དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-28 09:03:38   |   2681

སྒྲིག་སྒྱུར།   སངས་དོན།    ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • རྒྱལ་ཁབ་སྡོམ་རྩིས་ཅུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར15055.3ཟིན་པ་དང་། དུས་མཚུངས་ལས4.3%འཕར་ཡོད། 

  • ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོ་རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའ255དང་། རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་བྱ་དགའི་གཟེངས་རྟགས1088དང་། རྒྱལ་ཡོངས་བཟོ་པའི་གདོང་ལེན་པ་མི1034བཅས་ལ་གཟེངས་བསྟོད་བྱ་རྒྱུ་ཡིན་པ་རེད། 

  • ཉིན་ཤས་གོང་། སློབ་གསོ་པུའུ་དང་རྒྱལ་ཁབ་མེ་ཟོན་རོགས་སྐྱོབ་ཅུ་སོགས་སྡེ་ཚན་དང་མཉམ་དུ་ད་ལོའི་སློབ་གྲྭ་འབྲིང་ཆུང་གི་བུ་བཅོལ་ཁང་གི་བདེ་འཇགས་ལས་དོན་བཀོད་སྒྲིག་བྱས་ནས་སློབ་མའི་བརྙས་བཅོས་འགོག་བཅོས་ཀྱི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་རྒྱུ་རེད། 

  • ཚེས26ཉིན། ནོར་སྲིད་པུ་དང་དམངས་སྲིད་པུ་ཡིས2024ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར1546ལས་བརྒལ་བ་གཤམ་སྤྲོད་བྱས་པ་རེད། 

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2021ལོ་ནས་ད་བར་དུ། རྒྱལ་ཡོངས་སྤྱི་བདེ་དཔལ་འབྱོར་མྱུལ་ཞིབ་སྡེ་ཚན་གྱིས་འགན་སྲུང་ཁ་བསླུས་རྒྱག་པའི་གྱོད་གཞི2000ཙམ་རྩད་ཆོད་པ་དང་། ཉེས་གསོག་ཚོགས་པ600ཙམ་མེད་པར་བཟོས་པ་རེད། 

  • 2023ལོར། ཀྲུང་གོའི་ཚན་རིག་རྟོག་ཁུངས་ཐོན་ལས(科幻产业)ཀྱི་སྤྱིའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར1132.9ཟིན་པ་དང་། དུས་མཚུངས་ལས་29.1%འཕར་ཡོད་པ་རེད། 

01.png

  • ཟླ་བའི་ལྷ་མོ་ཨང་དྲུག་པའི་ཡོ་བྱད་སྒྲིག་གཟུགས་ཚེས27ཉིན་དྲང་འཕྱང་དུ་བརྒྱུད་འདྲེན་བྱས་ནས་ཟླ5པའི་ཟླ་སྟོད་དུ་གོ་སྐབས་བདམས་ནས་འཕེན་གཏོང་བྱ་རྩིས་ཡོད་པ་རེད། 

02.png

  • ཚེས27ཉིན། ཀྲུང་གོ་ཚན་རིག་ཁང་གིས་སྣེ་ཁྲིད་དེ་ལག་བསྟར་བྱས་པའི་ཨའེ་དབྱིན་སི་ཐན་འཚོལ་མདའ་སྲུང་སྐར་ལས་འགན་གྱིས་འཁོར་ལམ་ཐོག་འཚོལ་ཞིབ་བྱེད་པའི་པར་རིས་ཁག་དང་པོ་ཁྱབ་བསྒྲགས་བྱས་པ་རེད། 

  • ཕ་ལེ་སི་ཐན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས26ཉིན་གྱི་མཚན་མོ་ནས་བཟུང་དབྱི་སི་རལ་དམག་དཔུང་གིས་ཅ་ཧྲ་ས་ཁུལ་གྱི་དབུས་རྒྱུད་དང་ལྷོ་རྒྱུད་ཀྱི་འཛུགས་སྐྲུན་མང་པོ་ཞིག་ལ་མཁའ་རྒོལ་བྱས་ནས་ཉུང་མཐར་ཡང་མི14རྐྱེན་ལམ་དུ་ཤོར་བ་རེད། 

