དེ་རིང་ནི2025ལོའི་ཟླ05པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཀྲུང་གོའི་རྡུལ་ཕྲན་མཁར་རིག་གནས་གསར་གཏོད་ལྟེ་གནས་ཕྱི་ཕྱོགས་སུ་དངོས་སུ་སྒོ་མོ་ཕྱེས།

2024-04-28 15:11:32   |   1856

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ་རིག་གནས་གནས་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད། ཟླ4པའི་ཚེས26ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་གྲོང་རྡལ་དུ་གནས་པའི་ཀྲུང་གོའི་རྡུལ་ཕྲན་མཁར་རིག་གནས་གསར་གཏོད་ལྟེ་གནས་སྤྱི་ཚོགས་ཀྱི་སྤྱི་དམངས་ལ་དངོས་སུ་སྒོ་ཕྱེས།

རིག་གནས་གསར་གཏོད་ལྟེ་གནས་ཀྱིས་རྡུལ་ཕྲན་མཁར་སྐྲུན་པའི་ལོ་རྒྱུས་ཀྱི་སྐྱ་ཐིག་རྩ་བར་བྱས་ཤིང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་བརྗོད་དོན་གཙོ་བོར་བྱས་པ་དང་། དུས་རབས་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དམིགས་ཚད་དུ་བྱས་ནས་ད་ཡོད་ཀྱི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། “དྲ་ཐོག་དང་དྲ་ཕྱི”ཟུང་འབྲེལ་གྱི་ཕྱིར་ཚོང་བྱེད་སྟངས་སྤྱད་པ་དང་། དེ་ནི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། ཚན་རིག་ཁྱབ་གདལ་སློབ་གསོ། རྒྱལ་སྲུང་སློབ་གསོ། རིག་གནས་ཁྱབ་སྤེལ་སོགས་བྱེད་ནུས་ལྡན་པའི་རིག་གནས་གསར་གཏོད་ལྟེ་གནས་ཤིག་ཡིན།

ཀྲུང་གོའི་རྡུལ་ཕྲན་མཁར་ལ་གཟི་བརྗིད་ལྡན་པའི་གསར་བརྗེའི་ལོ་རྒྱུས་དང་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཡོད་ཅིང་། དེ་ཡིས་རིག་གནས་གསར་གཏོད་ཐོན་ལས་ལ་ཕུན་སུམ་ཚོགས་པའི་གསར་རྩོམ་རྒྱུ་ཆ་མཁོ་འདོན་བྱས་ཡོད། རྡུལ་ཕྲན་མཁར་རིག་གནས་གསར་གཏོད་ལྟེ་གནས་ཀྱིས་རྡུལ་ཕྲན་མཁར་གྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ལེགས་ཆ་གང་ལེགས་སྤྱད་དེ་ཆེད་ལས་གཉེར་སྐྱོང་ཚོགས་པ་དང་ཐོན་ལས་ཐོན་ཁུངས་བཟང་པོར་བརྟེན་ནས་རིག་གནས་གསར་གཏོད་ཐོན་རྫས་གསར་སྤེལ་དང་། རིག་གནས་གནས་སྐོར་མཛེས་ལྗོངས་ཁུལ་མཐོར་འདེགས། མི་རིགས་རིག་གནས་འགྲེམ་སྟོན་བརྗེ་རེས་དང་ཞིབ་འཇུག་སློབ་སྦྱོང་སོགས་ཐོན་ལས་ཀྱི་འཕེལ་རྒྱས་ལ་དང་དོད་བྱས་ཏེ། སྤྱི་ཚོགས་ཕན་ནུས་དང་དཔལ་འབྱོར་ཕན་ནུས་གཅིག་གྱུར་ཡོང་ཐབས་བྱས། མིག་སྔའི་བར་དུ། IPལ་དབང་ཆ་སྤྲོད་པ་དང་ཕྱོགས་གསུམ་པའི་མཉམ་ལས་གཉེར་སྐྱོང་བྱེད་སྟངས་སྤྱད་དེ། “སྲས་མོ་ཆིའུ་ལགས་ཀྱི་གསང་བའི་སྐད”བརྗོད་དོན་བྱས་པའི་རིག་གནས་གསར་གཏོད་ཀྱི་ཁ་ཧྥེ་དང་འཁྱགས་ཟས་སོགས་བཏོན་པ་དང་། དཔེ་དབྱིབས་དང་། ཡིག་ཆས། དཔེ་དེབ། འཚོ་བའི་མཁོ་ཆས་སོགས་རིགས10ཡི་རིག་གནས་གསར་གཏོད་ཐོན་རྫས150ལྷག་ཙམ་གསར་སྤེལ་བྱས་པར་རྒྱ་ཆེའི་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ་ཅིང་། མཚོ་བྱང་དྲིལ་སྒྲོག་བྱེད་པའི་གཞི་རྟེན་དང་བར་སྨྱན་གལ་ཆེན་ཞིག་ཏུ་གྱུར།


མཉམ་སྤྱོད།