དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-04-30 07:33:39   |   1288

སྒྲིག་སྒྱུར། ཁོན་ཐར་ཚེ་རིང་།  ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།  བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཧྥ་རན་སེ(法兰西)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཁེ་ལུང་དང་། སར་པི་ཡ་(塞尔维亚)སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་ཆི་ཆིས། ཧང་ག་རིའི(匈牙利)ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་བཅས་ཀྱི་གདན་ཞུ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ5ཚེས5ནས་ཚེས10ཉིན་བར། གོང་གསལ་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།

  • དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམ་སྡོམ་འབོར་སྒོར་དུང་ཕྱུར་ཁྲི88ཡིན་པ་དང་། དུས་མཚུངས་ལས5.9%འཕར།

  • དུས་ཡུན་ཉིན8ཀྱི་ལྕགས་ལམ་གྱི་ལྔ་གཅིག་གུང་གསེང་རིང་གི་སྐྱེལ་འདྲེན་ཚེས29ཉིན་བྱེད་མགོ་བརྩམས་པ་དང་། སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར1.44སྐྱེལ་འདྲེན་བྱ་རྒྱུ་རེད།

  • གུང་གཞོན་ཚོགས་པའི་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཝང་ཁྲོན་ཁྲའོ(王传超)སོགས་བློ་མཐུན30ལ་སྐབས28པའི“ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས”སྤྲོད་རྒྱུ་དང་། ཀྲུང་གོའི་ལྕགས་ལམ་ཅུ་བཞི་པའི་ཡ་ཝན་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་པུའི་གཞོན་ནུ་འཕྲལ་སྒྲུབ་རུ་ཁག་སོགས་གཞོན་ནུ་ཐུན་མོང20ལ་སྐབས28པའི“ཀྲུང་གོའི་གཞོན་ནུ་ཐུན་མོང་གི་ལྔ་བཞིའི་གཟེངས་རྟགས”སྤྲོད་རྒྱུ་ཐག་གཅོད་བྱས།

  • འགྲིམ་འགྲུལ་སྐྱེལ་འདྲེན་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར། རང་རྒྱལ་གྱིས་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་7125བཏང་བ་དང་། མ་འཇོག་གཞི་ཁྱོན་སྔར་བཞིན་མཐོན་པོ་རྒྱུན་འཁྱོངས་ཐུབ་ཡོད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། དུས་ཚིགས་དང་པོར། རྒྱལ་ཡོངས་ཀྱི་ཡང་བསྐྱར་འབྱུང་ཐུབ་པའི་ནུས་རྒྱུ་ལས་གློག་འདོན་ཚད་སྟོང་ཝ་ཁྲི6367མང་དུ་ཕྱིན་པ་དང་། དུས་མཚུངས་ལས་34%འཕར་ཡོད།

01.jpg

  • འཆར་གཞི་ལྟར་ན། ཧྲེན་ཀྲོའུ་ཨང་བཅུ་བདུན་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་དེ་རིང་ཏུང་ཧྥེང་ཐང་འབབ་གནས་སུ་ཕྱིར་ལོག་རྒྱུ་རེད། ཉིན་ཤས་གོང་། འབབ་གནས་ཕྱོགས་ནས་ཚང་མ་སྒྲིག་འཛུགས་བྱས་ནས་མ་ལག་ཡོངས་ཀྱི་ཕྱོགས་བསྡུས་ནང་སྦྱོང་མཐའ་མ་བྱས་ཏེ། འཇིག་རྟེན་འཕུར་སྐྱོད་པ་ཁྱིམ་དུ་ལོག་རྒྱུར་བསུ་བ་ཞུ་བའི་གྲ་སྒྲིག་བྱས།

02.jpg

  • ཉེ་ཆར། མཚོ་དམག་གི་གྲུ་ཐོག་གནམ་གྲུའི་བུད་མེད་འཕུར་སྐྱོད་སློབ་མ་ཁག་དང་པོ་ཚང་མས་རྐྱང་འཕུར་ཐེངས་དང་པོ་ལེགས་གྲུབ་བྱུང་ཡོད།

  • འཇར་པན་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕྱི་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་འཇར་པན་གྱི་སྒོར་མོའི་འཛའ་ཐང་དེ། ཚེས29ཉིན། མར་ཆག་ནས་160:1ལས་བརྒལ་ཞིང་། 1990ལོའི་ཟླ4པ་ཚུན་གྱི་ཟིན་ཐོ་དམའ་ཤོས་བཏོད་ཡོད།