སྤྱི་ཚོགས། 

03.jpg

  • ཚེས27ཉིན། རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུས་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་ཚུད་ཉེན་བརྡ་སེར་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན་ཚེས27ཉིན་གྱི་ཆུ་ཚོད20ནས་ཚེས28ཉིན་གྱི་ཆུ་ཚོད20བར་ཧྥུའུ་ཅན་ལྷོ་ནུབ་རྒྱུད་དང་ཅང་ཤིའི་ཤར་ལྷོའི་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁ་ཅུང་ཆེ་བ་རེད། 

  • ཚེས26ཉིན། རྒྱལ་ཁབ་མཁའ་འགྲུལ་ཀུང་སིས་སྤྱི་བསྒྲགས་སྤེལ་ནས་ཀྲུང་གོའི་ཚོང་དོན་མཁའ་འགྲུལ་ཀུང་སིས་གྲོས་མཐུན་བཞག་ནས་དེ་ག་ནསC919ཡི་གནམ་གྲུ 100ཉོ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། 

04.png

  • ཉེ་ཆར། ཡུན་ནན་ཤིས་ཧྲོང་པན་ན་ནས་མི་མེད་གནམ་གྲུའི་ལག་རྩལ་བརྒྱུད་རི་སྐྱེས་ཨེ་ཤེ་ཡའི་གླང་ཆེན41ལྟ་ཞིབ་ཚད་ལེན་བྱས་པ་རེད། 

  • ནན་ཅིང་གིས་སྡོད་ཁང་གི“རྙིང་པ་གསར་བརྗེའི”བྱེད་སྒོ་ཚོད་ལྟ་བྱས་ནས་ཁག་དང་པོའི་བཅད་གྲངས2000ཡོད་པ་དང་། བརྗེ་རེས་ཀྱི་རིན་གོང་སྡོམ་འབོར་དེ་གསར་བསྐྲུན་སྡོད་ཁང་ཉོས་པའི་རིན་གོང་སྡོམ་འབོར་གྱི80%ལས་མི་མཐོ་བ་རེད། 

  • ཚེས27ཉིན་བར། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་དེ་འགྲོ་འོང་བྱེད་པའི་རླངས་འཁོར་ཐེངས་ཁྲི1000ལས་བརྒལ་ཡོད་པ་རེད། 

  • ཚེས27ཉིན། ཆིང་ཧྭ་སློབ་ཆེན་གྱིས་མིས་བཟོས་རིག་ནུས་སློབ་གླིང་བཙུགས་ནས“མིས་བཟོས་རིག་ནུས་ཀྱི་ལྟེ་བའི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་སྒྲོམ་གཞི”། “མིས་བཟོས་རིག་ནུས+X”ཞེས་པའི་གཙོ་གནད་ཁ་ཕྱོགས་གཉིས་ལ་དམིགས་ཡོད། 

05.png

  • དོམ་ཁྲ“ཡུན་ཁྲོན”དང་“ཤིན་པའོ་”ཨ་རིའི་ཧྲེང་ཏེ་ཀོ་སྲོག་ཆགས་གླིང་དུ་དུས་ཡུན་ལོ10ཡི་དོམ་ཁྲའི་རྒྱལ་སྤྱིའི་སྲུང་སྐྱོང་མཉམ་ལས་བྱེད་མགོ་ཚུགས་རྒྱུ་ཡིན་པ་རེད། 

  • ཀོང་ཏུང་མཚོ་དོན་ཅུས་མཚོ་འགྲུལ་གྱི་ཐ་ཚིག་བསྒྲགས་ནས་ཚེས28ནས་ཚེས30ཉིན་བར། ཉིན་ལྟར་ཆུ་ཚོད8པ་ནས16བར་ལྷོ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་མེ་མདའ་འཕེན་པའི་སྦྱོང་བརྡར་བྱས་ཏེ་མཚོ་འགྲུལ་བྱེད་མི་ཆོག་པའི་ཉེན་བརྡ་བཏང་ཡོད་པ་རེད། 

