དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁྱོད་མ་གཞི་འདི་ལྟ་བུའི་མཚོ་སྔོན་ཞིག་ཡིན་ནམ། མཚོ་སྔོན་གྱི་མཛེས་པ།

2024-04-28 15:14:42   |   840

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཁྱོད་མ་གཞི་འདི་ལྟ་བུའི་མཚོ་སྔོན་ཞིག་ཡིན་ནམ།

མདོ་དབུས་མཐོ་སྒང་ཁུལ་གྱི་ལྷོ་ཕྱོགས་མཐོ་སྒང་དང་ནུབ་བྱང་ཐན་སྐམ་ཁུལ་གྱི་ཚྭ་འདམ་གཞོང་ས། ཤར་རྒྱུད་དུས་རླུང་ཁུལ་གྱི་མཚོ་སྔོན་པོ་གཞོང་ས་དང་ཙོང་ཆུའི་གྲོག་རོང་སོགས་ཞིང་ཆེན་གཅིག་ལ་རྒྱལ་ཁབ་ཀྱི་རང་བྱུང་ཁུལ་གསུམ་ཡོད་པ་ནི་ཞིང་ཆེན་གཞན་དང་མི་འདྲ་བའི་མཚོ་སྔོན་གྱི་ཁྱད་ཆོས་ཤིག་རེད།

དམིགས་བསལ་ལྡན་ཞིང་ཕུན་སུམ་ཚོགས་པའི་ས་བྱད་ཁྱད་ཆོས་ཀྱིས་མཚོ་སྔོན་གྱི་སྐྱེ་དངོས་སྣ་མང་རང་བཞིན་བསྐྱེད་པར་མ་ཟད། འཛམ་གླིང་རིམ་པའི་སྐྱེ་ཁམས་ལྗོངས་རྒྱུའི་ལམ་ཐིག་ཅིག་ཀྱང་བསྐྲུན་ཡོད། 

མཚོ་སྔོན་གྱི་ཁྱད་དུ་འཕགས་པའི་མཛེས་པ།

རི་དང་ཆུ།

མཚོ་སྔོན་གྱི་རི་ཆུའི་མཛེས་སྡུག་གིས་ཐུན་མོང་མ་ཡིན་པའི་གཙང་གསུམ་འབྱུང་ཡུལ་གྱི་རིག་གནས་བསྐྱེད་ཡོད།

1.jpg

རྨ་ཆུའི་མགོ་ཁུངས་ཀྱི་ཆུ་དང་མཚེའུ་སྣ་ཚོགས། 

འབྲི་ཆུ་དང་རྨ་ཆུ། རྫ་ཆུ་གསུམ་ཆ་ཚང་མཚོ་སྔོན་ནས་འབབ་བཞིན་ཡོད་ལ། གནས་འདིའི་ཆུ་ཁུངས་ཕུན་སུམ་ཚོགས་པས། “ཀྲུང་ཧྭའི་ཆུ་ལྕོག”ཅེས་པའི་མཚན་སྙན་ཡོད། ཆུ་བོ་ནི་རི་རྒྱུད་དག་ནས་འབབ་བཞིན་ཡོད་ལ། ཁུ་ནུ་རི་བོ་དང་མདོ་ལ་རིང་མོ། གདང་ལ་བཅས་རི་རྒྱུད་ཆེན་མོ་གསུམ་གྱིས་མཚོ་སྔོན་གྱི་ས་དབྱིབས་སྤྱིའི་སྒྲོམ་གཞི་གྲུབ་ཡོད། 

མདོ་ལ་རིང་མོའི་རི་རྩེ་གཙོ་བོ་སྟེ་གངས་རྩེ་བརྒྱད་ཀྱི་ལྷོ་ཕྱོགས་ནི་མཚོ་སྔོན་གྱི་མཚེའུ་ཆེ་ཤོས་ཨང་གཉིས་པ་ཧཱ་ར་མཚེའུ་ཡིན། 

