དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་དུ་ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས་ལོ10ཡི་སྔོན་དང་བསྡུར་ན1400ལྷག་འཕར་འདུག

2024-05-06 09:34:18   |   1773

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང་།


ཉེ་ལམ། མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་ཁྱབ་བསྒྲགས་བྱས་པ་ལྟར་ན།  2022ལོ་ནས་བཟུང་མཚོ་སྔོན་གྱིས་མ་ལག་ལྡན་པའི་ངང་ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས་ཞིབ་བཤེར་དང་རྗེས་འདེད་ཞིབ་འཇུག་བྱས་པ་ལྟར་ན།  ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས2600ལྷག་ལ་སླེབས་ཡོད་པ་དང་།  དེ་ལོ10ཡི་སྔོན་དང་བསྡུར་ན1400འཕར་སྣོན་བྱུང་ཡོད་པ་རེད། 

640.jpg

ཁྲུང་ཁྲུང་ལ་སའི་གོ་ལའི་སྟེང་ལོ་ངོ་ཁྲི་ཡན་གྱི་འཚོ་གནས་ལོ་རྒྱུས་ཡོད་ཅིང་།  འཛམ་གླིང་ཧྲིལ་བོར་ད་སྐབས་ཁྲུང་ཁྲུང་རིགས15ཡོད།  དེ་ལས་ཀྲུང་གོར་ཁྱབ་པའི་ཁྲུང་ཁྲུང་གི་རིགས་ལ་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་དཀར།  ཁྲུང་ཁྲུང་དཀར་མོ།  ཁྲུང་ཁྲུང་སྐྱ་བོ་སོགས་རིགས9ཡོད་པ་དང་།  དེའི་ཁྲོད་ནས་ཁྲུང་ཁྲུང་སྐེ་ནག་ནི་མིག་སྔའི་འཛམ་གླིང་གི་ཁྲུང་ཁྲུང་རིགས15ལས་ཚེ་གང་བོར་མདོ་དབུས་མཐོ་སྒང་རླན་ས་རུ་འཚོ་བ་རོལ་ཞིང་རྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་རིགས་གཅིག་པུ་དེ་ཡིན།  གཙོ་ཆེར་མཚོ་འཕགས་སྨི2500ནས5000ཡོད་པའི་མཐོ་སྒང་གི་ན་འདམ་དུ་འཚོ་ལ།  ཀྲུང་གོ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན།   

ངོ་སྤྲོད་བྱས་པ་ལྟར་ན།  འཛམ་གླིང་གི་ཁྱབ་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་གི་ཁ་གྲངས་བསྡོམས་པས17000ཡོད་ལ། དེ་ལས98%རང་རྒྱལ་དུ་ཁྱབ་ཡོད་པས།  ཀྲུང་གོའི་དམིགས་བསལ་གྱི་བྱ་རིགས་སུ་ངོས་འཛིན་བྱེད། དེ་དག་གཙོ་བོ་ཀྲུང་གོའི་མདོ་དབུས་མཐོ་སྒང་དང་ཡུན་ཀུའེ་མཐོ་སྒང་དུ་ཁྱབ་ཡོད་ལ། མཐོ་སྒང་རླན་སའི་སྐྱེ་ཁམས་མ་ལག་གི་སྣེ་འདྲེན་དངོས་རིགས་ཡིན་པར་མ་ཟད།  སྐྱེ་ཁམས་ཁོར་ཡུག་གི་འགྱུར་ལྡོག་མཚོན་པའི“རླུང་ཕྱོགས་སྟོན་རྟགས”ཀྱང་ཡིན། 

མཚོ་སྔོན་ཞིང་ཆེན་ནགས་ཚལ་དང་རྩྭ་ཐང་ཅུས་སྤྱིའི་བཟོ་སྐྲུན་པ་ཐེན་ཅན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ནི་ཡ་གླིང་ཤར་མ་ནས་ཨོ་སི་ཁྲུ་རི་སི་ཡ་དང་ཡ་གླིང་དབུས་མ་གཉིས་ཀྱི་བྱ་རིགས་གནས་སྤོའི་ལམ་ཐིག་སྟེང་ཁེལ་ཡོད་པས། ས་ཁམས་གནས་བབས་ཁྱད་དུ་འཕགས་ལ་ཆུ་བྱའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། འདབ་ཆགས་ཀྱི་སྡེ22དང་ཚན73རིགས532བཅས་ཡོད་ལ། 2018ལོ་དང་བསྡུར་ན་རིགས100འཕར་སྣོན་བྱུང་ཡོད། དུས་བྱ་རིགས380ཡོད་པ་དང་། དེའི་ཁྲོད་དུ་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་བྱ་རིགས27ཡོད་པའི་ཁར་རིགས་གསར་བ1སྟེ་ཤར་ཕྱོགས་ཁྲུང་དཀར་གསར་སྣོན་བྱུང་ཡོད།  རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོབ་བྱ་རིགས81ཡོད་པ་དེ89རུ་འཕར་ཞིང་ངང་ཁྲུང་གྭ་བ་དང་ཁེམ་བྱ་སོགས་གསར་སྣོན་བྱུང་ཡོད། 

ཉེ་བའི་ལོ་འདི་དག་ལ། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་བསྟུན་ནས། འདི་གར་གནས་སྤོ་བའི་འདབ་ཆགས་ཀྱི་ཁ་གྲངས་དང་རིགས་རྒྱུན་མཐུད་ངང་འཕར་སྣོན་བྱུང་བ་དང་། མང་ཚོགས་ཀྱིས་བྱ་རིགས་སོགས་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཀྱང་རྒྱུན་ཆད་མེད་པར་ཇེ་མཐོར་ཕྱིན་ཡོད།


མཉམ་སྤྱོད།