དེ་རིང་ནི2025ལོའི་ཟླ05པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

༼མཚོ་སྔོན་གྲོ་རྒྱ་རྟགས་མའི༽རྟ་རྒྱུག་མཚོ་བྱང་དུ་གཉེར་རྒྱུ།

2024-04-29 10:46:52   |   1787

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས།  ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།   བཤེར་འབེབས། རིན་ཆེན་ཚེ་རིང་། 


མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རིག་གནས་གནས་སྐོར་རྒྱང་སྒྲོག་ཅུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མང་ཚོགས་ལུས་རྩལ་མཛུབ་སྟོན་ཞབས་ཞུ་ལྟེ་གནས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ལུས་རྩལ་སྤྱི་ཁྱབ་ཚོགས་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྟ་ལས་མཐུན་ཚོགས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ན་ཆེན་རྟ་རྒྱུག་མཐུན་ཚོགས་དང་མདའ་བཞི་རྫོང་གུར་ལུ་རྟ་རྩལ་མཐུན་ཚོགས། མདའ་བཞི་རྫོང་མཐོན་པོ་གྲོང་སྡེའི་རྟ་རྒྱུག་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་འཁུར་བའི་མཚོ་བྱང་ཁུལ་གྱི༼མཚོ་སྔོན་གྲོ་རྒྱ་རྟགས་མའི༽མཚོ་སྔོན་པོའི་མཚོ་སྔོན་གྲོ་རྒྱ་ལྷག་རིམ་མཉམ་རྒྱུག་འགྲན་བསྡུར་དེ་ཟླ5པའི་ཚེས1ཉིན་གཟབ་རྒྱས་ངང་གཉེར་རྒྱུ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནུབ་མཚོ་ལུས་རྩལ་ཐང་དུ་ཟླ་པའི5ཚེས1ཉིན་ནས་ཚེས2ཉིན་བར་རྟ་རྒྱུག་འགྲན་བསྡུར་བྱ་རྒྱུ་ཡིན་པ་རེད།

图片1.png    

 ཤེས་རྟོགས་བྱུང་བ་ལྟར་ན། འགྲན་བསྡུར་རྣམ་གྲངས་ལ་སྨི་ལྔ་སྟོང་གི་རྒྱ་རྟའི་རྒྱུག་རྟ་དང་སྨི་གསུམ་སྟོང་གི་འབྲོག་རྟའི་རྒྱུག་རྟ། སྨི་གསུམ་སྟོང་གི་རྒྱ་རྟའི་གོམ་རྟ། སྨི་ཉིས་སྟོང་གི་འབྲོག་རྟའི་གོམ་རྟ། སྨི་ཆིག་སྟོང་གི་འབྲོག་རྟའི་གོམ་རྟ་བཅས་ཡོད། གཞན་ཡང་སྨི300ཡི་གཡག་རྒྱུག་འགྲན་བསྡུར་ཡང་བཀོད་སྒྲིག་བྱས་ཡོད་པས། སྐབས་དེ་དུས་འབྲོག་ལས་རིག་གནས་ཀྱི་རྔམ་མཐུག་ཅིང་ངོ་མཚར་ཆེ་བའི་དམངས་སྲོལ་རིག་གནས་ཀྱིས་ཕྱོགས་བཞིའི་མགྲོན་པོར་བསུ་བ་ཞུ་རྒྱུ་ཡིན་པ་རེད།


མཉམ་སྤྱོད།