02.jpg

མདོ་ལ་རིང་མོའི་རི་རྩེ་གཙོ་བོ་དང་ཧྭ་ར་མཚེའུ།

རི་རབ་དང་ཆུ་བོའི་བར་དུ། མཚོ་སྔོན་ལ་ད་དུང་སྐར་ཚོགས་ལྟར་བགྲང་གིས་མི་ལངས་པའི་མཚོ་དང་མཚེའུ་ཡོད། 

མཚོ་སྔོན་གྱི་ཚྭ་མཚོར་ཉམས་འགྱུར་སྟོང་གིས་ཕྱུག་ཅིང་མཛེས་དཔྱོད་ཀྱི་རིན་ཐང་ཆེན་པོ་མངའ། རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོ་སྟེ་མཚོ་སྔོན་པོ་ནི་མཚོ་སྔོན་གྱི་བྱང་ཤར་ཕྱོགས་སུ་ཡོད་ལ། དེ་ནི་འཛམ་གླིང་རིམ་པའི་སྐྱེ་ཁམས་ལྗོངས་རྒྱུའི་ཐོན་ཁུངས་ཤིག་ཡིན།

3.jpg

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ། 

ཚྭ་ཁའི་ཚྭ་མཚོ་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཡོད་ལ། ཚྭ་མཚོའི་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་བརྒྱ་ལྷག་ཡོད་པ་དང་། མཚེའུ་ནང་དུ་ཁིལ་ནཱ་རྫས་འབོར་ཆེན་འདུས་ཡོད་པས། སྲ་གཟུགས་དང་གཤེར་གཟུགས་མཉམ་གནས་ཀྱི་ཚྭ་མཚོ་ཞིག་ཡིན་ཞེས་བརྗོད་ཆོག་པ་དང་། དེར“ནམ་མཁའི་མེ་ལོང”ཞེས་པའི་མཚན་སྙན་ཡོད།

4.png

ཚྭ་ཁའི་ཚྭ་མཚོ།

ནགས་དང་ཞིང་ས།

ཆུ་བོ་དང་གྲོག་རོང་དེ་དག་གི་མཐའ་འཁོར་དུ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཏེ་ནགས་ཚལ་དང་རྩྭ་ས། ཞིང་ས་སོགས་ཡོད་ལ། དེ་དག་གིས་གནས་འདིའི་མི་རྣམས་ཀྱི་འཚོ་བའི་མཛེས་པ་མངོན་བཞིན་ཡོད་པར་མ་ཟད། མི་རྣམས་ཀྱི་འཚོ་རྟེན་གྲོ་ནས་སྲན་གསུམ་དང་། སྐེ་ཚེ། ཞོག་རྒོད་སོགས་བསྐྱེད་བཞིན་ཡོད་ལ། ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་གལ་ཆེན་ཞིག་ཀྱང་རེད། 

ཧའེ་སི་མེ་ཏོག་རྒྱ་མཚོ་རྩྭ་ཐང་ནི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་དུ་ཡོད་ལ། ཏུའུ་ལན་རྫོང་མཁར་དང་སྤྱི་ལེ15ཡི་ལམ་ཐག་ཡོད། དེ་ལ“ཏུའུ་ལན་གྱི་ཆེས་མཛེས་པའི་རྩྭ་ཐང”ཞེས་པའི་མཚན་སྙན་ཡོད་ཅིང་། ཟླ7པའི་ཟླ་སྟོད་དང་ཟླ8པའི་ཟླ་སྨད་སོགས་སུ་གནས་འདིར་མེ་ཏོག་དམར་སྨུག་གིས་ཁེངས་ཡོད།

