དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

བྱ་སྤྱོད་འདི་དག་ལས་གསང་བ་ཕྱིར་འཆོར་སྲིད་པས་དོགས་ཟོན་བྱ་དགོས།

2024-05-06 08:51:23   |   486

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


གསང་སྲུང་གཏན་འབེབ་དང་འགལ་ཏེ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་ཤོར་དུ་བཅུག་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བའི་ཚོར་སྐྱེན་ཆ་འཕྲིན་ཕྱིར་བཀྲམས་པ། སྒྲིག་འགལ་ངང་ཁ་པར་སོགས་རིག་ནུས་སྒྲིག་ཆས་གསང་འབྲེལ་གཞུང་སྒྲུབ་ཁང་དུ་ཁྱེར་བ་སོགས་ཚང་མ“གསང་ཤོར”བྱ་སྤྱོད་ལ་གཏོགས་པས། ཚང་མས་དོགས་ཟོན་བྱ་དགོས། 

1.jpg

01གསང་སྲུང་གཏན་འབེབས་དང་འགལ་ཏེ་ངག་ཐོག་དང་ཡིག་ཐོག དྲ་ཐོག་སོགས་ནས་རྒྱལ་ཁབ་ཀྱི་གསང་བ་མི་གཞན་ལ་བཤད་པ། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་ལ་རྒོལ་བའི་བཅའ་ཁྲིམས》ནང་།  སྤྱི་དམངས་དང་རྩ་འཛུགས་གང་ཡིན་ཚང་མས་གསང་མྱུལ་ལ་རྒོལ་བའི་བྱ་བར་ཁྲིམས་ལྟར་རྒྱབ་སྐྱོར་དང་གཞོགས་འདེགས་བྱ་དགོས་པ་དང་།  ཤེས་རྟོགས་བྱུང་བའི་རྒྱལ་ཁབ་ཀྱི་གསང་བ་དང་གསང་མྱུལ་ལ་རྒོལ་བའི་བྱ་བའི་གསང་བ་དམ་སྲུང་བྱ་དགོས་པ་གཏན་འབེབས་བྱས་ཡོད།  གསང་མྱུལ་ལ་རྒོལ་བའི་བྱ་བའི་འབྲེལ་ཡོད་ཀྱི་རྒྱལ་ཁབ་གསང་བ་ཕྱིར་བསྒྲགས་ནས་ཉེས་ཚད་ལོན་པའི་རིགས་ལ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་།  ཉེས་ཚད་ལོན་མེད་པའི་རིགས་ལ་རྒྱལ་ཁབ་བདེ་སྲུང་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་པའམ་ཡང་ན་ཉིན་བཅུ་མན་གྱི་སྲིད་འཛིན་བཀག་ཉར་གྱི་ཆད་པ་དང་སྒོར་ཁྲི་གསུམ་མན་གྱི་དངུལ་ཆད་བཅད་ཆོག 

02གསང་འབྲེལ་མི་སྣས་རང་འགུལ་ངང་སྔོན་གྱི་ལས་ཁུངས་ཀྱི་གསང་སྲུང་དུས་བཅད་ནང་གནས་པའི་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ། 

གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་གསང་བ་དམ་སྲུང་བཅའ་ཁྲིམས》ནང་།  གསང་འབྲེལ་མི་སྣས་གསང་གྲོལ་དུས་ཡུན་ནང་།  བྱེད་ཐབས་གང་རུང་སྤྱད་དེ་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་མི་ཆོག་ལ།  གསང་གྲོལ་དུས་ཚད་མཇུག་བསྒྲིལ་རྗེས།  རྒྱལ་ཁབ་ཀྱི་གསང་སྲུང་གཏན་འབེབས་ལ་བརྩི་སྲུང་བྱ་དགོས་ཤིང་།  རྒྱལ་ཁབ་ཀྱི་གསང་བ་ཤེས་རྟོགས་བྱུང་རིགས་ཀྱིས་མུ་མཐུད་དུ་གསང་སྲུང་འོས་འགན་བསྒྲུབ་དགོས། 

03སྒྲིག་འགལ་ངང་ལག་ཁྱེར་ཁ་པར་གསང་འབྲེལ་གཞུང་ལས་ཁང་དུ་ཁྱེར་བར་མ་ཟད། གསང་འབྲེལ་ཆ་འཕྲིན་ལ་པར་བརྒྱབ་ནས་མི་གཞན་ལ་བསྐུར་བ། 

གསང་འབྲེལ་ལས་བྱེད་མི་སྣས་གསང་སྲུང་སྒྲིག་སྲོལ་ལམ་ལུགས་ལ་བརྩི་སྲུང་ནན་མོ་བྱས་ཏེ། སྤྱི་ཚོགས་འབྲེལ་འདྲིས་མཉེན་ཆས་ཀྱི་མངོན་མེད་ཉེན་ཁར་དོ་སྣང་དང་། ལག་ཁྱེར་ཁ་པར་སོགས་རིག་ནུས་གློག་རྡུལ་འཕྲུལ་ཆས་སྤྱད་དེ་གསང་འབྲེལ་ཡིག་ཆར་བརྙན་པར་ལེན་པ་དང་གསོག་ཉར་བྱེད་པ། ལག་ཁྱེར་ཁ་པར་སོགས་རིག་ནུས་གློག་རྡུལ་འཕྲུལ་ཆས་གསང་འབྲེལ་གནས་ཡུལ་དུ་འཁྱེར་བ། གསང་འབྲེལ་ཆ་འཕྲིན་བརྒྱུད་བསྐུར་བྱེད་པ་སོགས་གཏན་ནས་བྱ་མི་རུང་། 


མཉམ་སྤྱོད།