སྤྱི་ཚོགས།

03.jpg

  • ལྔ་གཅིག་གུང་གསེང་གི་དུས་འགོར། རང་རྒྱལ་བྱང་ཕྱོགས་ཀྱི་ས་ཁུལ་མང་ཆེ་བར་གནམ་ཐང་ཡོད། གནམ་གཤིས་སྤྱིར་ན་ཕྱིར་སྐྱོད་ཐུབ་རྒྱུར་ཕན། གུང་གསེང་གི་དུས་མཇུག་ཏུ། དབུས་ཤར་ས་ཁུལ་གྱི་ས་ཆ་མང་ཆེ་བར་ཆར་བ་འབབ་རྒྱུ་རེད།

  • ལྔ་གཅིག་གུང་གསེང་རིང་། རྐུབ་སྟེགས་བདུན་མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་རིགས་ལ་མུ་མཐུད་ཤར་བགྲོད་གྲོན་དངུལ་མི་བསྡུ་བའི་སྲིད་ཇུས་ལག་བསྟར་བྱེད་རྒྱུ་དང་། རིན་མེད་ངང་འགྲོ་སྐྱོད་བྱེད་པའི་དུས་ཚོད་ནི་ཟླ་5ཚེས་1ཉིན་ནས་ཚེས5ཉིན་བར་ཡིན།

  • ཚེས29ཉིན་ནས་བཟུང་། རྒྱལ་ནང་གི་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར70མར་ཆག་ཡོད།

  • ཉེ་ཆར། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གིས་ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞི་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་དེ་སྔའི་ཀྲུའུ་རིན་གཞོན་པ་དང་། ཧྲའན་ཞི་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་ཞི་ཧན་ཡུང་འཛིན་བཟུང་བྱ་རྒྱུ་ཐག་གཅོད་བྱས།

  • ཚེས29ཉིན། ཀྲུང་གོའི་གྲུ་གཟིངས་ཚོགས་པས་ཁ་ཐར(卡塔尔)གྱི་ནུས་རྒྱུ་ཚོགས་པ་དང་། གོ་ལ་ཧྲིལ་པོ་ནས་ཆེས་ཆེ་བོ་ཡིན་པའི་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི27.1ཅན་གྱི་གཤེར་འགྱུར་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས་རྣམ་གྲངས་ལ་མངགས་ཐོ་བཞག་ནས། གོ་ལ་ཧྲིལ་པོ་ནས་ཆེས་ཆེ་བའི་གྲུ་གཟིངས་བཟོ་བའི་རྐྱང་པའི་མངགས་ཐོ་བཏོད་ཡོད།

04.jpg

  • ཚེས29ཉིན། དོམ་ཁྲ“ཅིན་ཞིས”(金喜)དང་“ཀྲུའུ་ཡུས”(茱萸)གཉིས་ཆེད་གཏོང་གནམ་གྲུར་བསྡད་དེ། ཁྲེང་ཏུའུ་ཧྲོང་ལིའུ་རྒྱལ་སྤྱིའི་གནམ་ཐང་ནས་སི་ཕེན(西班牙)དུ་འཕུར་ནས། དུས་ཡུན་ལོ10རིང་གི་གནས་སྐོར་འཚོ་བ་སྐྱེལ་འགོ་ཚུགས།

  • ཀྲུང་གོ་ཚན་རིག་ཁང་ཙི་ཅིན་ཧྲན་གནམ་དཔྱད་ཁང་གིས་བརྡ་ཁྱབ་བཏང་བར་གཞིགས་ན། རང་རྒྱལ་གྱི་ཕྱོགས་བསྡུས་རང་བཞིན་གྱི་ཉི་མ་འཚོལ་ཞིབ་ཚད་ལེན་ཆེད་སྤྱོད་སྲུང་སྐར“ཁྭ་ཧྥུ་ཨང་དང་པོ”(夸父一号)(ASO-S)འཕེན་གཏོང་བྱས་ནས་ལོ་གཅིག་ལྷག་ཙམ་སོང་ཚུན། ཉི་མའི་འོད་དཀར་པོའི་འོད་ཐིག100ལྷག་ཙམ་ལྟ་ཞིབ་ཚད་ལེན་ཐུབ་ཡོད།

