དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་དུ་ཞིང་ལས་གནས་སྐོར་ཉམས་ཞིབ་ལ་གཞོན་ནུ་ལོ་ཆུང་མང་པོ་ཞུགས།

2024-05-06 08:37:38   |   418

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས།  རིན་ཆེན་ཚེ་རིང་།


གཞོན་ནུ་ལོ་ཆུང་གི་ཞིང་ལས་གནས་སྐོར་ཉམས་ཞིབ་ཐོན་ལས་ཀྱི་ཐབས་ལམ་གསར་པ་གཏོད་པ།

1.jpg

དཔྱིད་ཀྱི་རང་མདངས་རྣམ་པར་བཀྲ་བའི་སྐབས། ཉམས་ཞིབ་བློ་སྦྱོང་འོས་ཤིང་འཚམས་པའི་དུས་ཏེ། ལྔ་གཅིག་ཉིན་མོར། མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་གི་ནང་དུ་འདུ་འཛིས་ཁེངས་ཤིང“ཞིང་ལས་གནས་སྐོར་ཉམས་ཞིབ་དང་རང་བྱུང་འཚོལ་ཞིབ”ཅེས་པའི་བརྗོད་དོན་ཉམས་ཞིབ་བྱེད་སྒོ་སྤེལ་ནས་ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་མི་གཅིག་པའི་བྱིས་པ160ལྷག་ཙམ་ལ་ཡིད་འོང་གི་དུས་ཚིགས་དེར་འཚར་ལོངས་ཀྱི་དྲན་ཤིང་བཞག

ཉམས་ཞིབ་ཀྱི་འགྲུལ་བཞུད་ནི་གནས་སྐོར་ཙམ་མ་ཡིན་པར་དེ་ནི་སློབ་སྦྱོང་གི་ལམ་བུ་གལ་ཆེན་ཞིག་ཡིན། མཚོ་བྱང་ཁུལ་སྐྱེ་ཁམས་ཞིང་ཕྱུགས་ལས་འགྲེམས་སྟོན་ཁང་དུ་གཞོན་ནུ་ལོ་ཆུང་ཚོས་འགྲེམས་སྟོན་ཁང་གི་ལེའུ་དང་ཚན་པ་མི་འདྲ་བར་ལྟ་སྐོར་བྱས་ཤིང་དངོས་པོ་འགྲེམས་སྟོན་དང་སྨྱན་མང་མཉམ་སྤྱོད། དཔེ་དབྱིབས་འགྲེམས་སྟོན་སོགས་རྣམ་པ་སྣ་ཚོགས་བརྒྱུད་ནས་ཕྱུགས་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་ཚན་རྩལ་གྲུབ་འབྲས།  སྐྱེ་ཁམས་འདུ་ཤེས་བཅས་གསོན་ཉམས་ལྡན་པའི་ངང་འགྲེམས་སྟོན་བྱས།  བྱིས་པ་ཚོས་རོང་འབྲོག་ཁུལ་གྱི་དུས་སྐབས་མི་འདྲ་བའི་ཐོན་སྐྱེད་དང་འཚོ་བའི་ཡོ་བྱད།  སྲོག་ཆགས་ཀྱི་དམར་དཔེ་སྣ་ཚོགས་དང་ནོར་ལུག་ཤའི་ཐོན་རྫས་དཔེ་དབྱིབས། ཞིང་ཕྱུགས་ཐོན་རྫས་སྣ་ཚོགས་བཅས་གཙོ་གནད་ཐོག་རྒྱུས་ལོན་བྱས་ལ་རོང་འབྲོག་ཁུལ་གྱི་འཕེལ་རྒྱས་བརྒྱུད་རིམ་དང་འབྱུང་འགྱུར་གྱི་འཕེལ་ཕྱོགས་ལ་ཐར་དཀར་རྒྱུས་ལོན་བྱས། འགྲེལ་བཤད་དགེ་རྒན་གྱི་འགྲེལ་བཤད་དང་ཕན་ཚུན་མཉམ་འགུལ། དྲི་བ་དྲིས་ལན་འདེབས་པའི་ཁྲོད་གཞོན་ནུ་ལོ་ཆུང་ཚོར་ཞིང་ཕྱུགས་ལས་དང་སྐྱེ་ཁམས་ཁོར་ཡུག  མིའི་རིགས་ཀྱི་ཐོན་སྐྱེད་འཚོ་བའི་དབར་གྱི་འབྲེལ་བ་དམ་ཟབ་ལ་བསམ་གཞིག་གཏིང་ཟབ་བྱ་རྒྱུའི་ཁྲིད་སྟོན་བྱས།

