མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-06 07:43:25   |   442

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ5ཚེས5ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ། པེ་ཅིང་ནས་ཞལ་གྱེས་ཏེ་ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མ་ཁེ་ལུང(马克龙) དང་། སར་པི་ཡ(塞尔维亚) སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་ཆི་ཆི(武契奇) དང་། ཧང་ག་རིའི(匈牙利) ཙུང་ཐུང་ཧྲུའུ་ཡིའུ་ཁེ(舒尤克) དང་། ཙུང་ལི་ཨོར་པན(欧尔班)བཅས་ཀྱི་གདན་ཞུས་ལྟར་གོང་གསལ་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས5ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཕ་རི་སིར་ཕེབས་ཏེ་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་མགོ་ཚུགས་པ་རེད།

  • ཟླ5ཚེས5ཉིན། ཕ་རི་སིར་ཕེབས་ནས་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་བའི་མཚམས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི《ཧྥེ་ཅ་ལུའོ་ཚགས་པར》སྟེང་དུ《ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་པའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད། 

01.jpg

  • སྡོམ་རྩིས་རགས་ཙམ་ལས་མངོན་པར། ཚེས1ནས་ཚེས5ཉིན་བར་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣ་འཁོར་རྒྱུག་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུངཕྱུར13.6ཙམ་ཟིན་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་དུང་ཕྱུར2.7ལས་བརྒལ་བ་དེ2019ལོའི་དུས་མཚུངས་ལས24.1%འཕར་ཡོད་པ་རེད།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ཟླ་བཞི་པར་ཀྲུང་གོའི་ཚོང་ཟོག་ཆེ་གྲས་ཀྱི་རིན་གོང་སྟོན་གྲངས115.4ཡིན་ཞིང་། ཟླ་བ་གོང་མ་ལས3%འཕར་ཡོད་པ་དང་། འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས2.4ལས་མགྱོགས་སུ་ཕྱིན་ཡོད་པ་རེད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཉེ་ཆར་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་པུ་དབར་གྱི་མཉམ་འབྲེལ་ཚོགས་འདུ་ཐུན་མོང་ཐོག་འཚོགས་ནས་ཡིད་རྟོན་ཁྲིམས་འཛུགས་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་བཏོན་ཡོད།

  • རྒྱལ་ཁབ་ཕྱི་དངུལ་ཅུ་ཡི་གྲངས་གཞི་ལས་མངོན་པར། 2013ལོ་ནས་2023ལོ་བར། རང་རྒྱལ་གྱི་ཤེས་བྱའི་བདག་དབང་བེད་སྤྱོད་གྲོན་དངུལ་གྱི་ཉོ་ཚོང་སྡོམ་འབོར་ལོ་རེར་ཆ་སྙོམས་འཕར་ཚད9.4%ཟིན་ཡོད།

  • གྲངས་གཞི་གསར་ཤོས་ལས་མངོན་པར། 2019ལོ་ནས་2023ལོའི་བར་ཀྲུང་གོས་ཧྥ་རན་སེར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་རེར་ཆ་སྙོམས5.9%འཕར་ཡོད།

  • ས་གནས་དེ་གའི་དུས་ཚོད་ཚེས4ཉིན་གྱི་མཚན་མོར། ཁུ་པའི(古巴) གནས་སྐོར་པུས་སྤྱིར་བཏང་གི་ལམ་ཡིག་ཡོད་པའི་ཀྲུང་གོའི་སྤྱི་དམངས་ལ་ཐོངས་མཆན་མི་དགོས་པར་ཁུ་པར་ཡོང་ཆོག་པར་ཁྱབ་བསྒྲགས་བྱས་པ་རེད།

སྤྱི་ཚོགས།

02.jpg

  • ཚེས5ཉིན། རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་སེར་པོ་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན། དེ་རིང་ཀོང་ཏུང་བྱང་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་བྱུང་བའི་གནམ་གཤིས་ཀྱི་ཉེན་ཁ་ཆེ་ཙམ་ཡོད་པ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གྱིས་ཧོ་ནན་སློབ་ཆེན་གྱི་ཚོགས་ཁང་ཆེ་མོའི་མེ་སྐྱོན་ལས་འཛོལ་ཞིབ་བཤེར་ཐག་གཅོད་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱ་རྒྱུ་དང་། ཆབས་ཅིག་ཏུ་ལྟ་སྐུལ་གཞུང་དོན་ཚོགས་ཆུང་མངགས་ནས་ས་གནས་དེ་གར་ཧོ་ནན་ཞིང་ཆེན་གྱི་བརྟག་དཔྱད་ཚོགས་ཆུང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

03.jpg

  • ཚེས5ཉིན། ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་བུད་མེད་རུ་ཁག་གིས་ཡིའུ་པོ་བུམ་པའི(尤伯杯)མཇུག་མཐའི་འགྲན་བསྡུར་ཁྲོད་སྤྱིའི་སྐར་གྲངས3-0གི་ཐོག་ནས་ཧིན་རྡུ་ཉི་ཞི་ཡའི་བུད་མེད་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད།

04.jpg

  • དེ་རྗེས། ཀྲུང་གོའི་བྱ་སྒྲོའི་སྤོ་ལོའི་སྐྱེས་པའི་རུ་ཁག་གིས་ཐང་མུའུ་སི་བུམ་པའི(汤姆斯杯) མཇུག་མཐའི་འགྲན་བསྡུར་ཁྲོད་སྤྱིའི་སྐར་གྲངས3-1གི་ཐོག་ནས་ཧིན་རྡུ་ཉི་ཞི་ཡའི་སྐྱེས་པའི་རུ་ཁག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོ་བླངས་པ་རེད། དེ་ནི2012ལོའི་རྗེས་སུ་ཀྲུང་གོའི་རུ་ཁག་གིས་ཐང་མུའུ་སི་བུམ་པ་དང་ཡིའུ་པོ་བུམ་པའི་འགྲན་སྡུར་སྟེང་ཨང་དང་པོ་གཉིས་སླར་ཡང་བླངས་པ་ཞིག་རེད།

