དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཏམ་བརྗོད་ཟློས་གར༼ཡུང་ཧོའེ་དྲན་གླུ༽ནུབ་མཚོ་གྲོང་རྡལ་དུ་འཁྲབ་སྟོན་བྱས།

2024-04-28 10:28:55   |   2874

རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་ཆར། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱིས་གསར་རྩོམ་བྱས་པའི་གཏམ་བརྗོད་ཟློས་གར༼ཡུང་ཧོའེ་དྲན་གླུ༽ནུབ་མཚོ་གློག་བརྙན་ཟློས་གར་ཁང་དུ་འཁྲབ་སྟོན་བྱས། ཁུལ་གྱི་མགོ་ཁྲིད་མཱ་ཁྲེང་ཀོས་དང་། ལི་ཞུ་ཀྲེན། ཧ་ཝུན་ཞུག་བཅས་ཀྱིས་འཁྲབ་སྟོན་ལ་བལྟས།

图片1.png

གསར་རྩོམ་གཏམ་བརྗོད་ཟློས་གར༼ཡུང་ཧོའེ་དྲན་གླུ༽ཞེས་པ་དེས་ཀྲུང་གོའི་དེང་རབས་ཤུགས་རིག་བྱ་གཞག་གི་རྨང་གཞི་འདིང་མཁན་དང་། བཀོལ་སྤྱོད་རྩིས་རིག་པ། མཁའ་རླུང་སྒུལ་ཤུགས་རིག་པ་བ། མདེལ་གཉིས་སྐར་གཅིག་གི་བྱ་གཞག་ལ་བྱས་རྗེས་ཆེན་པོ་འཇོག་མཁན་ཀུའོ་ཡུང་ཧོའེ་ཡི་མཛད་རྗེས་ནང་དོན་དུ་བྱས་ཡོད་པ་དང་། གཏམ་བརྗོད་ཟློས་གར་གྱི་སྒྱུ་རྩལ་རྣམ་པས་དམིགས་བསལ་གྱི་དུས་རབས་ཀྱི་རྒྱབ་ལྗོངས་མངོན་པར་བྱས་ཏེ་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་ཅུ་པའི་ནང་ཀུའོ་ཡུང་ཧོའེ་མདེལ་གཉིས་སྐར་གཅིག་ཞིབ་འཇུག་གསར་བཟོ་ཁྲོད་ཞུགས་པའི་སློབ་སྦྱོང་ཞིབ་འཇུག་གི་མི་ཚེ་དང་བརྩེ་དུང་། ཧུར་བརྩོན་གྱི་མི་ཚེའི་བརྒྱུད་རིམ་མངོན་པར་མཚོན་ཡོད། གར་སྟེགས་སྟེང་མཛེས་སྡུག་རྣམ་པར་བཀྲ་བའི་གློག་འོད་དང་སྙན་འཇེབས་ལྡན་པའི་རོལ་དབྱངས་འོག་ལྟད་མོ་བ་ཚོར་ལོ་རྒྱུས་ཀྱི་ཚོན་མདངས་ངོ་མ་ཞིག་བསྟན། འཁྲབ་སྟོན་ཁྲོད་འཁྲབ་སྟོན་པ་ཚོས་བློ་སྤོབས་འཕེལ་བའི་སྐད་ཆ་དང་བརྩེ་དུང་ཟབ་པའི་ཉམས་འགྱུར་གྱིས་འཕར་ཆག་མང་བའི་ནང་དོན་འཁྲབ་སྟེ།  ཀུའོ་ཡུང་ཧོའེ་ཡི་བླ་ན་མེད་པའི་བསམ་བློ་དང་གཤིས་རྒྱུད་གསོན་ཉམས་དོད་པོས་མངོན་པ་དང་ཁོང་ལ་དྲན་གསོ་ཞུ་བ་དང་སྐུ་ཚེ་ཧྲིལ་བོར་བསྟོད་གླུ་ཕུལ་བས།  ཡུལ་དངོས་ལྟད་མོ་བར་སེམས་འགུལ་ཐེབས་ནས་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པ་དང་ཚུར་སྣང་ལན་ཆ་དྲག་པོ་བྱུང་།

图片3.png

ཀུའོ་ཡུང་ཧོའེ་ཡི་འཁྲབ་སྟོན་པ་ཁྲང་ཧྲི་པོ་ཡིས་བཤད་རྒྱུར།  ང་རང་མདེལ་གཉིས་སྐར་གཅིག་གི་བྱ་གཞག་མཛད་རྗེས་ཆེན་པོ་འཇོག་མཁན་ཀུའོ་ཡུང་ཧུའེ་འཁྲབ་སྟོན་བྱེད་ཐུབ་པར་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་། འཁྲབ་སྟོན་གྱི་གོ་རིམ་ཁྲོད་སྐུ་ཞབས་ཀུའོ་ཡུང་ཧུའེ་ཡིས་ཁྱིམ་ཆུང་དོར་ནས་ཚང་མར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དང་། རྒྱལ་ཁབ་ལ་བཅངས་པའི་སྙིང་སྟོབས་ནམ་ཡང་ཉམས་པ་མེད་པར་མི་རབས་ནས་མི་རབས་བར་གྱི་ཀྲུང་གོ་བར་སྐུལ་མ་གཏོང་བཞིན་ཡོད་པ་ཚོར་བྱུང་།  མ་འོངས་པར་དཔའ་བོ་མི་སྣ་འདི་འདྲ་འཁྲབ་སྟོན་བྱེད་པའི་གོ་སྐབས་བྱུང་ནས་ན་གཞོན་དེ་བས་མང་པས་ཁོ་ཚོའི་གཏམ་རྒྱུད་ཤེས་པ་དང་ཁོང་ཚོའི་སྙིང་སྟོབས་རྒྱུན་འཛིན་བྱེད་ཐུབ་པའི་རེ་བ་ཡོད་ཟེར།

图片4.png

མཚོ་བྱང་སློབ་འབྲིང་དང་པོའི་སློབ་མ་མཱ་དབྱི་རན་གྱིས་བཤད་རྒྱུར། གཏམ་བརྗོད་ཟློས་གར༼ཡུང་ཧོའེ་དྲན་གླུ༽ཞེས་པར་ལྟ་བའི་སྐལ་བ་ལྡན་བྱུང་། ང་ལ་སྐུ་ཞབས་ཀུའོ་ཡུང་ཧུའེ་ཡི་བྱས་རྗེས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། མདེལ་གཉིས་སྐར་གཅིག་ལ་མཛད་རྗེས་ཆེན་པོ་འཇོག་མཁན་སྐུ་ཞབས་ཀུའོ་ཡུང་ཧུའེ་ཡིས་མེས་རྒྱལ་ལ་དགའ་ཞེན་དང་རང་སྲོག་བློས་གཏོང་བའི་སྙིང་སྟོབས་ལ་མྱོང་ཚོར་ཟབ་མོ་བྱུང་། སློབ་འབྲིང་སློབ་མ་ཞིག་ཡིན་པའི་ངོས་ནས་ངས་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་རྒྱུ་ཡིན་ཟེར།


མཉམ་སྤྱོད།