2.jpg

སློབ་གསོ་སྤྲོ་སྐྱིད་ལྡན་ལ་ཉམས་ཞིབ་བྱེད་སྒོ་དེ་བས་སྤྲོ་སྣང་དང་ནང་དོན་ཕུན་སུམ་ཚོགས། གླིང་ཁུལ་གྱི་སྲོག་ཆགས་འགྲེམས་སྟོན་ཁུལ་དུ་གཞོན་ནུ་ལོ་ཆུང་ཚོས་ཐག་ཉེ་བའི་སྒོ་ནས་སྲོག་ཆགས་དེ་དག་གི་འཚོ་བའི་གོམས་གཤིས་ལ་ལྟ་ཞིབ་བྱེད་ཐུབ་པར་མ་ཟད། ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་དངོས་སུ་གཟན་ཆས་སྟེར་བ་དང་བྱིལ་བྱིལ་བྱས་ཏེ་སྲོག་ཆགས་དང་འབྲེལ་འདྲིས་བྱེད་པའི་སྤྲོ་སྣང་ཚོར་ཐུབ་པས་གཞོན་ནུ་ལོ་ཆུང་ཚོས་བག་ཕེབས་ཀྱི་རྣམ་པའི་ཁྲོད་ཤེས་བྱ་འཕེལ་ལ་མཐོང་རྒྱ་བསྐྱེད།

03.jpg

ཉམས་ཞིབ་བྱེད་སྒོ་རབ་དང་རིམ་པ་བརྒྱུད་གཞོན་ནུ་ལོ་ཆུང་ཚོས་སྲོལ་རྒྱུན་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཤུལ་བཞག་རིག་གནས་རྒྱུས་ལོན་ཟབ་མོ་བྱུང་པར་མ་ཟད། དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱང་ཚོར་ལ་ཚན་རིག་ལག་རྩལ་སྤྱད་དེ“ཞིང་གསུམ”ལ་ཞབས་འདེགས་ཞུ་བར་ངོས་འཛིན་གཅིག་མཐུན་གྱི་ཚོར་སྣང་སྔར་བས་ཟབ་ཏུ་ཕྱིན།

04.jpg

གཞོན་ནུ་ལོ་ཆུང་རྣམས་ལ་མིག་གི་དགའ་སྟོན་དང་སེམས་ཀྱི་མྱོང་ཚོར་ཐོབ་ཅིང་རྒྱུད་ལ་ཤེས་བྱ་དང་བསམ་པའི་གོ་རྟོགས་འཕེལ།  གོམ་སྟབས་རྗེས་མར།  ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དོ་དམ་ཨུ་ལྷན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་ད་ཡོད་ཀྱི་ཞིང་ཕྱུགས་ཐོན་ཁུངས་དང་ཚན་ཞིབ་གསར་གཏོད་ཀྱི་ལེགས་ཆ་བསྡུ་སྒྲིལ་གང་ལེགས་བྱས་ཏེ་དུས་བབ་ལ་ཞིབ་དཔྱད་དང་གོ་སྐབས་དམ་འཛིན་བྱས་ནས་མཚོ་སྔོན་པོ་ནོར་གནག་དང་བོད་ལུག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་རྟེན་གཞི།   སྐྱེ་ཁམས་ཞིབ་འཇུག་དང་རིག་པའི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཞིབ་འཇུག་དང་སློབ་སྦྱོང་། གནས་སྐོར་བཅས་གཞི་གཅིག་ཏུ་འདུས་པའི་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་ཕྱོགས་བསྡུས་ལག་ལེན་སྒར་ས་ཧུར་ཐག་གཏོད་རྒྱུ་རེད།


མཉམ་སྤྱོད།