  • དྲག་ཆར་བབས་པའི་རྐྱེན་གྱིས་ཀོང་ཀྲོའུ་ལྕགས་ལམ་ཚོགས་པས་བརྡ་ཁྱབ་བཏང་དོན། དེ་སྔོན་པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་ལྕགས་ལམ་གྱི་སྤྱིར་བཏང་མྱུར་ཚད་ཀྱི་མེ་འཁོར་62སྐྱེལ་འདྲེན་བྱེད་མཚམས་འཇོག་རྒྱུ་བཀོད་སྒྲིག་བྱས་པ་ཕུད། ཟླ་4ཚེས་29ཉིན་ནས་ཟླ་5ཚེས་1ཉིན་བར་པེ་ཅིང་ནས་ཅིའུ་ལུང་བར་གྱི་ལྕགས་ལམ་གྱི་སྤྱིར་བཏང་མྱུར་ཚད་ཀྱི་མེ་འཁོར་ཐེངས་18མུ་མཐུད་སྐྱེལ་འདྲེན་བྱེད་མཚམས་འཇོག་རྒྱུའི་བཀོད་སྒྲིག་བྱས།

  • ཚེས28ཉིན་རྒྱལ་ཁབ་རྩིས་འཁོར་ནད་དུག་འཕྲལ་སྡོམ་ཐག་གཅོད་ལྟེ་གནས་ཀྱིས་ཉེ་དུས་ལྟ་ཞིབ་ཚད་ལེན་བྱས་ནས་ཤེས་རྟོགས་བྱུང་བའི་སྒྲིག་འགལ་གྱི་སྒུལ་བདེའི་བེད་སྤྱོད་ཁག10ཡོངས་བསྒྲགས་བྱས།

སྲིད་ཇུས།

  • ཅི་ལིན་གྱིས་ཡིག་ཆ་བཀྲམ་ནས། མཁར་གྲོང་གི་གྲོང་མིའི་ནད་རིགས་ཚབས་ཆེན་གྱི་འགན་བཅོལ་ལོ་འཁོར་གྱི་རྩིས་ཞུ་བྱེད་ཚད་མཐོ་ཤོས་སྔོན་གྱི་སྒོར་ཁྲི30ནས་སྒོར་ཁྲི་40ལ་མཐོ་རུ་བཏང་།

  • ནང་སོག་གིས་རྩྭ་སོན་ཐོན་སྐྱེད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། གཅིག་སྡུད་ཡུག་འབྲེལ་བྱས་པའི་མུའུ300ཡན་གྱི་གསར་དུ་བསྐྲུན་པའི་རྩྭ་སོན་ཐོན་སྐྱེད་ཞིང་ཁར་ཐེངས་གཅིག་ལ་མུའུ་རེར་སྒོར500ཁ་གསབ་བྱས།

  • སི་ཁྲོན་གྱིས་ཡིག་ཆ་བཀྲམ་ནས། ལས་རིགས་སློབ་གྲྭས་སློབ་མ་སྒྲིག་འཛུགས་བྱས་ཏེ་ས་ཆ་གཞན་དུ་དངོས་སྦྱོང་བྱེད་པར་འགྲོ་སྐབས། གཅིག་གྱུར་གྱིས་སློབ་མར་ཞག་སྡོད་བཀོད་སྒྲིག་བྱེད་དགོས་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

05.jpg

  • ཅང་ཧོའེ(江淮)ཡི་ནུབ་རྒྱུད་དང་། ཅང་ཧན་གྱི་ཤར་རྒྱུད། ཅང་ནན་གྱི་ས་ཆ་མང་ཆེ་བ། ཁྲུང་ཆིང་གི་བྱང་ཤར་རྒྱུད། ཧྭ་ནན་གྱི་དབུས་ཤར་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་འབྲིང་ཙམ་ནས་ཆར་ཆེན་འབབ་རྒྱུ་དང་། དེའི་ནང་། ཧུའུ་ནན་གྱི་ལྷོ་རྒྱུད་དང་། ཅང་ཞི་ཡི་ས་ཆ་མང་ཆེ་བ། ཀོང་ཞི་ཡི་བྱང་ཤར་རྒྱུད། ཀོང་ཏུང་གི་དབུས་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་དྲག་ཆར་དང་ཡང་ན་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།