དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས“རྒྱུན་འཁྱོངས་བཞི”ལ་བརྟེན་ནས་གནས་སྐོར་གྱི“དུས་ཚིགས་བཟང་པོར”གྲ་སྒྲིག་ལེགས་པོ་བྱས།

2024-04-30 09:46:42   |   983

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།   མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


“ལྔ་གཅིག་”གནས་སྐོར་གྱི“དུས་ཚིགས་བཟང་པོ”ཐོན་ལ་ཉེ་པའི་སྐབས་འདིར། མདའ་བཞི་རྫོང་གིས“གནས་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ”དང་།  དྲ་ཐོག་གི“གནས་སྐོར་དྲིལ་བསྒྲགས་ཚོང་གཉེར”། “གནས་སྐོར་རྨང་གཞིའི་སྒྲིག་བཀོད་རིམ་སྤོར”བཅས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་གྱི་མཚོ་སྔོན་དཔེ་སྟོན་ཁུལ་གསར་འཛུགས་དང་རྣམ་གྲངས་འཛུགས་སྐྲུན། ཁྲོམ་ར་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ལྷུ་ཚིགས་གཙོ་གནད་ལ་དོ་སྣང་ཆེན་པོ་བྱས་ཏེ། གནས་སྐོར་དུས་ཚིགས་ལ་གྲ་སྒྲིག་ལེགས་པོ་བྱས་ནས“རབ་མཛེས་མཚོ་སྔོན”གྱི“སྐད་གྲགས་ལྡན་པའི་མིང་བྱང”གཏོད་དེ། ཕྱོགས་བཞིའི་སྐུ་མགྲོན་རྣམས་མདའ་བཞི་རུ་གནས་སྐོར་བྱེད་དུ་ཕེབས་པར་དགའ་བསུ་བྱེད་བཞིན་ཡོད།

མདའ་བཞི་རྫོང་གིས“རྣམ་གྲངས་ཅན”གྱི་སྐུལ་འདེད་མཐའ་འཁྱོངས་བྱས་ནས་མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པར་ཤུགས་བརྒྱབ་པ། བྱེ་མ་ལ་བདུན་གྱི་དུས་ཐེངས་གཉིས་པའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་གནས་སྐོར་བའི་ཞབས་ཞུའི་ལྟེ་གནས་དང་སྲེག་ཟས་སྒར་སྟེགས་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་མུ་མཐུད་དུ་འཐུས་ཚང་དུ་བཏང་། རྟའི་ཐོན་ལས་དང་མི་རིགས་འཁྲབ་སྟོན། གཟུགས་འདས་ཤུལ་བཞག་རིག་གནས། ཁྱད་ལྡན་ཞིམ་ཟས། རིག་གནས་གསར་གཏོད། ཕུལ་བྱུང་ཐོན་རྫས་སོགས་མཛེས་ལྗོངས་ཁུལ་དུ་ཞུགས་རྒྱུར་སྐུལ་འདེད་བཏང་ནས་ཟླ5ཚེས1ཉིན་སྔོན་ལ་གཉེར་སྐྱོང་ཐུབ་པའི་འགན་ལེན་བྱས། ཁིས་ཐུར་གྱི“རི་གཉིས”ཀྱི་རིགས་པའི་གཞུང་ལུགས་ལག་ལེན་ཁང་དང་དེ་བཞིན་ཆ་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཟླ5པའི་ཟླ་དཀྱིལ་དུ་རྣམ་གྲངས་ཀྱི་ཕྱི་རོལ་ལས་གཞི་འཛུགས་སྐྲུན་ལེགས་གྲུབ་ཡོང་བ་དང་། ཟླ7པའི་ཟླ་མཇུག་ཏུ། སྐྱེ་ཁམས་ཞིབ་འཇུག་དང་སློབ་སྦྱོང་གི་ལག་ལེན་རྟེན་གཞི་བསྐྲུན་ནས་གཉེར་སྐྱོང་བྱེད་རྒྱུ། རྨང་གཞི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་མྱུར་ཚད་མཐོ་རུ་གཏོང་རྒྱུ་དང་མཇུག་སྒྲིལ་ལས་དོན་ཇེ་མགྱོགས་སུ་བཏང་ནས་སྐྲུན་བཞིན་པའི་རྣམ་གྲངས་ཚང་མ་ཟླ4པའི་ཟླ་མཇུག་ཏུ་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱས་པ་དང་། ཟླ6པར་ཆེད་མཁས་པ་གདན་དྲངས་ནས་འཛུགས་སྐྲུན་གནས་ཚུལ་ལ་དཔྱད་དཔོག་ཐེངས་གཉིས་པ་སྤེལ་རྒྱུ།