5.png

ཧའེ་སི་མེ་ཏོག་རྒྱ་མཚོའི་རྩྭ་ཐང་།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ནི་བྱང་ཕྱོགས་སྐེ་ཚེ་ཆུང་བའི་ཐོན་སྐྱེད་རྟེན་གཞི་ཞིག་ཡིན་ལ། སྐེ་ཚེ་ཆུང་བའི་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི3.33ལ་སླེབས་ཡོད། ལོ་རེའི་ཟླ7པར། གནས་འདིའི་སྐེ་ཚེ་མེ་ཏོག་རྣམས་གཅིག་ལ་གཅིག་འགྲན་གྱིས་བཞད་ཚེ་མི་ཡུལ་གྱི་ཞིང་ཁམས་ཤིག་ལྟར་ལྟ་ན་སྡུག

6.jpg 

འཇུ་ལག་རྫོང་གི་སྐེ་ཚེ་མེ་ཏོག་གི་ཞིང་ཁ།

བྱེ་ཐང་དང་འཁྱགས་ཀླུང་།

བྱེ་ཐང་གི་མཛེས་ལྗོངས་དགོས་ན་ཚྭ་འདམ་གཞོང་སར་འགྲོ་དགོས། ཚྭ་འདམ་གཞོང་ས་ལ“སའི་གོ་ལའི་སྟེང་གི་སྐར་མ་མིག་དམར་དང་ཆེས་འདྲ་བའི་ས་ཆ”ཞེས་པའི་མཚན་སྙན་ཡོད་ལ། གནས་འདིར་བྱེ་སྒང་དང་ཡ་ཏན་ས་བྱད། མཚམས་སྤྲིན་ས་བྱད། ཚྭ་ཁ། ཚྭ་མཚོ་སོགས་ས་བྱད་རིགས་སྣ་ཚོགས་ཡོད། 

7.png

གཞོང་སའི་ནུབ་བྱང་རྒྱུད་ཀྱི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ནེ་གྲོང་ཁྱེར་གྱི་ཁོངས་སུ་ཡོད་པའི“སྐར་མ་སྤེན་པའི་སྒོར་རིས”ཏེ། ས་རིམ་ལ་དུས་ཡུན་རིང་བོར་རླུང་ཟད་ཐེབས་པ་ལས་གྲུབ་པའི་ས་བྱད་ཅིག 

མཚོ་སྔོན་ནི་རང་རྒྱལ་གྱི་འཁྱགས་ཀླུང་ཡོད་པའི་ཞིང་ཆེན་གཙོ་བོའི་གྲས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་འཁྱགས་ཀླུང་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་འཁྱགས་ཀླུང་རྒྱ་ཁྱོན་གྱི9.2%ཟིན་ཡོད། 

མཐོ་བརྗིད་འགྲན་ཟླ་བྲལ་ཞིང་། གངས་འཁྱགས་ཚོམས་སུ་ཚུད་པའི་རི་རྒྱུད་ཆེན་མོ་ཞིག་ཡིན་པའི་ཆ་ནས། ཁུ་ནུ་རི་བོ་ལ་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་ལོ་རྒྱུས་ཁྲོད“རི་བོ་ཀུན་གྱི་མེས་པོ”ལྟ་བུའི་ཁྱད་འཕགས་ཀྱི་གོ་གནས་ལྡན། 

8.jpg

ཁུ་ནུ་རི་བོའི་ཤར་གྱི་དུམ་ཚན་ལས་ཨ་མྱེས་རྨ་ཆེན་འཁྱགས་ཀླུང་།

ཤར་ནས་ནུབ་དང་ནུབ་ནས་ཤར་དུ་མདོ་དབུས་ལྕགས་ལམ་བརྒྱུད་དེ་ཨ་ཆེན་གངས་རྒྱབ་བརྒལ་ན། ཁུ་ནུ་རི་བོའི་གངས་འཁྱགས་ཀྱི་མཛེས་པ་ནི་ལམ་ཧྲིལ་བོར་མི་རྣམས་དང་མཉམ་འགྲོ་བྱས་ཡོད། 


མཉམ་སྤྱོད།