐུད་ཡག་པོ་བྱས་ཏེ་གནས་སྐོར་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་ཐེག་ཚད་ཆེ་རུ་བཏང་། གནས་སྐོར་ལས་རིགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་སྨོན་ལམ་མཐོན་པོ་དང་བྱེ་མ་ལ་བདུན། སྒར་གཞི་བཅུ་གཉིས་གྲུ་ཁ། བོན་གྱའི་རྩྭ་ཐང་སོགས་ཐོན་ཁུངས་བསྡུ་རུབ་བྱས་ཏེ།  མཚོ་དང་བྱེ་མར་ལྟ་བ། སྒར་འདེབས་པ། ཟླ་བར་ལྟ་བ། བདེ་ཐང་གནས་སྐོར་བཅས་ལ་དམིགས་ནས་ཞིབ་འཇུག་དང་སློབ་སྦྱོང་གནས་སྐོར་དང་། སྐྱེ་ཁམས་གནས་སྐོར་དང་གྲོང་གསེབ་གནས་སྐོར། དམངས་སྲོལ་གནས་སྐོར་སོགས་ཀྱི་རྣམ་པ་གསར་པ་གསོ་སྐྱོང་བྱས་ཏེ། ཁྱད་ལྡན་གནས་སྐོར་རིག་གནས་གསར་གཏོད་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཇུས་འགོད་བྱས་ནས་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་པར་བྱས།

མདའ་བཞི་རྫོང་གིས“རྒྱུན་རྣམ་ཅན”གྱི་ལྟ་སྐུལ་དོ་དམ་མཐའ་འཁྱོངས་བྱས་ནས་གནས་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐད་འབད་པ་བྱས། གནས་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་ཡོངས་ལ་དམིགས་ནས་གཅིག་གྱུར་གྱི་གནས་སྐོར་ཞབས་ཞུའི་ཚད་གཞིའི་དོ་དམ་ལམ་ལུགས་འཚོལ་ཞིབ་དང་གཏན་འབེབས། གནས་སྐོར་ལས་རིགས་ཀྱི་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲོམ་རའི་ཟང་ཟིང་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། གླ་གཏོང་རླངས་འཁོར། བཟའ་བཏུང་ཞག་སྡོད་བཅས་ཀྱི་དོ་དམ་དང་ཞབས་ཞུ་མཐོ་རུ་གཏོང་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། གནས་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་བ་དང་གནས་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ཡོད། 

 དེ་དང་ཆབས་ཅིག་མདའ་བཞི་རྫོང་གིས“གནད་འཁེལ་ཅན”གྱི་དྲིལ་སྒྲོག་མཐའ་འཁྱོངས་བྱས་ནས་དྲིལ་སྒྲོག་ཚོང་གཉེར་ཐད་འབད་པ་བྱས། ཁྲོམ་རའི་ཚོང་གཉེར་ཇུས་འགོད་སྤྱི་གཉེར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་ཇུས་འགོད་དྲིལ་སྒྲོག་དང་གནས་སྐོར་ལམ་ཐིག་ལེགས་སྒྱུར། ད་ཡོད་ཀྱི་ལམ་ཐིག་སྤུས་དག་བསྡུ་སྒྲིལ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལམ་ཐིག་སྤུས་དག་གི་ཁྱབ་ཁོངས་སུ་འཇུག་གང་ཐུབ་བྱས། ས་གནས་ཀྱི་གནས་སྐོར་ལས་དོན་ཁང་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་། ཞིང་ཆེན་ཕྱི་ནང་གི་སྐད་གྲགས་ཆེ་བའི་གནས་སྐོར་ལས་དོན་ཁང་ཆེ་གྲས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ས་གནས་འཁོར་རྒྱུག་གི་ཐབས་ལམ་རྒྱ་ཆེར་དང་གཙོ་གནད་རིམ་པ་དབྱེ་ནས་འགྲུལ་ཁུངས་ཁྲོམ་ར་གསར་གཏོད་བྱས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁེ་ལས་ཞུགས་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲེག་ཟས་དུས་ཆེན་དང་རོལ་དབྱངས་འདུ་ར། རྟ་རྒྱུག་འདུ་ཚོགས་སོགས་བྱེད་སྒོ་ཆེ་གྲས་བེད་སྤྱོད་གང་ལེགས་བྱས་ནས་གནས་སྐོར་ཐོན་རྫས་འགྲེམས་སྟོན་དང་འོས་སྦྱོར་ཡག་པོ་བྱས་ཤིང་། ས་གཞི་ཆེན་པོའི་སྒྱུ་རྩལ་དང་མཛེས་ལྗོངས་གསར་རྩོམ་བྱས་ནས་མདའ་བཞིའི་གནས་སྐོར་གྱི་སྐད་གྲགས་སྔར་བས་ཆེ་རུ་བཏང་།


མཉམ་སྤྱོད།