དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་སྡེ་ཁག་མཉམ་འབྲེལ་སྒོས་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་མཐུན་རྐྱེན་སྐྲུན།

2024-04-30 10:19:40   |   502

རྩོམ་སྒྲིག  སངས་དོན།   ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་ཆར།  མདའ་བཞི་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་མི་དམངས་ཞིབ་དཔྱོད་ཁང་དང་རྫོང་ཁྲིམས་འཛིན་ཅུ། རྫོང་སྤྱི་ཁྱབ་བཟོ་ཚོགས་བཅས་ལ་མཉམ་འབྲེལ་བྱས་ནས“སེམས་ཤུགས་གཅིག་སྒྲིལ་གྱིས་ཁྲིམས་སྲུང་ཚོང་གཉེར་བྱེད་པ”ཞེས་པའི་བཅའ་ཁྲིམས་ཞབས་ཞུའི་གསོ་སྦྱོང་སྤེལ་བ་དང་། འབྲེལ་ཡོད་སྡེ་ཚན་དང་དམངས་གཉེར་ཁེ་ལས་བའི་འགན་འཁུར་བ་བཅས་ཁྱོན་སྡོམ་པའི་མི35གསོ་སྦྱོང་བྱ་བར་ཞུགས།

གསོ་སྦྱོང་ཚོགས་འདུའི་སྟེང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན། ཞིང་ཆེན་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཚོགས་ཆེན་གྱི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། 《བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་གསལ་འགྲེལ》དང《ཁེ་ལས་ཀྱི་བཅའ་ཁྲིམས་ཉེན་ཁ་འགོག་ཟོན》 གློག་འཕྲིན་ཁ་བསླུས་ཉེས་གསོག་ཤེས་བྱ་དང་། གྱོད་དཔེ་དབྱེ་ཞིབ་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཕྱོགས་ཡོངས་ནས་སྒྲོག་འགྲེལ་བྱས།

ཐེངས་འདིའི་གསོ་སྦྱོང་བྱས་པ་བརྒྱུད། ཁེ་ལས་ཀྱི་འགན་འཁུར་བ་དང་གཉེར་སྐྱོང་དོ་དམ་མི་སྣའི་ཁྲིམས་སྐྱོང་འདུ་ཤེས་སྔར་ལས་ཟབ་ཏུ་ཕྱིན་ནས་སྲིད་ཚོང་འབྲེལ་བ་གསར་པའི་སྒོ་ནས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་ལ་སྐུལ་འདེད་གཏོང་བ་དང་། མདའ་བཞི་རྫོང་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱས་ཡོད། 

རྗེས་མར།  མདའ་བཞི་རྫོང་གིས་འབྲེལ་ཡོད་སྡེ་ཁག་གི་འབྲེལ་གཏུག་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། དམངས་གཉེར་ཁེ་ལས་བའི་ཁྲིམས་ཚོང་གི་བྱང་ཚད་ཟབ་ཏུ་གཏོང་བ་དང། ཁྲིམས་སྲུང་ཡིད་རྟོན་གཉེར་སྐྱོང་ལ་སྐུལ་འདེད་གཏོང་བ། བཅའ་ཁྲིམས་ཀྱི་ཉེན་ཁ་སྔོན་འགོག་བྱེད་ནུས་ཆེ་རུ་བཏང་ནས་ཁེ་ལས་པར་དོན་དངོས་སྒྲུབ་པ་དང་།  རྫོང་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཅའ་ཁྲིམས་ཞབས་ཞུ་དང་ཁྲིམས་སྐྱོང་འགན་སྲུང་ནུས་ལྡན་མཁོ་འདོན་བྱ་རྒྱུ་རེད། 


མཉམ་སྤྱོད།