དེ་རིང་ནི2025ལོའི་ཟླ06པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི“ལྔ་གཅིག”བསུ་བའི་རིག་གནས་མུ་འབྲེལ་བྱེད་སྒོ།

2024-04-28 08:52:22   |   385

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


1.བྱེད་སྒོའི་བརྗོད་དོན།

“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང“རྒྱལ་ཁབ་སྤྱི་གླིང་གཉིས”ལེགས་པོར་བསྐྲུན་ནས་ལྔ་གཅིག་ལ་རྟེན་འབྲེལ་ཞུ་བ་དང་གནས་སྐོར་གྱི་དུས་ཚིགས་ཡག་པོ་བསུ་བ།

2.བྱེད་སྒོའི་དུས་ཚོད།

2024ལོའི“ལྔ་གཅིག”སྐབས། 

3.བྱེད་སྒོའི་ནང་དོན།

(གཅིག)མཚོ་བྱང་ཁུལ་གྱིས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང“རྒྱལ་ཁབ་སྤྱི་གླིང་གཉིས”ལེགས་པོར་བསྐྲུན་ནས་ལྔ་གཅིག་ལ་རྟེན་འབྲེལ་ཞུ་བ་དང་གནས་སྐོར་གྱི་དུས་ཚིགས་ཡག་པོ་བསུ་བའི”རིག་གནས་མུ་འབྲེལ་བྱེད་སྒོ་མགོ་རྩོམ་པའི་མཛད་སྒོ།

བྱེད་སྒོའི་དུས་ཚོད། 2024ལོའི་ཟླ4པའི་ཚེས30ཉིན། (སྔ་དྲོའི་ཆུ་ཚོད10:00-11:00བར།)

བྱེད་སྒོ་སྤེལ་ཡུལ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི།

(གཉིས།)མཚོ་བྱང་ཁུལ་གྱི་རིག་གནས་གསར་གཏོད་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་འཁྲབ་བྱེད་སྒོ།

བྱེད་སྒོའི་དུས་ཚོད། 2024ལོའི་ཟླ4པའི་ཚེས30ཉིན།(སྔ་དྲོའི་ཆུ་ཚོད10:00-12:00བར།)

བྱེད་སྒོ་སྤེལ་ཡུལ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞི།

ཡུལ་དངོས་སུ་འགྲེམས་སྟོན་གྱི་རྣམ་པའི་ཐོག་ནས་མཚོ་བྱང་ཁུལ་གྱི་རིག་གནས་གསར་གཏོད་ཐོན་རྫས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་གང་ལེགས་སྒོས་འགྲེམས་སྟོན་བྱས་ཏེ་གནས་སྐོར་བ་མང་པོས་མཚོ་བྱང་ཁུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་གནས་སྐོར་གྱི་ཐོན་ཁུངས་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱ་རྒྱུ་ཡིན།

(གསུམ།)རྟ་རྩལ་འཁྲབ་སྟོན།

བྱེད་སྒོའི་དུས་ཚོད། 2024ལོའི་ཟླ4པའི་ཚེས30ཉིན།(སྔ་དྲོའི་ཆུ་ཚོད11:00-12:00བར།)
བྱེད་སྒོ་སྤེལ་ཡུལ། མཚོ་སྔོན་པོ་སྨོན་ལམ་མཐོན་པོ་རང་བྱུང་སྐྱེ་ཁམས་ཉམས་ལེན་རྟེན་གཞི།(སྒར་འདེབས་རྟེན་གཞི་ཨང་གཉིས་པ།)

(བཞི།)དམངས་ཁྲོད་རྟ་རྒྱུག་དང་གཡག་རྒྱུག

བྱེད་སྒོའི་དུས་ཚོད། 2024ལོའི་ཟླ4པའི་ཚེས28ཉིན་ནས་ཚེས30ཉིན་བར།

བྱེད་སྒོ་སྤེལ་ཡུལ། ནུབ་མཚོ་ལུས་རྩལ་ར་བ།

བྱེད་སྒོའི་ནང་རྒྱུད་བཟང་རྒྱུག་རྟ་དང་འབྲོག་རྟའི་རྒྱུག་རྟ། རྒྱུད་བཟང་གོམ་རྟ་དང་འབྲོག་རྟའི་གོམ་རྟ། བུད་མེད་འབྲོག་རྟའི་གོམ་རྟ་སོགས་རིགས5ཡོད། གཡག་རྒྱུག་གི་རྒྱུག་ཚད་ནི་དྲང་རྒྱུག་སྨི300ཡིན།

(ལྔ།)ལས་བཟོ་བའི་ལག་རྩལ་སྤོ་ལོ་འགྲན་སྡུར།

བྱེད་སྒོའི་དུས་ཚོད། 2024ལོའི་ཟླ4པའི་ཚེས23ཉིན་ནས་ཚེས26ཉིན་བར། (ལས་བཟོ་བའི་ལག་རྩལ་སྤོ་ལོའི་སྟོབས་ལྡན་བཞིའི་གདན་ཞུའི་འགྲན་སྡུར།)2024ལོའི་ཟླ5པའི་ཚེས7ཉིན་ནས་ཚེས11ཉིན་བར། (ལས་བཟོ་བའི་ལག་རྩལ་སྤོ་ལོ་འགྲན་སྡུར།)

བྱེད་སྒོ་སྤེལ་ཡུལ། ནུབ་མཚོ་གྲོལ་རྡལ221རིག་གནས་ཐང་ཆེན།

འགྲན་སྡུར་ནང་སྐྱེས་པ་དང་བུད་མེད་ཚན་ཆུང་ལྟར་ལས་རིགས་ཁོངས་གཏོགས་ཀྱི་འཐུས་ཚབ་རུ་ཁག་གིས་ལས་ཁུངས་སྒྲིག་འཛུགས་བྱས་ནས་འགྲན་སྡུར་ནང་ཞུགས་དགོས།


མཉམ་སྤྱོད།