དེ་རིང་ནི2025ལོའི་ཟླ05པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་ཚིགས་ཀྱི་སྤྱིའི་ཀློག་གྲངས2397375ལ་སླེབས།

2024-04-29 11:22:29   |   2563

རྩོམ་སྒྲིག  སངས་རྒྱས་སྐྱིད།     བཤེར་འབེབས།  རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བོད་ཡིག་དྲ་ཚིགས་ནི་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རྒྱབ་སྐྱོར་བླ་མེད་འོག མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་གཉེར་སྐྱོང་བྱས་པའི་སྲིད་གཞུང་རང་བཞིན་གྱི་བོད་ཡིག་དྲ་ཚིགས་ཤིག་ཡིན།

0000000.png

དྲ་ཚིགས་སུ་རྒྱལ་སྤྱི་རྒྱལ་ནང་གི་གསར་འགྱུར་གལ་ཆེན་དང་སྲོལ་རྒྱུན་རིག་གནས། སྐྱེ་ཁམས་མཛེས་ལྗོངས། ཚན་རིག་ཤེས་བྱ། མཚོ་བྱང་གི་སྲིད་དོན་ཆ་འཕྲིན། དམངས་ཀྱི་འཚོ་བ་དང་འབྲེལ་བའི་རིག་གནས་དང་བརྡ་འཕྲིན་སོགས་ཉིན་རེར་བཞིན་སྤེལ་བཞིན་ཡོད། སྒོས་སུ་ཞོགས་པའི་ཇ་ཡུན་གསར་འགྱུར་ནི་ངེད་དྲ་ཚིགས་ཀྱིས་གསར་དུ་བཏོན་པའི་ལེ་ཚན་ཞིག་ཡིན་ལ། ཀུན་གྱིས་དགའ་བསུ་ཐོབ་བཞིན་ཡོད།

དྲ་ཚིགས་ཤར་གཏོང་བྱས་ནས་ད་ལྟའི་བར་ལོ་གཅིག་དང་ཟླ་བཞི་ལྷག་འགོར་བའི་རིང་ལ། སྤྱིའི་ཀློག་གྲངས2397375སླེབས་ཡོད། ཀློག་གྲངས་རེ་རེའི་རྒྱབ་ལོག་ཏུ་ང་ཚོ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་གྱི་མི་རེ་རེ་ཡོད་ངེས་ལ། ཀློག་གྲངས་རེ་རེས་ང་ཚོས་འབད་བཞིན་པའི་བྱ་བ་གང་དེའི་རིན་ཐང་ཡང་མངོན་ཐུབ། འདི་ནི་ང་ཚོས་མུ་མཐུད་དུ་འབད་པ་བྱེད་པའི་སེམས་ཤུགས་དང་སྤོབས་པའི་འབྱུང་རྩ་ཡིན་ཏེ། སླད་ཕྱིན་ཀྱང་མུ་མཐུད་དུ་འབད་པ་བྱས་ཏེ་ཀློག་གྲངས་རེ་རེ་ལ་རིན་ཐང་ཡོད་པ་དང་། ཀློག་གྲངས་རེ་རེ་ལ་ནུས་པ་ཡོད་པར་འབད་རྒྱུ་ཡིན།

4e910f2bf29e0bc016d096fd35cf586.png


མཉམ་སྤྱོད།