དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་མཚོ་སྔོན་སྤྱི་གཉེར་དུ་བསྐྱོད་དེ་བཞུགས་མོལ་སྤེལ་རེས་གནང་།

2024-04-28 15:08:46   |   2329

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་།  བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་རུ་སྣེ་ཁྲིད་དེ་ཀྲུང་གོ་སྤོ་སྒུལ་འཕྲིན་གཏོང་མཚོ་སྔོན་སྤྱི་གཉེར་དུ་བསྐྱོད་ཅིང་འབྲེལ་མཐུད་ལས་དོན་སྤེལ་བ་དང་། དེའི་རིང་སྤོ་སྒུལ་མཚོ་སྔོན་སྤྱི་གཉེར་ཏང་ཨུའི་ཧྲུའུ་ཅིའམ་ཏུང་ཧྲི་ཀྲང་། སྤྱི་གཉེར་བ་ཧུའུ་པོ་དང་བཞུགས་མོལ་སྤེལ་རེས་བྱས་ཏེ།  ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གསར་བ་འཛུགས་སྐྲུན་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས། ཀྲུང་དབྱང་དང་ས་གནས་མཉམ་ལས་ཟབ་ཏུ་གཏོང་བ་སོགས་ལ་དམིགས་ནས་བསམ་འཆར་བརྗེ་རེས་བྱས།

1.png

 ཀྲང་ཧྲིང་ཡོན་གྱིས་སྤོ་སྒུལ་མཚོ་སྔོན་སྤྱི་གཉེར་གྱིས་ཐོག་མཐའ་བར་གསུམ་དུ་“ཏང་གི་དགོངས་དོན་ལག་ལེན་བསྟར་བ་དང་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ། ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་སྒྲུབ་པ། ས་གནས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་”འདུ་ཤེས་མཐའ་འཁྱོངས་བྱས་ཏེ། མཚོ་བྱང་དུ་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་བ་དང་ལྷག་པར་དུ་མཚོ་བྱང་དུ་དོན་འཁྱོལ་བྱེད་པའི་ལན་ཅན་ཅུན་ཞིན་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་རིག་ནུས་རྩིས་ཤུགས་ལྟེ་གནས་སམ་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་སོགས་ཀྱི་རྣམ་གྲངས་གཙོ་བོར་དོ་ཁུར་དང་རྒྱབ་སྐྱོར་གནང་ཞིང་། ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་དང་བློ་རིག་སྐྱེ་ཁམས། བློ་རིག་གནས་སྐོར་སོགས་ཀྱི་ཐད་ལ་འགྲོ་གྲོན་དང་རྩིས་ཤུགས་འདེགས་སྐྱོར་སྔར་ལས་མང་བ་འདྲེས་པར་བྱས་ཏེ། མཚོ་བྱང་གི་རྣམ་པ་བསྒྱུར་བར་སྤོ་སྒུལ་གྱི་སྟོབས་ཤུགས་སྔར་ལས་མང་པོ་བསྣན་ཡོད་པ་བསྟན།

2.png

ཧུའུ་པོ་ཡིས་སྤོ་སྒུལ་མཚོ་སྔོན་སྤྱི་གཉེར་གྱིས་ཏང་དང་རྒྱལ་ཁབ་ཀྱིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་དང་གྲངས་འཛིན་ཀྲུང་གོ། རིག་ནུས་སྤྱི་ཚོགས་བཅས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ཧུར་ཐག་བྱས་ཏེ5Gདང་རྩིས་ཤུགས་དྲ་རྒྱ་གཙོ་གནད་དུ་བྱས་པའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་གསར་བ་བརྒྱུད་རིམ་ལྡན་པའི་ངང་བསྐྲུན་པ་དང་། ཆ་འཕྲིན་འཕྲིན་གཏོང་ཁེ་ལས་ཀྱིས་མ་འཇོག་ལ་སྐུལ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་རྒྱུར་རམ་འདེགས་བྱས་ཡོད།  རེ་བར་ཕྱོགས་གཉིས་ཀྱིས་གྲངས་འཛིན་ཐོན་ལས་དང་བདེ་ཐང་རྩིས་ཤུགས་སོགས་ཁྱབ་ཁོངས་ལ་དམིགས་ནས་མཉམ་ལས་གཏིང་ཟབ་བྱས་ཏེ། ཆ་འཕྲིན་ལག་རྩལ་དང་ནུས་རྒྱུའི་ལས་རིགས་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་གྲངས་རིག་ཅན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བསྟན།

3.png

ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་འཕེལ་སྒྱུར་ཨུ་ལྷན།  ཁུལ་བཟོ་ལས་ཆ་འཕྲིན་ཅུ། སྤོ་སྒུལ་མཚོ་བྱང་ཡན་ལག་སྤྱི་གཉེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཞུགས་མོལ་བརྗེ་རེས་ཁྲོད་ཞུགས་ཡོད།


མཉམ་སྤྱོད།