མདའ་བཞི་རྫོང་གིས“ཞིབ་ཚགས་ཅན”གྱི་ཞབས་ཞུ་མཐའ་འཁྱོངས་བྱས་ནས་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བའི་ཐད་ལ་འབད་པ་བྱས། རང་འགུལ་གྱིས་ཞབས་འདེགས་ཞུ་རྒྱུ་དང་རྨང་གཞིའི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། མཛེས་ལྗོངས་ཁུལ་གྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱག་པ། འགྲིམ་འགྲུལ་གནས་སྐོར་གྱི་ཁོར་ཡུག་བཟང་པོ་སྐྲུན་པའི་ཐད་འབད་བརྩོན་བྱས། “བདེ་བརྟན་མདའ་བཞི”ཡི་འགྲིམ་འགྲུལ་ཞབས་ཞུའི་ས་ཚིགས6འཛུགས་སྐྲུན་འཆར་འགོད་བྱས་ནས་མཛེས་ལྗོངས་ཁུལ་གྱི་གད་སྙིགས་བསྡུ་རུབ་དང་བཙོག་ཆུ་གཅིག་སྡུད་གཙང་སེལ། སྤྱི་པའི་གསང་སྤྱོད་འཁོར་སྐྱོད་བཅས་རྒྱུན་མཐུད་ཡག་པོ་བྱས་ཏེ། གནས་སྐོར་མཛེས་ལྗོངས་ཁུལ་གྱི་ཕྱོགས་བསྡུས་ཐེག་ཚད་ཆེ་རུ་བཏང་། གནས་སྐོར་ལས་རིགས་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་བཏང་ནས་སྨོན་ལམ་མཐོན་པོ་དང་བྱེ་མ་ལ་བདུན། སྒར་གཞི་བཅུ་གཉིས་གྲུ་ཁ། བོན་གྱ་ཕྱུགས་ར་སོགས་ཐོན་ཁུངས་བསྡུ་རུབ་བྱས་ཏེ། མཚོ་དང་བྱེ་མར་ལྟ་བ། སྒར་འདེབས་པ། མཚན་ལྗོངས་ལ་ལྟ་བ། བདེ་ཐང་གནས་སྐོར་བཅས་ལ་དམིགས་ནས་ཞིབ་འཇུག་དང་སློབ་སྦྱོང་གནས་སྐོར། སྐྱེ་ཁམས་གནས་སྐོར་དང་གྲོང་གསེབ་གནས་སྐོར། དམངས་སྲོལ་གནས་སྐོར་སོགས་ཀྱི་རྣམ་པ་གསོ་སྐྱོང་བྱས་ཏེ། ཁྱད་ལྡན་གནས་སྐོར་རིག་གནས་ཀྱི་ཐོན་རྫས་ཞིབ་འཇུག་གསར་སྤེལ་ཇུས་འགོད་དང་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་པར་བྱས་ཡོད།

མདའ་བཞི་རྫོང་གིས“རྒྱུན་རྣམ་ཅན་”གྱི་ལྟ་སྐུལ་དོ་དམ་མཐའ་འཁྱོངས་བྱས་ནས་གནས་སྐོར་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐད་འབད་པ་བྱས།  གནས་སྐོར་གྱི་རྒྱུ་རྐྱེན་གཙོ་བོ་ཡོངས་ལ་དམིགས་ནས་གཅིག་གྱུར་གྱི་གནས་སྐོར་ཞབས་ཞུའི་ཚད་གཞིའི་དོ་དམ་ལམ་ལུགས་འཚོལ་ཞིབ་དང་གཏན་འབེབས། གནས་སྐོར་ལས་རིགས་ཀྱི་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཁྲོམ་རའི་ཟང་ཟིང་སྣ་ཚོགས་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། གླ་གཏོང་རླངས་འཁོར། བཟའ་བཏུང་ཞག་སྡོད་བཅས་ཀྱི་དོ་དམ་དང་ཞབས་ཞུ་མཐོ་རུ་གཏོང་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ། གནས་སྐོར་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་བ་དང་གནས་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ཡོད། 

མདའ་བཞི་རྫོང་གིས“གནད་འཁེལ་ཅན”གྱི་དྲིལ་སྒྲོག་མཐའ་འཁྱོངས་བྱས་ནས་དྲིལ་སྒྲོག་ཚོང་གཉེར་ཐད་འབད་པ་བྱས། ཁྲོམ་རའི་ཚོང་གཉེར་ཇུས་འགོད་སྤྱི་གཉེར་གྱི་སྟོབས་ཤུགས་ལ་བརྟེན་ནས་ཆུ་ཚད་མཐོ་བའི་ཇུས་འགོད་དྲིལ་སྒྲོག་དང་གནས་སྐོར་ལམ་ཐིག་ལེགས་སྒྱུར། ད་ཡོད་ཀྱི་ལམ་ཐིག་སྤུས་དག་བསྡུ་སྒྲིལ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གནས་སྐོར་ལམ་ཐིག་སྤུས་དག་གི་ཁྱབ་ཁོངས་སུ་འཇུག་གང་ཐུབ་བྱས། ས་གནས་ཀྱི་གནས་སྐོར་ལས་དོན་ཁང་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་། ཞིང་ཆེན་ཕྱི་ནང་གི་སྐད་གྲགས་ཆེ་བའི་གནས་སྐོར་ལས་དོན་ཁང་ཆེ་གྲས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ས་གནས་འཁོར་རྒྱུག་གི་ཐབས་ལམ་རྒྱ་ཆེར་དང་གཙོ་གནད་རིམ་པ་དབྱེ་ནས་འགྲུལ་ཁུངས་ཁྲོམ་ར་གསར་གཏོད་བྱས། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ཁེ་ལས་ཞུགས་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲེག་ཟས་དུས་ཆེན་དང་རོལ་དབྱངས་འདུ་ར། རྟ་རྒྱུག་འདུ་ཚོགས་སོགས་བྱེད་སྒོ་ཆེ་གྲས་བེད་སྤྱོད་གང་ལེགས་བྱས་ནས་གནས་སྐོར་ཐོན་རྫས་འགྲེམས་སྟོན་དང་འོས་སྦྱོར་ཡག་པོ་བྱས་ཤིང་། མཛེས་ལྗོངས་གསར་རྩོམ་བྱས་ནས་མདའ་བཞིའི་གནས་སྐོར་གྱི་སྐད་གྲགས་སྔར་བས་ཆེ་རུ་བཏང་།


མཉམ་སྤྱོད།