  • ས་གནས་དེ་གའི་དུས་ཚོད་ཚེས4ཉིན། ཀྲུང་གོའི་སྐྱེས་པའི་སྨི་4X100ཡི་མཐུད་ཤུགས་རུ་ཁག་ལ2024ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་འགྲན་བསྡུར་གྱི་གྲ་སྒྲིག་འགྲན་བསྡུར་ཁྲོད་ཚོགས་ཆུང་གི་ཨང་གཉིས་པ་ཐོབ་སྟེ། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་དེའི་འགྲན་ཞུགས་ཐོབ་ཐང་ཐོབ་པ་གཏན་འཁེལ་བྱས་པ་རེད།

  • ཚེས5ཉིན་གྱི་ཆུ་ཚོད13བར། 2024ལོའི་ལྔ་གཅིག་གློག་བརྙན་གྱི་སྤ་སེ་བཙོང་ཚད་དུང་ཕྱུར15ལས་བརྒལ་བ་རེད།

  • ཉིན་ཤས་གོང་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུ་ཡིས་ཁ་དན་ཚིག་ལ་མ་གནས་པའི་སྨན་རྫས་ཁེ་ལས25དམར་འདོན་བྱས།

05.png

  • ཧྲན་ཏུང་གི་རླངས་འཁོར་ཆུང་ཆུང་ཞིག་མྱུར་བགྲོད་གཞུང་ལམ་དུ་སྐྱོད་སྐབས་གློ་བུར་དུ་འཁོར་ལོ་འབར་གས་བྱུང་ནས་གནས་ཚུལ་ཚབས་ཆེན་ཡིན་དུས། ལམ་བར་གྱི་ཁ་ལོ་བ16གིས་གནས་ཚུལ་མཐོང་རྗེས་དཀའ་ངལ་ཕོག་པའི་མི་སྣ་གནས་སྤོ་བྱེད་རོགས་བྱས་ཏེ་ཉེན་ཁ་ནས་བསྐྱབས་པ་རེད།

སྲིད་ཇུས། 

  • པེ་ཅིང་གིས་ཇུས་གཞི་པར་འགྲེམས་བྱས་ཏེ། འཛད་སྤྱོད་པས་སྲིད་ཇུས་ཀྱིས་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་པའི་ལྗང་མདོག་རིག་ནུས་ཚོང་ཟོག་རིགས26ཉོ་སྒྲུབ་བྱེད་སྐབས། ཐོན་རྫས་གསར་པའི་རིན་གོང་གི10%དང་། ཚོང་ཟོག་རྐྱང་པའི་རིན་གོང་མཐོ་ཤོས་སྒོར1000གི་གཟིགས་སྐྱོང་ཁ་གསབ་ལོངས་སྤྱོད་བྱེད་ཆོག

  • ཧྲའན་ཞིས་སློབ་གྲྭ་འབྲིང་ཆུང་ལ་སློབ་གྲྭའི་མགོ་ཁྲིད་དམ་ཡང་ན་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་ཞུས་ལས་བསྐོས་བྱས་པའི་ཚན་རིག་སློབ་སྤྱི་གཞོན་པ་བཀོད་སྒྲིག་བྱེད་དགོས་པ་མ་ཟད། ཉུང་མཐར་ཡང་ཚན་རྩལ་ཟུར་ཁྲིད་པ1བཀོད་སྒྲིག་བྱེད་དགོས་པའི་བསམ་འཆར་པར་འགྲེམས་བྱས།

  • ཉིང་ཞ་ཡིས་གཉེན་སྒྲིག་བྱས་པའི་བཟའ་ཟླ་གཉིས་ཀྱིས་ཐོ་འགོད་གཉེན་སྒྲིག་བྱས་པའི་ཉིན་ནས་བཟུང་། སློང་རྟེན་མེད་པ་དང་སློང་རྟེན་དམའ་བའི་ལག་རྟགས་ལ་བརྟེན་ནས་ལོ་གཉིས་དང་ལོ་གཅིག་རིང་ཁུལ་ནང་ཁུལ་གྱི་གཞུང་ཁོངས་གནས་སྐོར་མཛེས་ལྗོངས་ས་ཁུལ་གྱི་སྒོ་འཛིན་གཟིགས་སྐྱོང་ཐོག་མ་དེ་ལོངས་སུ་སྤྱོད་ཆོག་གི་ཡོད་པའི་སྲིད་ཇུས་བཏོན་པ་རེད།

དེ་རིང་གི་གནམ་གཤིས།

06.jpg

  • ཅི་ལིན་གྱི་ཤར་རྒྱུད་དང་། ལེའོ་ཉིང་གི་བྱང་ཤར་རྒྱུད། ཞིན་ཅང་གི་དབྱི་ལི་ཀླུང་རོང་དང་། ཀུའེ་ཀྲོའུ་ཡི་ལྷོ་རྒྱུད། ཡུན་ནན་གྱི་ཤར་རྒྱུད། ཀོང་ཞིའི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་རེད། དེའི་ནང་ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད་དང་། ཡུན་ནན་གྱི་བྱང་ཤར་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད།


མཉམ་སྤྱོད།