དེ་རིང་ནི2025ལོའི་ཟླ05པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ལྔ་གཅིག་གུང་གསེང་རིང་མྱུར་བགྲོད་གཞུང་ལམ་ལ་རིན་བསྡུ་རྒྱུ་མིན་པ་ཁྱབ་བསྒྲགས་བྱས།

2024-04-30 08:30:50   |   572

སྒྲིག་སྒྱུར།   དོན་འགྲུབ་མཚོ།    ཡོང་ཁུངས།    པེ་ཅིང་ན་གཞོན་ཚགས་པར།     བཤེར་འབེབས།   རིན་ཆེན་ཚེ་རིང་།


འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཡོངས་བསྒྲགས་ཚོགས་འདུའི་ཐོག་སྤེལ་བའི་གནས་འཕྲིན་ལྟར་ན། ད་ལོའི་ལྔ་གཅིག་གུང་གསེང་རིང་། འདུག་ས་བདུན(བདུན་ཚུད་པ) ཅན་མན་གྱི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་མྱུར་བགྲོད་གཞུང་ལམ་དུ་བགྲོད་པར་རིན་བསྡུ་རྒྱུ་མ་རེད། རིན་མི་བསྡུ་བའི་དུས་ཚོད་ནི་ཟླ5པའི་ཚེས1ཉིན་གྱི་དགོང་མོའི་ཆུ་ཚོད12ནས་ཟླ5པའི་ཚེས5ཉིན་གྱི་ཆུ་ཚོད24བར་ཡིན་ཞིང་། ཁྱོན་ཉིན5ལ་ལམ་རིན་བསྡུ་རྒྱུ་མ་རེད།

གསལ་བརྡ། མྱུར་བགྲོད་གཞུང་ལམ་ལ་རིན་མི་དགོས་པར་བཏང་ཆོག་པའི་དུས་བཀག་ནི་རླངས་འཁོར་འགག་སྒོའི་རིན་བསྡུའི་འཁོར་ལམ་དང་ཁ་བྲལ་བའི་དུས་ཚོད་ཚད་གཞིར་འཛིན་དགོས།


མཉམ་སྤྱོད།