06.gif

  • ཀྲེ་ཅང་ཧང་ཀྲོའུ་ཡི་བུད་མེད་ཅིག་གློ་བུར་དུ་མགོ་ཡོམ་འཁོར་ནས་སར་འགྱེལ།  ལམ་དུ་འགྲོ་བའི་སྨན་པ་ཁྲེན་ལིན་དང་ཝང་ཧྥུན་གཉིས་ཀྱིས་མྱུར་དུ་སྐྱོབ་ཐབས་བྱས་པ་དང་འབྲེལ120ཁ་པར་བཏང་བ་དང་། མཐར་བུད་མེད་དེ་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ་བ་རེད། 

སྲིད་ཇུས། 

  • ཧྲན་ཤིས་ཀྱིས་འཛད་སྤྱོད་པས་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོ་སྤེལ་མཁན་གྱི་ཁྱིམ་སྤྱོད་གློག་ཆས་ཕྱིར་ཚོང་ཁེ་ལས་དང་ལས་སྟེགས་རིགས་ཀྱི་ཁེ་ལས་ནས་ཆ་རྐྱེན་དང་མཐུན་པའི་ཐོན་རྫས་ཉོས་ཚེ། མཐོ་ཤོས་སྒོར2000འཕྲལ་མར་ཉུང་དུ་གཏོང་ཆོག་པ་ཁ་གསལ་བཏོན་ཡོད། 

  • ཧུའུ་པེའི་སྲིད་ཇུས་བཏོན་ནས་འཛད་སྤྱོད་པས་རླངས་འཁོར་ཉོ་སྐབས་སྔོན་གཏོང་རང་བཞིན་གྱི་གྲོན་དངུལ་དང་དེ་བཞིན་འགྱུར་རྟེན་སྤྲད་རྗེས། གཉེར་སྐྱོང་པས་ཁས་ལེན་བྱས་པའི་དུས་བཀག་ལྟར་མངག་ཉོ་ཕྱིར་སློག(གཏན་འཁེལ)བྱེད་པའི་རེ་ཞུ་བྱེད་ཆོག་པ་མ་ཟད། རྒྱུ་མཚན་གསལ་བཤད་བྱ་མི་དགོས། 

  • ཅང་སུའུ་ནན་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་ནས་གཞིས་ཆགས་པའི་ཆ་རྐྱེན་སྔར་བས་ལྷུག་ཏུ་གཏོང་རྩིས་ཡོད་པ་དང་། གྲོང་ཁྱེར་དེར་ཁྲིམས་མཐུན་སྡོད་གནས་ཡོད་པ་མ་ཟད། དངོས་སུ་སྡོད་མཁན་གྱི་ཐེམ་ཐོ་གྲོང་ཁྱེར་དེའི་མིན་པའི་མི་སྣས་ཐད་ཀར་གཞིས་ཆགས་ཆོག་གི་ཡོད་པ་རེད། 

དེ་རིང་གི་གནམ་གཤིས།

07.jpg

  • ནང་སོག་དབུས་རྒྱུད་དང་། ཞིན་ཅང་ནུབ་རྒྱུད། ཧྭ་བྱང་བྱང་རྒྱུད། ཅང་ཧུའེ་མང་ཆེ་བ། ཅང་ནན་དབུས་རྒྱུད་ཤར་རྒྱུད། ཧྭ་ནན་ཤར་རྒྱུད། ཐའེ་དབན་གླིང་ཕྲན་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་དྲག་ཆར་འབབ་པ་དང་། དེའི་ནང་། ནང་སོག་དབུས་རྒྱུད་དང་། ཨན་ཧུའེ་ལྷོ་ནུབ་རྒྱུད། ཧྥུའུ་ཅན་ལྷོ་རྒྱུད། ཀོང་ཏུང་དབུས་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོའམ་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།